སྐྱེ་ཁམས་ཁོར་ཡུག་པུས་རྒྱལ་ཡོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁུལ་དུ་ལྟ་ཞིབ་བྱས་ནས་འཐུང་ཆུའི་ཆུ་འགོའི་བདེ་འཇགས་འགན་སྲུང་བྱས་པ།

སྐྱེ་ཁམས་ཁོར་ཡུག་པུས་སྤྱི་ཚེས་༢༠ཉིན་རྒྱལ་ཡོངས་སུ་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་རེས་འཁོར་དང་པོའི་ལྟ་ཞིབ་བྱེད་འགོ་ཚུགས་ཡོད་པ་དང། དེས་ཆུ་འགོའི་སྲུང་སྐྱོབ་ཁུལ་༡༥༨༦དབྱེ་བ་འབྱེད་རྒྱུ་དང་།ཁྲིམས་འགལ་གནད་དོན་གཙང་སེལ་ལེགས་སྒྲིག་སོགས་གཙོ་གནད་གནད་དོན་ཐད་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད།

སྐྱེ་ཁམས་ཁོར་ཡུག་པུའུ་དང་ཆུ་བེད་པུས་མཉམ་འབྲེལ་ཐོག་སྒྲིག་བཟོ་བྱས་པའི་རྒྱལ་ཡོངས་ཀྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་སྤྱོད་ཇུས་གཞིའི་བླང་བྱར་གཞིགས་ནས།ས་གནས་ཁག་གིས་རང་མངའ་ཁོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གནད་དོན་རིམ་བཤེར་ལེགས་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་ཀྱི་ཡོད་པ་དང་། མིག་སྔའི་བར། ཞིང་ཆེན་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་བྱ་སྤྱོད་ཇུས་གཞིའི་བླང་བྱར་གཞིགས་ནས་གནད་དོན་རིམ་བཤེར་བྱས་ཡོད་པ་མ་ཟད་གནད་དོན་གྱི་གསལ་ཐོ་དང་ལེགས་སྒྲིག་འཕེལ་རིམ་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད།