མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

  མཚོ་སྲིད་གཞུང་ལས་ཐིན〔2017〕ཡིག་ཨང16པ།

  གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

  ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་དང་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ནས། ད་ལྟ་རང་ཞིང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་གྱི་ལག་བསྟར་བསམ་འཆར་འགའ་བཏོན་པ་གཤམ་གསལ་ལྟར།

  གཅིག སྤྱིའི་བླང་བྱ།

  (གཅིག) མཛུབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། གོང་སྤེལ་གྱི་འདུ་ཤེས་གསར་བ་སྲ་བརྟན་དུ་གཏོང་བ། མཚོ་སྔོན་སྐྱོང་བའི་རིག་ལམ་གསར་བ “འགྱུར་ལྡོག་བཞི” རྒྱུན་འཁྱོངས་དང་། རོང་འབྲོག་པའི་ཡོང་འབབ་ཀྱི་འཕར་ཚད་གཙོ་གནད་དུ་འཛིན་པ། “ཤར་ཁུལ་གྱི་སྟར་བུ” དང“ནུབ་ཁུལ་གྱི་འཕང་འབྲས”། “ལྷོ་ཁུལ་གྱི་བོད་ཇ་དང་རྨ་ཙོང་གི་སིལ་ཏོག”སོགས་ནགས་ཚལ་གྱི་ཐོན་ལས་གོང་སྤེལ་འཐབ་ཇུས་ཟབ་སྤེལ་བྱས་ནས་སྐྱེ་ལྡན་འཕང་འབྲས་དེ་ས་ཁོངས་ཅན་གྱི་བཀོད་སྒྲིག་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས། ཚད་ལྡན་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་བདག་གཉེར་བཅས་ཇེ་མགྱོགས་སུ་གཏོང་བ། ཐོན་རྫས་གྲགས་ཅན་འཐབ་ཇུས་ཤུགས་ཆེན་གྱིས་སྐུལ་འདེབས་གཏོང་བ་དང་། ཐོན་ལས་འབྲེལ་ཐག་མཆེད་སྐྱེད་དུ་གཏོང་བ་དང་རིན་ཐང་སྦྲེལ་ཐག་གོང་དུ་སྤེལ་བ། སྐྱེ་ལྡན་འཕངས་འབྲས་ཀྱི་ཐོན་ལས་སྔར་ལས་ལྷག་པས་རྒྱ་སྟོབས་ཆེ་རུ་བཏང་ནས་རང་ཞིང་རྒྱལ་ཡོངས་ནས་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་དང་། ལས་སྣོན་ཞིབ་ཚགས། ཕྱི་གཏོང་བརྟེན་གཞི་སྐྲུན་པར་ཧུར་ཐག་བྱ་དགོས།

  (གཉིས)འཕེལ་རྒྱས་ཀྱི་དམིགས་འབེན། 2020ལོར་སླེབས་དུས། ཚྭ་འདམ་གཞོང་དང་གུང་ཧོ་གཞོང་དུ་མིའི་ཐབས་ཀྱིས་འཕང་འབྲས་རྟེན་གཞི་མུའུ་ཁྲི70འཛུགས་སྐྲུན་བྱེད་རྒྱུ་དང། དེའི་ཁྲོད་ཚད་ལྡན་ཅན་གྱི་སྐྱེ་ལྡན་འཕང་འབྲས་རྟེན་གཞི་མུའུ་ཁྲི30དང་ཚད་ལྡན་ཅན་གྱིི་དཔེ་སྟོན་རྟེན་གཞི་མུའུ་ཁྲི10ཡོད། སྐྱེ་ལྡན་འཕང་འབྲས་ཀྱི་སིལ་སྐམ་ལོ་རེར་ཐོན་ཚད་ཏུན་ཁྲི15ཡན་ལ་བསླེབ་དགོས་པ་དང་སིལ་སྐམ་ལས་སྣོན་གྱི་བསྒྱུར་ཚད60%ཡན་བསླེབ་དགོས། མངོན་འགྱུར་བྱུང་བའི་ཐོན་འབབ་སྒོར་དུང་ཕྱུར100ཡི་ཡན་ལ་བསླེབ་པར་བྱ་དགོས།

