མཚོ་སྔོན་ཞིང་ཆེན་གཞིས་སྡོད་དཔང་ཡིག་ལག་བསྟར་བྱེད་ཐབས་ཀྱི་དོན་ཚན་ཉི་ཤུ་བར་གཏན་འབེབས་བྱས་པ་ལྟར་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་། དེ་འབྲེལ་སྡེ་ཚན་གྱིས་གཞིས་སྡོད་དཔང་ཡིག་ཐོགས་མཁན་རྣམས་ལ་གཤམ་གྱི་གཞི་རྩའི་སྤྱི་བའི་ཞབས་ཞུ་འདི་དག་འདོན་རྒྱུ་སྟེ།
གཅིག བུ་ཕྲུག་ལ་འོས་འགན་སློབ་གསོ་མྱོང་དུ་འཇུག་ཐུབ།
གཉིས། ལས་ཞུགས་དང་ལས་ཤོར་ཐོ་འགོད་དང་། སྲིད་ཇུས་བློ་འདྲི། ལས་ཞུགས་ཆ་འཕྲིན། ལས་རིགས་ངོ་སྤྲོད། ལས་རིགས་རྩལ་ནུས་ཟབ་སྦྱོང་དང་། གཞི་རྩའི་སྤྱི་བའི་ལས་ཞུགས་ཀྱི་ཞབས་ཞུ་བཅས་འདོན་རྒྱུ།
གསུམ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་དང་འཆར་ལྡན་བུ་སྐྱེས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ།
བཞི། གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པ་དག་གིས་སྡོད་ཁང་གི་གྲབས་གསོག་མ་དངུལ་གྱི་འགན་སྲུང་ཞབས་ཞུ་ལ་སྙན་ཞུ་ཞུས་ཆོག
ལྔ། གཞི་རྩའི་སྤྱི་ཚོགས་ཉེན་འགོག་འགན་ལ་བཅོལ་ནང་ཁྲིམས་བཞིན་དུ་ཞུགས་ཆོག
དྲུག སྤྱི་གཞུང་རིག་གནས་དང་ལུས་རྩལ་ཞབས་ཞུ་འདོན་རྒྱུ།
བདུན། ཁྲིམས་ཀྱི་རོགས་རམ་དང་ཁྲིམས་གཞན་པའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག།
བརྒྱད། གཏན་འབེབས་ནང་བཞིན་སྡོད་ཡུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་བཏོན་པའི་རྒན་པའི་རྣམ་པ་གང་རུང་གི་དཔལ་འབྱོར་ཁ་གསབ་དང་། སྔོན་ལ་གཟིགས་སྐྱོང་དང་སྟབས་བདེ་ཡོང་བའི་ཞབས་ཞུ་ལ་སོགས་ཅི་དགར་ལོངས་སུ་སྤྱོད་ཐུབ།
དགུ གཏན་འབེབས་ནང་བཞིན་དུ་ཡུལ་དེ་གའི་གཟི་བརྗིད་མཚན་སྙན་གང་རུང་གི་འདེམ་བསྐོ་ནང་ཞུགས་ཆོག་པ་མ་ཟད་བབ་བསྟུན་གྱི་ཐོབ་ཐང་ལེན་ཆོག
བཅུ། གཞིས་སྡོད་དཔང་ཡིག་བླངས་པའི་ལོ་གསུམ་ཡན་གྱི་རྒན་པས་བློ་ཡུལ་འདས་པའི་རྨས་སྐྱོན་འགན་སྲུང་ཉོས་པའི་སྲིད་གཞུང་གི་ཁ་གསབ་རག་ཐུབ།
བཅུ་གཅིག གཞི་རྩའི་འཚོ་བར་གནས་སྐབས་སུ་དཀའ་ངལ་ཆེན་པོ་བྱུང་ཡོད་པའམ་དམིགས་བསལ་གྱི་དཀའ་ངལ་གཞན་འཕྲད་པའི་ཁྱིམ་ཚང་ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཡོང་།
བཅུ་གཉིས། གཏན་འབེབས་ནང་བཞིན་དུ་ཆ་རྐྱེན་དང་མཐུན་ཚེ་གཞི་རྩའི་པུར་སྐྱེལ་ཞབས་ཞུའི་གྲོན་དངུལ་མི་དགོས་པར་སྙན་ཞུ་ཞུས་ཆོག
བཅུ་གསུམ། རྒྱལ་ཁབ་དང་སྡོད་ཡུལ་གྱི་མི་དམངས་སྲིད་གཞུང་གི་གཏན་ལ་ཕབ་པའི་སྤྱི་བའི་ཞབས་ཞུ་གཞན་དག་ལོངས་སུ་སྤྱོད་ཐུབ།