མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཁྲོད་ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོའི་ལོ་ལྔའི་འཆར་གཞི་ཐེངས་བདུན་པ ། (2016—2020ལོར)

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་ཡང་དག་འོག ཞིང་ཆེན་ཡོངས་ཀྱི་ ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་འཆར་འགོད(2011—2015ལོར) ཐེངས་དྲུག་པ་བདེ་བླག་གིས་ལག་བསྟར་ལག་འགྲུབ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། རྩ་ཁྲིམས་གཙོར་འཛིན་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་བཅའ་ཁྲིམས་མ་ལག་ལ་གཏིང་ཟབ་ཀྱིས་དྲིལ་སྒྲོག་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བརྗོད་དོན་ཡིན་པའི་བྱ་འགུལ་རྒྱ་ཁྱབ་ཀྱིས་སྤེལ་ནས། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མང་པོའི་ཁྲིམས་ལྟར་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་དང་། ཁྲིམས་སྐྱོང་གསར་སྐྲུན་བྱ་འགུལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་དང་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས།

  ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ཀྱི་ཁྲིམས་སྐྱོང་རྒྱལ་སྐྱོང་ཐད་ཀྱི་བཀོད་སྒྲིག་གལ་ཆེན་གཏིང་ཟབ་སྒོས་ལག་བསྟར་བྱ་ཆེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བདུན་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཐད་ཀྱི་གཞི་རྩའི་གནས་བབས་དང་ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྔར་ལས་གཏིང་ཟབ་ཀྱིས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།“ཁྱོན་ཡོངས་བཞི”འཐབ་ཇུས་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུ་ལེགས་པའི་མཐུན་སྒྲིག་གིས་སྐུལ་འདེད་བྱས་ནས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྒྱུད་སྐུར་བྱས་པའི《ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་ཐིན་གྱིས་སྤྱི་དམངས་ཁྲོད་ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོའི་ཐད་ཀྱི་ ལོ་ལྔའི་འཆར་གཞི་ཐེངས་བདུན་པའི་ (2016—2020年)》དགོངས་དོན་གཞིར་བཟུང་ནས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་འདི་བཟོས་པ་ཡིན།

  སྤྱིའི་བླང་བྱ།

  གཅིག མཛུབ་སྟོན་བསམ་བློ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཚོགས་ཆེན་བཅོ་བརྒྱད་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།མཱ་ཁུ་སུ་ལེ་ཉིན་རང་ལུགས་དང་མའོ་ཙེ་ཏུང་བསམ་བློ། ཏིན་ཞའོ་ཕེན་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་བསམ་བློ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེའི་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་ཀྱིས་ལག་བསྟར་བྱས་ཏེ། “སྣ་ལྔ་གཞི་གཅིག”སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཙོར་བཟུང་ནས་མཐུན་སྒྲིག་གིས་སྐུལ་འདེད་བྱས་ནས། གསར་སྐྲུན་དང་མཐུན་སྒྲིག ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སྲ་བརྟན་གྱིས་འཛུགས་པ།

  《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གཏན་ལ་ཕབ་པ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ཁྲིམས་བརྟེན་ཞིང་སྐྱོང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ཁྲིམས་སྲོལ》གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ཁྲིམས་བརྟེན་ཞིང་སྐྱོང་ཁྲོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་སྐུལ་འདེད་དང་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་ཁོར་ཡུག་ལེགས་ཤེས་ཤིག་སྐྲུན་ནས། མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྔར་ལས་འཆམ་མཐུན་མཛེས་པ་དང་རྒྱུན་མུ་ཆད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་གསར་རྩོམ་ལ་བྱས་རྗེས་གསར་བ་བཞག།

  གཉིས། དམིགས་འབེན་གཙོ་བོ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྒྲིག་གཞི་སྔར་ལས་ཆ་ཚང་དང་ཞིང་ཆེན་ཡོངས་ཀྱི“ཁྲིམས་ལུགས་ཁྱབ་བརྡལ་ཆེན་མོ”བྱ་བའི་གྲུབ་ཚུལ་སྔར་ལས་འཐུས་ཚང་དུ་གཏོང་བ། ས་ཁུལ་གཙོ་བོ་དང་མང་ཚོགས་གཙོ་བོའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་ནུས་ལྡན་གྱིས་སྤེལ་ནས། ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་སྐྱོང་གསར་སྐྲུན་བྱ་བ་གཟབ་ནན་གྱིས་སྐུལ་འདེད་བྱས་ཏེ་ཞིང་ཆེན་ཡོངས་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་གྱིས་ཇེ་མཐོར་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་དང་ཁྲིམས་སྐྱོང་བྱང་ཚད་སྔར་ལས་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ལག་ལེན་བྱེད་པའི་ཧུར་བསྐྱེད་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་གྱིས་ཇེ་མཐོར་བཏང་སྟེ། ཁྲིམས་ལུགས་བརྩི་བཀུར་དང་སྦྱོང་བ། སྲུང་བ། ཁྲིམས་ལུགས་བཀོལ་བའི་སྤྱི་ཚོགས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་འགྲུབ་པར་བྱ་རྒྱུ་རེད།