 གཉིས། ལས་འགན་གཙོ་གནད།

 (གསུམ)རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཆུ་དང་ས་གཤིས་སོགས་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཀྱི་ཆ་རྐྱེན་ལ་གཟབ་ནན་བྱས་ཏེ་སྐྱེ་ལྡན་འཕང་འབྲས་ཀྱི་རྟེན་གཞི་དེ་གཅིག་སྡུད་མུ་འབྲེལ་སྒོས་འཛུགས་སྐྲུན་བྱ་དགོས། སྐྱེ་ལྡན་འཕང་འབྲས་རྟེན་གཞི་ལེགས་གྲུབ་བྱུང་ཡོད་པ་དེར་སྐྱེ་ལྡན་འཕང་འབྲས་རྟེན་གཞི་འཛུགས་སྐྲུན་གྱི་ཚད་གཞི་ལྟར་སྤུས་ཚད་མཐོར་འདེགས་དང་བསྒྱུར་བཀོད་བྱེད་པར་གཟབ་ནན་བྱེད་དགོས། ཧུར་ཐག་སྒོས་ཚྭ་འདམ་གཞོང་གི་འཕང་འབྲས་ཐོན་ལས་དེ་ཁྱུ་ཚོགས་ཀྱིས་འཛུགས་སྐྲུན་བྱེད་པར་སྐུ་འདེད་དང་། ཏུའུ་ལན་རྫོང་གི་ནོ་མོའུ་ཧོང་འཕང་འབྲས་ཀྱི་ཐོན་ལས་འདུས་ཁུལ་དང་གཏེར་ལེན་ཁ་གྲོང་ཁྱེར་ཀྱི་ལྗང་མདོག་སྐྱེ་དངོས་ཀྱི་ཐོན་ལས་འདུས་ཁུལ། གུང་ཧོ་རྫོང་གི་འཕང་འབྲས་ཀྱི་ཐོན་ལས་འདུས་ཁུལ་དང་ན་གོར་མོའི“རྒྱལ་ཁབ་ཀྱི་ཕྱིར་གཏོང་ཟས་རིགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་བདེ་འཇགས་དཔེ་སྟོན་ས་ཁུལ”བཅས་ལ་རྟེན་ནས་ཐོན་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་གནས་ཁྲིད་དང་སྐུལ་སྤེལ་བྱ་དགོས། མཚོ་ནུབ་ས་ཁུལ་དུ་ཞིང་ལས་ཚད་ལྡན་ཀྱི་ངོས་འཛིན་(GAP)དཔེ་སྟོན་ས་ཁུལ་སྤུས་ལེགས་གསར་སྐྲུན་བྱེད་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་དུ་སྐྱེ་ལྡན་འཕང་འབྲས་སོན་མྱུག་གི་རྟེན་གཞི་འཛུགས་སྐྲུན་བྱ་དགོས། འཕང་འབྲས་རྟེན་གཞིའི་ཆུ་དང་གློག ལམ། འགོག་སྲུང་ནགས་རྒྱུད་བཅས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། མཚོ་སྔོན་རྒྱལ་མཚམས་ཀྱི་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན།)

 (བཞི།) ཚད་ལྡན་ཅན་གྱི་ཐོན་སྐྱེད་སྐུལ་སྤེལ་བྱེད་པ། སྐྱེ་ལྡན་འཕང་འབྲས་ཀྱི་ཚད་ལྡན་གསར་གཏོད་འཕེལ་རྒྱས་ཇེ་དྲག་ཏུ་བཏང་ནས་སྐྱེ་ལྡན་འཕང་འབྲས་ཚད་ལྡན་ཅན་གྱི་ཐོན་སྐྱེད་སྒོ་ཀུན་ནས་དོན་ཐོག་ཏུ་འཁྱོལ་དགོས། གོམ་གང་མདུན་སྤོས་ཀྱིསォསྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཀྱི་རྟེན་གཞི་སྐྲུན་པའི་ཚད་ལྡན་ལག་རྩལサ(DB63/T1420・2015)དང་ォསྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཀྱི་ཚད་ལྡན་ལག་རྩལサ(DB63/T1424・2015)འཐུས་ཚང་དུ་བཏང་ནས་སྐྱེ་ལྡན་འཕང་འབྲས་རྟེན་གཞི་སྐྲུན་པའི་ཚད་གཞི་གཏན་འབེབས་བྱེད་དགོས། སྐྱེ་ལྡན་འཕང་འབྲས་ཀྱི་སྨྱུག་གསོ་དང་འདེབས་འཛུགས། གནོད་ལྡན་སྐྱེ་དངོས་སྔོན་འགོག བདག་གཉེར་དོ་དམ། འཐུ་བ་དང་གསོག་ཉར། ལས་སྣོན། བརྟག་ཞིབ་སོགས་ཚད་ལྡན་ཅན་གྱི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་ཀྱི་ལག་རྩལ་སྒྲིག་སྲོལ་དང་སྤུས་ཚད་ཚད་གཞི། སྤུས་ཚད་བཤེར་འཇལ་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། འཕང་འབྲས་ལ་སྤྱི་གནོད་མེད་པ་དང་སྐྱེ་ལྡན་ཅན། ཚད་ལྡན་ཅན་གྱི་ཐོན་སྐྱེད་དོ་དམ་ལག་རྩལ་བཅས་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་དགོས། འདེབས་འཛུགས་བདག་གཉེར་ཀྱི་དོ་དམ་ཡིག་ཚགས་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ལྡན་ལུད་རྫས་སོགས་ཀྱི་ཐད་ལ་བཏང་བའི་དངོས་རྫས་དེ་གཅིག་གྱུར་གྱིས་བདག་གཉེར་དང་ཚན་རིག་གིས་བཀོད་སྤྱོད་བྱེད་པར་ཇེ་དྲག་ཏུ་བཏང་ནས་འཕང་འབྲས་སྐྱེ་ལྡན་ཐོན་རྫས་ཀྱི་ཚད་གཞི་ཁག་ཐེག་བྱ་དགོས། “ཚན་རིག་ཞིབ་འཇུག་ལས་ཁུངས+ཁེ་ལས+མཉམ་ལས་ཁང+ཞིང་པའི་དུད་ཚང”གི་འཕེལ་སྟངས་གསར་འཛུགས་དང་འཐུང་ཚང་དུ་གཏོངབ་དང་། ཞིབ་འཇུག་གསར་སྤེལ་དང་སྒྱུར་བ། དཔེ་སྟོན། ཁྱབ་གདལ་བཅས་ཀྱི་བདག་གཉེར་བྱེད་སྟངས་ཧུར་ཐག་སྒོས་འཛུགས་སྐྱོང་བྱེད་པ། སྐྱེ་ལྡན་འཕང་འབྲས་ཀྱི་ཚད་གཞི་མ་ལག་དང་མངར་ཆ་མང་འདུས་འཕང་འབྲས་ཐོན་ལས་ཀྱི་ལས་སྣོན་ཚད་གཞི་མ་ལག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ། སྐྱེ་ལྡན་འཕང་འབྲས་ཐོན་ལས་ཚད་གཞི་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། ཞིང་ཆེན་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་རྒྱལ་མཚམས་ཀྱི་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན། )

 (ལྔ) ཚན་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། འཕང་འབྲས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། རི་སྐྱེས་འཕང་འབྲས་ཐོན་ཁུངས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་འཕང་འབྲས་ཀྱི་སོན་རྒྱུད་སྤུས་ལེགས་ཐོན་ཁུངས་ཀྱི་མཛོད་འཛུགས་སྐྲུན་བྱེད་དགོས།

  སྐྱེ་ལྡན་འཕང་འབྲས་ཀྱི་ཚན་རྩལ་གསར་བ་དང་ཐོན་རྫས་གསར་བ། བཟོ་རྩལ་གསར་བ། སྒྲིག་ཆས་གསར་བ་བཅས་ནང་འདྲེན་མགྱོགས་མྱུར་གྱིས་ཁྱབ་གདལ་བྱས་ནས་ཐོན་ལས་འབྲེལ་ཐག་མཆེད་སྐྱེད་དང་ཟུར་བསྣན་རིན་ཐང་མཐོར་འདེགས་སུ་གཏོང་དགོས། མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་ཞིང་ནགས་ཚན་རིག་ལག་རྩལ་སློབ་གླིང་། ཀྲུང་གོའི་ཚན་རིག་གླིང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཅས་ཀྱི་ཤེས་ལྡན་ཅན་དང་ལག་རྩལ་སོགས་ཀྱི་ཁྱད་ཡོན་ལ་རྟེན་ནས། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་ལས་ཁུངས། ཁེ་ལས་བཅས་ཀྱི་ལག་རྩལ་མཉམ་ལས་བྱེད་པར་ཤུགས་སྣོན་བཏང་ནས། སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་འགག་རྩའི་ཚོད་འཛིན་བརྟོལ་དགོས། གཏིང་ཟབ་པའི་སྒོ་ནས“མཐོ་རྩེའི་གསར་གཏོད་པ་འཇོན་པོ་མི་སྟོང་ཕྲག་གི་འཆར་གཞི”དང“ཁུལ་གསུམ”གྱི་ཚན་རྩལ་པའི་ཆེད་དམིགས་འཆར་གཞིར་ལག་བསྟར་བྱ་དགོས། ཆེད་ལས་ལག་རྩལ་འཇོན་པོ་གསོ་སྐྱོང་དང་ནང་འདྲེན་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས། ཆུ་ཚད་མཐོ་བའི་སྐྱེ་ལྡན་འཕང་འབྲས་ཐོན་རྫས་ལ་ཞིབ་འཇུག་དང་ལག་རྩལ་ཁྱབ་སྤེལ། ཐོན་སྐྱེད་དོ་དམ་བཅས་ཀྱི་འཇོན་ཐང་ཅན་དཔུང་སྡེ་སྐོར་ཞིག་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པར་ཇེ་མགྱོགས་སུ་གཏོང་དགོས། དབུ་བཞུགས་ཆེད་མཁས་པའི་ལམ་ལུགས་དང་གྲོང་གསེབ་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས། ལག་རྩལ་ཞབས་ཕྱི་ཁས་ལེན་ལམ་ལུགས་བཅས་འཛུགས་པར་འཚོལ་ཞིབ་བྱས་ནས། ལག་རྩལ་མ་ལག་གི་གསོ་སྤྱོང་ཁྱབ་སྤེལ་དང་སྐྱེ་ལྡན་འདེབས་གསོ་དོ་དམ་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས། གླ་ལེན་ཞབས་ཕྱི་འཚོལ་ཞིབ་བྱས་ནས་ཁྱབ་སྤེལ་དུ་གཏོང་བ། ཁེ་ལས་དང་མཉམ་ལས་ཁང་། ཞིང་དུད་དུ་ཡོད་པའི“ཡུལ་ལུགས་ཀྱི་མཁས་པ”བཅས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས་རྫོང་དང་ཤང་རིམ་པའི་འཕང་འབྲས་ཐོན་ལས་ལག་རྩལ་གྱི་ཞབས་ཕྱི་མཛུབ་སྟོན་ཚན་ཆུང་འཛུགས་པ་དང། ཐོན་སྐྱེད་སྔོན་གྱི་གསོ་སྦྱོང་དང་ཐོན་སྐྱེད་སྐབས་ཀྱི་མཛུབ་སྟོན། ཐོན་སྐྱེད་རྗེས་ཀྱི་ཞབས་ཕྱི་བཅས་འདོན་སྤྲོད་བྱ་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ཚན་རྩལ་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་མི་ཤུགས་ཐོན་ཁོངས་སྤྱི་ཚོགས་འགན་སྲུང་ཅུས་དང་ཞིང་ཆེན་ནགས་ལས་ཐིན། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན།)

 (དྲུག) ཐོན་རྫས་གྲགས་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ། སྐྱེ་ལྡན་འཕང་འབྲས་ཐོན་རྫས་གྲགས་ཅན་གསར་འཛུགས་ཐད་ཚད་གཞི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། “སྐྱེ་ཁམས་སྐྱེ་ལྡན་དང་མཐོ་སྒང་ལྗང་མདོག བདེ་ཐང་གསོ་སྐྱོང”བཅས་ཁྱད་ཆོས་ལྡན་པའི“མཚོ་སྔོན་སྐྱེ་ཁམས་འཕང་འབྲས”ཀྱི་ཐོན་རྫས་གྲགས་ཅན་གསར་བཟོ་བྱེད་པར་ཤུགས་གང་ཡོད་ཕུད་དགོས། སྐྱེ་ལྡན་འཕང་འབྲས་ཐོན་ཡུལ་དཔང་དཔྱད་བྱ་བ་ཁྱབ་སྤེལ་བྱས་ནས། “མཚོ་སྔོན་སྐྱེ་ལྡན་འཕང་འབྲས”དང “མཚོ་སྔོན་སྔར་ཡོད་ཐོན་ཡུལ་གྱི་ཐོན་རྫས”། “སྐྱེ་ཁམས་སྔར་ཡོད་ཐོན་ཡུལ་གྱི་ཐོན་རྫས་སྲུང་སྐྱོང”། “མཚོ་སྔོན་འཕང་འབྲས་ས་ཁམས་རྟགས་མཚན་ར་སྤྲོད་ཚོང་རྟགས”བཅས་ཀྱི་དཔང་དཔྱད་དང་ཐོ་འགོད་སོགས་ཀྱི་བྱ་བ་ཡོངས་འགྲུབ་བྱ་དགོས། རྒྱལ་ཁབ་ཀྱི་དཔང་དཔྱད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཚོད་ལྟ་བྱེད་ཡུལ20ཡི་འཕང་འབྲས་སྐྱེ་ལྡན་དཔང་དཔྱད་ཚོད་ལྟ་བྱ་བར་ནུས་གང་ཡོད་བཏོན་ནས་ལེགས་སྒྲུབ་བྱེད་དགོས། མཚོ་སྔོན་ཞིང་ཆེན་ནགས་ལས་ཐོན་རྫས་སྤུས་ཚད་བཤེར་འཇལ་ལྟེ་གནས་དང་རྒྱལ་ཁབ་རིམ་པའི་མཐོ་སྒང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོད་ལྟ་ཁང་གཙོ་བོ། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང། མཚོ་སྔོན་སློབ་ཆེན་སོགས་བརྟག་བཤེར་ལས་ཁུངས་བཅས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་ཀྱི་སྐྱེ་ལྡན་འཕང་འབྲས་བཤེར་འཇལ་ལྟེ་གནས་སྒྲིག་འཛུགས་བྱེད་པ་དང་། སྐྱེ་ལྡན་འཕང་འབྲས་བརྟག་བཤེར་ལས་ཁུངས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བརྟག་བཤེར་མཇུག་འབྲས་ཁས་ལེན་ཁྱབ་སྒྲོག་བྱེད་པར་བརྩོན་ལེན་བྱས་ནས་སྐྱེ་ལྡན་འཕང་འབྲས་ཀྱི་སྤུས་རིམ་དང་སྤྱི་ཚོགས་སྟེང་གི་མཚན་སྙན་གྲགས་མཐོར་འདེགས་སུ་གཏོང་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་ཅུས། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། མཚོ་སྔོན་གྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན། )

