རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་ཐེབས་རྩ་ཚོགས་པས་རིམ་པ་བརྗེ་བའི་འདེམས་བསྐོ་ཚོགས་ཆེན་བསྡུས་པ།

ཟླ8པའི་ཚེས12ཉིན། རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་རིམ་པ་་བརྗེ་བའི་འདེམས་བསྐོ་ཚོགས་ཆེན་ཟི་ལིང་ནས་འཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཐུང་ཏེ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅའེ་གྲོས་ཚོགས་སུ་ཞུགས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། གྲོས་ཚོགས་ཐོག་སྟག་འབུམ་རྒྱལ་ལས་འཛིན་འགོ་གཙོ་དང་། ལིའུ་ཝེ་མིན། ཝང་ཅུས་ཆིང་། དཀོན་མཆོག་བཅས་ལས་འཛིན་གཞོན་པར་བསྐོས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་གྱིས་རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་དོན་ལ་བླང་བྱ་བཏོན།  རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་ཐེབས་རྩ་ཚོགས་པ་ནི་རང་ཞིང་གིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་སྐུལ་སྤེལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས།  སྐབས་གསར་པའི་ལས་འཛིན་ལྷན་ཚོགས་དང་། ལས་འཛིན་ལྟ་སྐུལ་ལྷན་ཚོགས། ཆེད་མཁས་བློ་འདྲི་ཨུ་ལྷན་བཅས་ཀྱིས་འབད་འབུངས་ཀྱི་སྲོལ་རྒྱུན་དར་སྤེལ་དང་། གཟི་བརྗིད་ཆེན་པོ་བརྩོན་ལེན་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་འོག   ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་།  ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། “སྤུས་ལེགས་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ།  ཚོགས་འདུ་གཉེར་བའི་དགོངས་དོན་རྒྱུན་འཁྱོངས་དང་། སྤྱི་ཚོགས་སྟོབས་ཤུགས་གཅིག་བསྡུས། དམིགས་བསལ་ནུས་པ་འདོན་སྤེལ་བཅས་སྤྱི་ཚོགས་ཀྱི་སྤྱི་པའི་བློ་རྟོན་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་སུ་བཏང་ནས། རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་བྱ་གཞག་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་ལ་ལག་རྗེས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

ཐིན་ཅིན་ཁྲེང་གིས་གཏམ་བཤད་ཁྲོད།  རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་ཐེབས་རྩ་ཚོགས་པ་བཙུགས་ཚུན་ལ། ཕྱོགས་སོ་སོའི་སྤྱི་མཐུན་གྱི་ལྟ་བ་གཅིག་བསྡུས་དང་འབྲེལ་ལམ་སྐུལ་སྤེལ། སྣོད་བཅུད་སྲུང་སྐྱོང་མཉམ་བསྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་ལ་སོགས་ཀྱི་ཕྱོགས་སུ་འབད་པ་ལྷུར་ལེན་བྱས་ཏེ། རང་ཞིང་གི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་བསྐྲུན་གྱི་ལས་ལ་ནུས་པ་གལ་ཆེན་བཏོན་ཡོད།  རེ་བ་ནི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་མཐོ་ས་ནས་འགྲེང་སྟེ། རྒྱལ་ཡོངས་ལས་མཚོ་སྔོན་གྱི་སྣོད་བཅུད་གོ་གནས་གལ་ཆེན་ག་འདྲ་ཞིག་ཡིན་པར་ངོས་ཟིན་གང་ལེགས་དང་།   སྤྱི་ཡོངས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་ལྟ་བའི་ཕྱོགས་ནས་ལས་ཀར་སྐུལ་སྤེལ་ལ་ཇུས་འདོན་གྱིས་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་དར་སྤེལ་ཐད་འདེགས་སྐྱོར་གྱི་འགན་སྲུང་བརྟན་པོ་ཞིག་འདོན་པར་ཧུར་བརྩོན་བྱ་དགོས།   སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱས་ཏེ།  རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་བྱེད་པའི་དམིགས་འབེན་གཙོ་བོ་དང་། སྤྱི་ཕན་ཡིད་རྟོན་མངག་བཅོལ་རྩ་དོན་བཅས་སུ་བཟུང་སྟེ།  རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་ལ་ཐེབས་རྩ་ཡི་ཕན་འབྲས་དངོས་ཐོན་པར་སྐུལ་སྤེལ་བྱ་དགོས།  སྤྱི་ཚོགས་ནང་ཞུགས་རྒྱ་བསྐྱེད་དང་། དྲིལ་སྒྲོག་གི་ཐད་ནས་ནུས་ཤུགས་མུ་མཐུད་བཏོན་ཏེ།  སྤྱི་ཚོགས་ཀྱི་ཤེས་ཚོད་དང་སྙན་གྲགས་ཇེ་ཆར་བཏང་ནས་སྤྱི་ཚོགས་ཀྱི་ཚོགས་པ་དང་། ཁེ་ལས། སྤྱི་དམངས་སྔར་ལས་མང་པོ་རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོང་དང་རང་ཞིང་གི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཁྲོད་ཅི་ནུས་སྒོས་བསུ་འགུག་བྱ་དགོས་ཞེས་བསྟན།

ལོ་ཙཱ་བ། ཁོན་ཐར་འཚོ།