རྩེ་ཁོག་རྫོང་གིས2018 ལོའི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་ཚོགས་འདུ་བསྡུས་པ།

རྩེ་ཁོག་རྫོང་གིས་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་རྣམ་པས་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་བྱ་བར་གནང་བའི་བསྟན་དོན་ལག་ལེན་ཡང་དག་བྱ་ཆེད། ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་སྒྲིག་གཞི་གསར་གཏོད་དང་།ལམ་ཕྱོགས་གསར་གཏོད། ཐབས་ཤེས་གསར་གཏོད། མ་ལག་རང་བཞིན་གྱི་དོ་དམ་དང་ཐོན་སྐྱེད་དོ་དམ་མཉམ་གནས་ཐུབ་པར་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ་རྫོང་ཡོངས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོར་འདེགས་དང་བྱང་ཚད་ཇེ་ལེགས་སུ་འགྲོ་བར་རྨང་གཞི་ཡག་པོ་བཏིངས། 

 ཉེ་ལམ་རྫོང་ཟས་རིགས་བདེ་ལགས་དོ་དམ་ལས་ཁུངས་ཀྱིས་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་སྐོར་གྱི་ཚོགས་འདུ་དེ་རྫོང་སྲིད་གཞུང་གི་ཐོག་ཁང་གསུམ་པ་རུ་བསྡུས།ཚོགས་འདུར་ཞུགས་མཁན་ལ་རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་གྱི་ཀྲུའུ་རིན་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གསང་བདག  རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རིན། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་རྡོ་རྗེ་བཀྲ་ཤིས། སྲིད་གཞུང་གི་གཞུང་ལས་ཁང་། སློབ་གསོ་ཅུའུ། འཕྲོད་བསྟེན་བུ་བཙའ་ཅུའུ། ཚོང་འགྲིམ་བརྡ་འཕྲིན་ཅན་དང་སྡོད་ཁང་གྲོང་ཚོ་འཛུགས་སྐྲུན་ཅུའུ། ཞིང་ཕྱུགས་ཚན་རྩལ་ཅུའུ། སྤྱི་བདེ་ཅུའུ། བཅོས་སྒྱུར་ཅུའུ། ནོར་སྲིད་ཅུའུ། རྒྱལ་ཁོངས་ཐོན་ཁུངས་དང་ཁོར་སྲུང་ནགས་ལས་ཅུའུ། རིག་གནས། ལུས་རྩལ། རྒྱང་སྒྲོག གློག་འཕྲིན། ཡུལ་སྐོར་ཅུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། དེ་མིན་ཡུལ་ཚོའི་སོ་སོའི་སྲིད་གཞུང་མགོ་ཁྲིད་བཅས་ཀྱི་འགན་འཛིན་བློ་མཐུན་བཅས་ཁྱོན་བསྡོམས་མི38ལྷག་གྲོས་ཚོགས་སུ་ཞུགས་ཡོད། ཐེངས་འདིའི་ཚོགས་འདུ་རྫོང་སྲིད་གཞུང་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རིན། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་རྡོ་རྗེ་བཀྲ་ཤིས་གཉིས་ཀྱིས་འགན་བཞེས་ཏེ་གཙོ་སྐྱོང་བྱས་ཡོད།


 
རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་གྱི་ཀྲུའུ་རིན་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གསང་བདག  །

ཐོག་མར། ཁུལ་དཔོན་ཆོ་ཞེ་ཀྲི་དང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཧྥུའུ་ཆོན། ཧྲུའུ་ཅུ་ཝང་ཀྲིན་ཁྲང་རྣམ་པས་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་ཐད་ནས་འགན་འཁྲི་དང་རེ་བ་བཏོན། དེར་མཐུད་དེ་རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་རྡོ་རྗེ་བཀྲ་ཤིས་གཉིས་ཀྱིས་རྫོང་སྲིད་གཞུང་གི་ཚབ་བགྱིས་ཏེ2017ལོའི་རྫོང་ཡོངས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་བྱ་བའི་སྤྱི་སྡོམ་དང 2018ལོའི་བྱ་བའི་འཆར་འགོད་སྐོར་གཏམ་བཤད་གནང་། སྤྱི་ཡོངས་སུ་ཕྱོགས11གི་ངོས་ནས 2017 ལོའི་བྱ་བཞག་གལ་ཆེན་དག་ལ་སྤྱི་སྡོམ་བྱས་པ་དང་།ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ནུས་ཤུགས་ཞན་པ་དང་། ཐབས་ཤེས་རྗེས་ལུས་ཡིན་པ། བྱ་བ་རྒྱུན་འབྱམས་ཅན་དུ་བསྒྱུར་བའི་ཐབས་བཀོད་སོགས་ཕྱོགས་གསུམ་གྱི་སྒོ་ནས་ནན་བཤད་དང་མིག་སྔར་གྱི་གནད་དོན་དང་མི་འདང་བའི་ཆར་དཔྱད་བརྗོད་སྤེལ།