 (བདུན) བདག་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པ། སྐྱེ་ལྡན་འཕང་འབྲས་སྣེ་ཁྲིད་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་། འདེབས་འཛུགས་ཁེ་ལས་ཆེན་པོ་སོགས་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། “ སྣེ་ཁྲིད་ཁེ་ལས+ཆེད་ལས་མཉམ་ལས་ཁང+རྟེན་གཞི+ཞིང་པའི་ཁྱིམ་ཚང”སོགས་ཀྱི་སྣ་མང་བདག་གཉེར་བྱེད་སྟངས་འཕེལ་རྒྱས་སུ་གཏོང་དགོས། སྣེ་ཁྲིད་ཁེ་ལས་ཀྱི་ཁྲིད་ཕྱོགས་སྐུལ་ཁྲིད་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་ལྡན་འཕང་འབྲས་ཀྱི་སྣེ་ཁྲིད་ཁེ་ལས་ཆེར་སྐྱེད་དྲག་སྐྱེད་བཏང་ནས་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྣེ་ཁྲིད་ཁེ་ལས་ཀྱིས་ཐོན་ལས་འདུས་ཁུལ་ཀྱི་རབ་བསྡུས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། སྣེ་ཁྲིད་ཁེ་ལས་ཀྱིས་མཉམ་འབྲེལ་དང་ཟླ་སྒྲིལ། བསྐྱར་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དངོས་ཤུགས་ཇེ་དྲག་ཏུ་གཏོང་བར་བསྟོད་སྐུལ་བྱེད་པ་དང་། གཞི་ཁྱོན་ཁེ་ཕན་འདོན་སྤེལ་བྱས་ནས་སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། སྣེ་ཁྲིད་ཁེ་ལས་དེ་སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གཞིའི་གོ་གནས་ཇེ་དྲག་ཏུ་གཏོང་བ་དང་། སྣེ་ཁྲིད་ཁེ་ལས་ཀྱིས་ཐོན་རྫས་གསར་བར་ཞིབ་འཇུག་གསར་སྤེལ་དང་བཟོ་རྩལ་གསར་བ་གསར་སྤེལ། མིང་རྟགས་གྲགས་ཅན་གསར་བཟོ་བཅས་ལ་རྒྱབ་སྐྱོར་བྱ་དགོས། སིལ་སྐམ་ཕྱིར་བཙོང་གཙོ་བྱས་ཏེ་ཞིབ་ཚགས་ལས་སྣོན་བྱེད་པའི་ཐད་ལ་བསྒྱུར་བ་དང། “གཅིག་རྗེས་གཉིས་མཐུད”ཀྱི་ཐོན་ལས་འབྲེལ་ཐག་དང་རིན་ཐང་སྦྲེལ་ཐག་གཉིས་རྒྱུན་སྲིང་བ་དང་འཛུགས་སྐྱོང་བྱེད་པ། ཐེངས་གསུམ་པའི་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་འགུལ་ནུས་གསར་བའི་འཕེལ་རྒྱས་ཀྱི་གསར་གཏོད་བཅས་ལ་ཤུགས་གང་ཡོད་ཕུད་ནས་སྐུལ་སྤེལ་བྱེད་དགོས། ཁེ་ལས་སོགས་སྤྱི་ཚོགས་ཚོགས་པ་གཏན་ལ་ཕབ་པར་རྒྱབ་སྐྱོར་དང་སྐྱེ་ལྡན་འཕང་འབྲས་ཁེ་ལས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཚོགས་པའི་ཚད་གཞི་རང་བདག་གིས་གཏན་ལ་ཕབ་ནས་ཁྱབ་སྒྲོག་བྱེད་པ་དང་ཚད་གཞི་ཡོད་པའི་འདོན་སྤྲོད་ནུས་པ་ཁ་སྣོན་རྒྱག་དགོས། སྐྱེ་ལྡན་འཕང་འབྲས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་འགུལ་རྣམ་ལྟ་ཞིབ་ཞིབ་དཔྱད་གཏན་འབེབས་ཀྱི་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྣེ་ཁྲིད་ཁྱབ་འགྱེད་ནུས་པ་དངོས་གནས་འདོན་སྤེལ་གང་ལེགས་བྱ་དགོས། སྐྱེ་ལྡན་འཕང་འབྲས་ཀྱི་ཁེ་ལས་ཡིད་རྟོན་མ་ལག་དང་ལས་རིགས་མཐུན་ཚོགས་ཀྱི་རང་གཅུན་མ་ལག་དེ་གསར་འཛུགས་བྱས་ནས་མིང་ཐོ་ནག་པོ་ཕྱིར་འབུད་བྱེད་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་ཅུས། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། མཚོ་སྔོན་གྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན། )