  གསུམ། བྱ་བའི་རྩ་དོན། ཁྱོན་ཡོངས་ནས་ཞབས་ཞུ་རྒྱུན་འཁྱོངས་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཙོར་བཟུང་སྟེ། རང་ཞིང་གིས་ ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་“131”སྤྱིའི་བླང་བྱ་མངོན་འགྱུར་བྱེད་པར་སྔར་ལས་ཞབས་འདེགས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ། དམངས་ལ་བརྟེན་པ་རྒྱུན་འཁྱོངས་དང་དམངས་ལ་ཞབས་འདེགས་ཞུ་བ། དམངས་ཀྱི་ཁྲིམས་སྐྱོང་གི་འདོད་བློ་སྐོང་བ་དེ་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་བྱས་ནས། མང་ཚོགས་ལྟ་རྒྱུར་དགའ་བ་དང་དང་ལེན་བྱེད་སླ་བའི་བྱེད་སྟངས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་སྤེལ་ཏེ། རྒྱལ་ཁབ་ཁྲིམས་ལུགས་དང་ཏང་ནང་གི་སྒྲིག་ཁྲིམས་དེ་ཏང་ཡོན་མང་ཚོགས་ཀྱིས་ཚོད་འཛིན་དང་སྲུང་བ། བཀོལ་སྤྱོད་བྱེད་ཐུབ་པར་བྱ་རྒྱུ་རེད།

  སློབ་སྤྱོང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་ཁྲིམས་ལུགས་ཁྱབ་གདལ་བཅོས་སྐྱོང་བྱེད་པ་ཟུང་འབྲེལ་སྒོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ཁྲིམས་བརྟེན་བཅོས་སྐྱོང་ནུས་ལྡན་གྱིས་ཟུང་འབྲེལ་བྱས་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཁྲིམས་འཛུགས་པ་དང་ཁྲིམས་ལག་བསྟར་བྱེད་པ། ཁྲིམས་འཛིན། ཁྲིམས་ལུགས་།བས་ཞུའི་བྱ་འགུལ་ཁྲོད་ཞུགས་ཏེ། ཏང་ཡོན་མང་ཚོགས་ཁྲིམས་སྐྱོང་ལག་ལེན་ཁྲོད་རང་གཏོགས་སློབ་སྦྱོང་དང་། རྒྱལ་ཁབ་ཁྲིམས་ལུགས་དང་ཏང་ནང་གི་སྒྲིག་ཁྲིམས་སྤྱོད་པར་སྣེ་ཁྲིད་ནས་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་བ།

  རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་དང་གནད་འགག་འབུར་ཐོན་གྱིས་ས་ཁུལ་དང་སྡེ་ཁག ལས་རིགས་མི་འདྲ་བའི་དངོས་ཡོད་ཁྱད་ལྡན་རིགས་དབྱེ་དང་མང་ཚོགས་རིགས་དབྱེ། རིམ་དབྱེ་སློབ་སྟོན་གཞིར་བཟུང་ནས། གཙོ་གནད་དམིགས་ས་དང་ས་ཁུལ། ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་འབུར་དུ་བཏོན་ནས། གཙོ་གནད་དམ་འཛིན་དང་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ། གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་དང་གྲུབ་འབྲས་གཙོར་འཛིན་པ། ཉམས་མྱོང་ཕྱོགས་སྡོམ་བྱེད་པ།ཆོས་ཉིད་ལ་ཚོད་འཛིན་བྱས་ཏེ་ཁྲིམས་སྐྱོང་སློབ་གསོ་བྱ་བའི་འདུ་ཤེས་དང་སྒྲིག་གཞི མ་ལག་དང་བྱེད་སྟངས་བྱེད་ཐབས་རྒྱུན་མཐུད་ཀྱིས་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དམིགས་འབེན་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་མཐོར་བཏང་སྟེ་ཕྱི་ཚུལ་རང་ལུགས་འགོག་པ། ཁྲིམས་ལྟར་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་རྒྱུན་འཁྱོངས་དང་འགན་འཁྲི་དོན་འཁྱོལ་བྱེད་པ། 《མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག》གཏིང་ཟབ་ཀྱིས་ལག་ལེན་བྱས་ཏེ། “བཅའ་ཁྲིམས་བདུན་ཁྱབ”བྱ་འགུལ་སྔར་ལས་སྐུལ་འདེད་དང་རིམ་པ་མི་འདྲ་བའི་སྲིད་གཞུང་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་གཟབ་ནན་གྱིས་དོན་འཁྱོལ་བྱས་ནས། དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ།