  ཟས་རིགས་བདེ་འཇགས་དང་སྨན་རྫས། ནད་བཅོས་འཕྲུལ་ཆས་ཀྱི་བདེ་འཇགས། ཁམས་གསོ་ཟས་རིགས། ཕྱུགས་རྫས་བདེ་འཇགས་བཅས་ཕྱོགས་གསུམ་གྱི་ཐད་ནས་ཡོངས་ཁྱབ་སྒོས་བྱ་བའི་ལམ་ཕྱོགས་བསྟན་པ་དང་། 2018ལོའི་བྱ་བར་ཕྱོགས་ཡོངས་ནས་འཆར་འགོད་གནང་།རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ།རྫོང་དཔོན་གཞོན་པ་བློ་མཐུན་གསང་བདག་དང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་གྱི་ཚོགས་མི་དང་།སློབ་གསོ་ཅུའུ། འཕྲོད་བསྟེན་བུ་བཙའ་ཅུའུ། ཚོང་འགྲིམ་བརྡ་འཕྲིན་ཅན་དང་སྡོད་ཁང་གྲོང་ཚོ་འཛུགས་སྐྲུན་ཅུའུ། ཞིང་ཕྱུགས་ཚན་རྩལ་ཅུའུ། ཞང་སོ་སོའི་ལས་འཛིན་མི་སྣ་དག་གིས་མཉམ་དུ2018ལོའི་ཟས་རིགས་དང་སྨན་རྫས་བདེ་འཇགས་བྱ་བའི་དམིགས་འབེན་འགན་འཁྲི་ལ་མིང་རྟགས་བཀོད།

 མཇུག་མཐར།  རྫོང་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དང་རྫོང་དཔོན་གཞོན་པ་བློ་མཐུན་གསང་བདག་གཉིས་ནས་གསུང་བཤད་གནང་།       གསུང་བཤད་དུ2017 ལོའི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་གྲུབ་འབྲས་ཐད་ལ་གདེང་འཇོག་ཚད་མཐོན་པོར་གནང་བ་མ་ཟད།  རྣམ་པ་གསར་བའི་འོག་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དང་།རང་རྫོང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་བྱ་བའི་འགན་འཁྲི་རང་བཞིན་ལ་བྱེ་བྲག་གི་རེ་འདུན་བཏོན།  

རྫོང་དཔོན་གཞོན་པ་གསང་བདག་གི་གལ་ཆེའི་གཏམ་བཤད་ལ་དགོངས་པ་ཟབ་མོ་ལྡན་ཞིང་། ཕྱོགས་ཡོངས་ནས་ཞིང་ཆེན་དང་ཁུལ་རིམ་པས་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཐད་འཛིན་པའི་ལྟ་བ་མངོན་པའི་ཁྱད་ཆོས་ལྡན།དེ་ཉིད་རང་རྫོང་གི་གནས་བབས་དངོས་དང་མཐུན་ལ།གཞུང་ལུགས་ཀྱི་རང་བཞིན་དང་ལག་ལེན་གྱི་ཛརང་བཞིན། གནད་འཛིན་གྱི་རང་བཞིན།ཕྱོགས་སྟོན་གྱི་རང་བཞིན་བཅས་ལྡན་ནོ། །དེང་ཕྱིན་གྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོ་དམ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་གལ་ཆེའི་མཛུབ་སྟོན་གྱི་དོན་སྙིང་ལྡན་ལ།ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་། ཉམས་ལེན།ལག་ལེན་བྱས་ཏེ་ཕྱོགས་ཡོངས་ནས་ལྟ་སྐུལ་བཟང་བའི་བྱང་ཚད་མཐོར་འདེགས་གཏོང་དགོས།

གསར་འགོད་པ།སྙིང་ལྕགས་བཀྲ་ཤིས།