 (བརྒྱད) ཁྲོམ་རའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་རྒྱལ་སྤྱིའི་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ནས་ཟི་ལིང་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། ཏུའུ་ལན་རྫོང་བཅས་ཀྱི་སྐྱེ་ལྡན་འཕང་འབྲས་ཐོན་རྫས་ཀྱི་ཉོ་ཚོང་ཁྲོམ་ར་དང་གློག་རྡུལ་ཚོང་དོན་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ། འཐུས་ཚང་སྒོས“འཕྲིན་འབྲེལ་དྲ་བ”བེད་སྤྱོད་དང་དྲ་ཐོག་ཚོང་གཉེར་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཁྲོམ་ར་སོ་སོའི་གྲུབ་ཆ་གཙོ་བོ་ནི་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་གཙོ་གནད་དང་ས་ཁོངས་གཙོ་གནད་དུ“མཚོ་སྔོན་སྐྱེ་ལྡན་འཕང་འབྲས”ཀྱི་འགྲེམ་འཚོང་སྒེའུ་ཁུང་གསར་འཛུགས་བྱེད་པར་སྐུལ་མ་གཏོང་དགོས། ཕྱིར་གཏོང་འཕང་འབྲས་ཁེ་ལས་དེ་རྒྱལ་ཁབ་ཀྱི“གཅིག་མཚུངས་ལས་རིམ་དང་གཅིག་མཚུངས་ཚད་གཞི་གཅིག་མཚུངས་སྤུས་ཀ”བཅས་སྤྱི་པའི་ཆ་འཕྲིན་ཞབས་ཕྱི་སྟེགས་བུའི་ཁྲོད་ཞུགས་པར་མཛུབ་སྟོན་བྱ་དགོས། ཁ་གཏད་རོགས་སྐྱོར་དང་ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བེད་སྤྱད་ནས་ཞིང་ཆེན་ལས་བརྒལ་བའི་སྐྱེ་ལྡན་འཕང་འབྲས་ཕྱིར་འཚོང་གློག་རྡུལ་ཚོང་རའི་སྟེགས་བུ་འཛུགས་པར་སྐུལ་མ་བཏང་ནས་སྐྱེ་ལྡན་འཕང་འབྲས་ཚོང་རྟགས་ཚོང་བཙོང་དྲ་རྒྱ་མ་ལག་འཛུགས་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་སྐྱེ་ལྡན་འཕང་འབྲས་ཞིབ་བཤེར་ཞུ་བ་དང་སྤྱི་སྒྲོག ཁྲོམ་རར་ཞུགས་ཆོག་ལམ་ལུགས་བཅས་གསར་འཛུགས་བྱས་ཏེ། ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་དགོས། རྡེབ་ཚོང་དང་སིལ་བཙོང། འདྲེན་ཚོང་ལས་དོན་སྒྲུབ་པའི་ཁེ་ལས་དག་ལ་ནན་མོ་སྒོས་ཐོབ་ཐང་ཞིབ་བཤེར་དང་ཡིད་རྟོན་གདེང་འཇོག་བྱ་དགོས། རྫུན་ལྷད་ཞན་གསུམ་དང་སྤུས་ཞན་སྤུས་ལེགས་སུ་བརྫུས་པ། རིན་གོང་གཡོ་ལེན། རིན་གོང་བཅག་ནས་བསྡུ་བ། ངན་སེམས་བཅངས་ནས་འགྲན་རྩོད་བྱེད་པ་བཅས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ཀྱི་རྡུང་རྡེག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། (སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ཚོང་དོན་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་ཅུས། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། ཞིང་ཆེན་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་གྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན། )

 གསུམ། འགན་སྲུང་བྱེད་ཐབས།

 (དགུ) མགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་གཏོང་བ། ཞིང་ཆེན་ནགས་ལས་ཐིན་གྱིས་སྣེ་ཁྲིད་ནས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་བྱ་བའི་འབྲེལ་གཏུག་གྲོས་ཚོགས་ལམ་ལུགས་འཛུགས་པ་དང་། སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་དང་གནས་ཚུལ་ཁྱབ་སྒྲོག མཐུན་སྦྱོར་བྱ་བ། གནད་དོན་ཐག་གཅོད་བཅས་གཅིག་གྱུར་གྱིས་ཇུས་འགོད་བྱེད་དགོས། སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་དམིགས་འབེན་འགན་འཁྲི་ལམ་ལུགས་གསར་འཛུགས་འཐུས་ཚང་དུ་གཏོང་བ། སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་དེ་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་སྲིད་གཞུང། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ལོ་འཁོར་རེའི་དམིགས་འབེན་འགན་འཁྲི་ཞིབ་དཔྱད་ཁྱབ་ཁོངས་སུ་འགོད་དགོས། ཞིང་ཆེན་ནགས་ལས་ཐིན་གྱིས་ལོ་མཇུག་གི་སྔོན་ལ་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་སྒྲིག་བཟོ་འཆར་འགོད་ཡོངས་འགྲུབ་བྱེད་པའི་འགན་ཁུར་དགོས། མཚོ་ནུབ་ཁུལ་སྲིད་གཞུང་གིས་ན་གོར་མོ་གྲོང་ཁྱེད་དང་གཏེར་ལེན་ཁ་གྲོང་ཁྱེར། ཏུའུ་ལན་རྫོང་གི་ནོ་མོ་ཧུང་འཕང་འབྲས་ཐོན་ལས་འདུས་ཁུལ་གྱི་སྤྱི་ཡོངས་ཇུས་འགོད་སྒྲིག་བཟོ་བྱེད་པའི་འགན་ཁུར་དགོས། མཚོ་ལྷོ་ཁུལ་སྲིད་གཞུང་གིས་གུང་ཧོ་རྫོང་གི་འཕང་འབྲས་ཐོན་ལས་འདུས་ཁུལ་གྱི་སྤྱི་ཡོངས་ཇུས་འགོད་སྒྲིག་བཟོ་བྱེད་པའི་འགན་ཁུར་དགོས། ད་ཡོད་འཕང་འབྲས་ཐོན་ལས་མཐུན་ཚོགས་སོ་སོ་སྡེབ་སྒྲིག་བྱས་ནས“མཚོ་སྔོན་ཞིང་ཆེན་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་མནའ་འབྲེལ་ཚོགས་པ”འཛུགས་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་བ་གང་ཡོད་ཀྱིས་མཉམ་ལས་དང་ཟུང་འབྲེལ་དམ་པོ་བྱེད་པ། མཐུན་སྦྱོར་གཅིག་གྱུར། དོན་འཁྱོལ་གནད་དུ་འཛིན་པ་བཅས་བྱ་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། མཚོ་ནུབ་ཁུལ་སྲིད་གཞུང་དང་མཚོ་ལྷོ་ཁུལ་སྲིད་གཞུང་། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་བཅས་ཡིན། )

 (བཅུ) རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། གཅིག་གྱུར་སྡེབ་སྒྲིག་གིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་བཀོལ་སྤྱོད་བྱེད་པ་དང་། མ་དངུལ་བཀོད་སྒྲིག་ལེགས་བསྒྱུར་བྱས་ནས་སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ནོར་སྲིད་མ་འཇོག་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན། ཁེ་ལས་ཀྱི་མ་དངུལ་བསྡུ་བ། མི་སྒེར་མ་རྐང་དུ་ཞུགས་པ་བཅས་སྣ་མང་ཅན་གྱི་དངུལ་འཇོག་རྐྱེན་སྲོལ་འཛུགས་པ་དང་། མ་དངུལ་འཇོག་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་ཁེ་ལས་རང་ཉིད་འཕེལ་རྒྱས་ཀྱི་ནུས་བ་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེ་ས་ཞིང་གི“དབང་གསུམ་སོར་འབྱེད”སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྣེ་ཁྲིད་ཁེ་ལས་དང་ཐུན་མོང་རྩ་འཛུགས། ཐོན་ལས་མཐུན་ཚོགས་བཅས་དང་དེ་མིན་འདེབས་འཛུགས་ཁྱིམ་ཆེན་སོགས་ཐོན་སྐྱེད་བདག་གཉེར་གཙོ་གཞིས་ས་ཞིང་བདག་གཉེར་དབང་ཆ་འཁོར་སྐྱོད་བརྒྱུད་ནས་སྐྱེ་ལྡན་འཕང་འབྲས་རྟེན་གཞིའི་གཞི་ཁྱོན་ཅན་འཕེལ་རྒྱས་སྐུལ་འདེད་གཏོང་བར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཞིང་འཕྲུལ་གསབ་དངུལ་མིང་ཐོ་ནང་བཀོད་ཡོད་པའི་འཕང་འབྲས་ཐོན་ལས་འཕྲུལ་ཆས་སྒྲིག་ཆས་ལ་ཁ་གསབ་བྱེད་དགོས། འཕང་འབྲས་འགན་བཅོལ་ཁྱབ་ཚད་རིམ་བཞིན་རྒྱ་ཇེ་ཆེར་གཏོང་དགོས། འཕང་འབྲས་ནགས་ཚལ་བདག་དབང་གཏའ་བཞག་དངུལ་བུན་ཚོད་ལྟའི་བྱ་བར་སྐུལ་སྤེལ་བྱ་དགོས། (སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་དངུལ་ལོར་བྱ་བའི་གཞུང་ལས་ཁང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། མཚོ་སྔོན་གྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན།)

  (བཅུ་གཅིག) དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་ཤུགས་ཇེ་ཆེར་གཏོང་བ། གསར་འགྱུར་སྨྱན་སྤྱད་བཀོལ་སྤྱོད་གང་ལེགས་བྱས་ནས་རིམ་པ་མང་བ་དང་རྣམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱིས་མཚོ་སྔོན་སྐྱེ་ལྡན་འཕང་འབྲས་ཐོན་རྫས་ཀྱི་ས་ཁོངས་ཁྱད་ཡོན་དང་། ཐོན་ཁུངས་ཁྱད་ཡོན། རྒྱུད་སྤུས་ཁྱད་ཡོན་བཅས་ཁྱབ་སྒྲོག་བྱས་ཏེ། མཚན་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཇེ་ཆེར་གཏོང་དགོས། པེ་ཅིན་དང་ཧྲང་ཧེ་སོགས་ཆེད་ལས་ཚོང་གཉེར་སྒེའུ་ཁུང་དང་མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ། དབྱི་སི་ལན་ཟས་རིགས་བཤམས་ཚོགས། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སོགས་ཞིང་ཆེན་ཕྱི་ནང་གི་བཤམས་ཚོགས་སྟེགས་བུ་ཆེན་མོ་བཀོལ་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མགྱོགས་མྱུར་གྱིས་ཞིང་ཕྱུགས་ལས་ཕྱིར་སྐྱོད་པའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ལྡན་འཕང་འབྲས་དེ་ཕྱི་ཕྱོགས་མཉམ་འབྲེལ་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས།(སྣེ་ཁྲིད་ལས་ཁུངས་ནི། ཞིང་ཆེན་ནགས་ལས་ཐིན་ཡིན། འགན་འཁྲི་ལས་ཁུངས་ནི། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། མཚོ་སྔོན་གྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་རིམས་བཤེར་ཅུས། མཚོ་སྔོན་ཉིན་རེ་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཡིན།)

  2017ལོའི་ཟླ2པའི་ཚེས8ཉིན།