  ལས་འགན་གཙོ་བོ།

  གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཐད་ཀྱི་གལ་ཆེའི་རྒྱས་བཤད་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་སྐྱོང་ཐད་ཀྱི་ཐབས་ཇུས་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པར་གཏིང་ཟབ་ཀྱིས་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཐད་ཀྱི་གལ་ཆེའི་རྒྱས་བཤད་ག ཏིང་ཟབ་ཀྱིས་སློབ་སྦྱོང་དྲིལ་སྒྲོག་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་ཁྲིམས་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་བཞག་ཡོང་བ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ། ཏང་ནང་ཁུལ་ནས་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལག་བསྟར་བྱེད་པ་དྲིལ་བསྒྲགས་བྱས་ཏེ། ཁྲིམས་སྐྱོང་གི་སྣེ་ཁྲིད་འདུ་ཤེས་དང་ཚད་ལྡན་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་ལམ་བུར་བསྐྱོད་པའི་རང་གཏོགས་རང་བཞིན་དང་རྒྱུན་འཁྱོངས་རང་བཞིན་ཇེ་དྲག་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་ལ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་སྒྲུབ་པའི་བཀོད་སྒྲིག་གསར་བ་དང་བཏོན་པའི་བླང་བྱ་གསར་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁ་ཕྱོགས་ཡང་དག་པའི་ཚོད་འཛིན་དང་ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན་གཏིང་ཟབ་ཀྱིས་སློབ་སྦྱོང་དྲིལ་བསྒྲགས་བྱེད་པ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གཏན་ལ་ཕབས་པའི་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ཁྲིམས་བརྟེན་ཞིང་སྐྱོང་ལག་ལེན་མཐུལ་ཕྱིན་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》དང་འབྲེལ་ཡོད་ཐབས་ཇུས་རྩ་འཛུགས་ཀྱིས་སློབ་སྦྱོང་དྲིལ་སྒྲོག་དང་། ཁྲིམས་སྐྱོང་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་ཏེ།ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོས་ཁྲིམས་ལྟར་ཞིང་སྐྱོང་སྐུལ་འདེད་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན། ཁྲིམས་སྐྱོང་མཚོ་སྔོན་ཁྲོད་ནས་དུས་ཡུན་རིང་བའི་རྨང་གཞི་རང་བཞིན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ།

  གཉིས། རྩ་ཁྲིམས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། རྩ་ཁྲིམས་གཙོར་བཟུང་ནས་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ནས་རྩ་ཁྲིམས་སློབ་གསོ་ཡོངས་ཁྱབ་དུ་སྤེལ་བ་དང་རྩ་ཁྲིམས་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་དབང་ཆ་འཛུགས་པ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་འདུ་ཤེས་གཏིང་ཟབ་ཀྱིས་དྲིལ་སྒྲོག་བྱེད་པ། ཏང་གི་མགོ་ཁྲིད་དྲིལ་སྒྲོག་བྱེད་པ་ནི་རྩ་ཁྲིམས་ལག་བསྟར་བྱེད་པའི་ཆེས་རྩ་བའི་འགན་ལེན་ཡིན་ལ། རྩ་ཁྲིམས་དྲིལ་སྒྲོག་བྱས་ནས་བཙུགས་པའི་རྒྱལ་ཁབ་ཀྱི་ཆེས་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས། སྲིད་ཇུས་ལམ་ལུགས། སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་དང་ལས་འགན་སོགས་དྲིལ་སྒྲོག་བྱེད་པའི་རྩ་ཁྲིམས་ཀྱི་རྩ་བའི་ནང་དོན་ཡིན། རྩ་ཁྲིམས་དྲིལ་སྒྲོག་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། “12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་སོགས་བེད་སྤྱོད་གང་ལེགས་བྱས་ནས་གཅིག་བསྡུས་རྩ་འཛུགས་ཀྱིས་རྩ་ཁྲིམས་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་དང་ཁྲིམས་ལུགས་ཞབས་ཞུའི་བྱ་འགུལ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་དང་ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བཟོ་བའི་རྩ་ཁྲིམས་འདུ་ཤེས་ཇེ་མཐོར་བཏང་ནས་སློབ་གསོའི་སྣེ་ཁྲིད་བྱེད་པའི་རྩ་འཛུགས་དང་མི་སྒེར་སོགས་ཀྱིས་རྩ་ཁྲིམས་གཞིར་བཟུང་ནས་བྱ་འགུལ་སྤེལ་ཏེ་རྩ་ཁྲིམས་ལ་སྲུང་སྐྱོང་བྱེད་པ།

  གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གཏིང་ཟབ་ཀྱིས་དྲིལ་སྒྲོག་བྱེད་པ། དྲིལ་སྒྲོག་བྱེད་ན་རྩ་ཁྲིམས་གཙོར་འཛིན་པའི་ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྩ་བའི་ལས་འགན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལུགས་འདུ་ཤེས་བརྒྱུད་སྒྲོག་བྱེད་པ་དང་ཆབས་ཅིག་ཏུ་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་དང་ཁྲིམས་སྐྱོང་འདུ་ཤེས་གསོ་སྐྱོང་། ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སྔར་ལས་གཙོར་བཟུང་ནས། རྩ་ཁྲིམས་བཅའ་ཁྲིམས་གོང་དུ་བཀུར་བ་དང་ཁྲིམས་ལུགས་མདུན་ནས་མི་རེ་རེ་འདྲ་མཉམ་ཡིན་པ། དབང་ཆ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱེད་པ།དབང་ཆ་ཁྲིམས་ལྟར་བྱེད་པ་སོགས་ཀྱི་རྩ་བའི་ཁྲིམས་སྐྱོང་འདུ་ཤེས་ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ནས། “ཁྲིམས་ཀྱིས་དམངས་ལ་འགན་མི་འཁུར་བ”དང“མིས་བརྩེ་བ་རྒྱལ་ཁྲིམས་ལས་ཆེ་བ”སོགས་ཀྱི་ནོར་འཆུག་གི་ངོས་ཟིན་མེད་པར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་སྣེ་ཁྲིད་དེ་རང་གཏོགས་ཀྱིས་ཁྲིམས་ལུགས་སྲུང་བ་དང་དོན་དག་ལ་ཐུག་ལ་ཁྲིམས་ལུགས་བཙལ་བ། གནད་དོན་ཐག་གཅོད་བྱེད་ན་ཁྲིམས་ལུགས་ལ་བརྟེན་དགོས།

  རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ཟུང་འབྲེལ་གྱིས་རྩ་ཁྲིམས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་དམངས་ཚོང་བཅའ་ཁྲིམས། སྲིད་འཛིན་ཁྲིམས། དཔལ་འབྱོར་ཁྲིམས་ལུགས། སྤྱི་ཚོགས་ཁྲིམས། ཉེས་ཁྲིམས་དང་མཚོ་སྔོན་ཞིང་ཆེན་ས་གནས་རང་བཞིན་གྱི་ཁྲིམས་ལུགས་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཞབས་ཞུའི་དམངས་ཚིས་འགན་ལེན་གྱི་ནུས་པ་མཐོ་རུ་བཏང་ནས། སློབ་གསོ་དང་ལས་རིགས། ཡོང་འབབ་བགོ་བྱ་རྒྱག་པ། སྤྱི་ཚོགས་འགན་ལེན། སྨན་བཅོས་འཕྲོད་བསྟེན། ཟས་རིགས་བདེ་འཇགས། དབུལ་སྐྱོར། དགེ་བ། སྤྱི་ཚོགས་རོགས་སྐྱོར་དང་ལས་ཀ་བ། འཛད་སྤྱོད་པ། བུད་མེད་བྱིས་པ། ལོ་ལོན། དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ཏེ། དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ལྟར་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་པོས་དྲིལ་བསྒྲག་བྱས་ནས། མི་དམངས་རིམ་ལྡན་གྱིས་དམངས་གཙོའི་ཆབ་སྲིད་ནང་ཞུགས་པའི་འདུ་ཤེས་དང་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་ལ་འགན་ལེན་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་པོས་དྲིལ་བསྒྲག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྤྱི་དམངས་ཁེ་དབང་འགན་ལེན་ལ་བརྩི་བཀུར་བྱེད་པ་དང་རང་འགུལ་གྱིས་སྤྱི་དམངས་ཀྱི་འོས་འགན་སྒྲུབ་པ་སྐུལ་འདེད་བྱས་ནས། སྤྱི་དམངས་ཀྱི་ཁེ་དབང་འགན་ལེན་དང་འོས་འགན་ཁྲིམས་སྐྱོང་ཅན་དུ་བསྒྱུར་ནས་ལག་བསྟར་བྱེད་པར་སྐུལ་འདེད་པ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཞབས་ཞུའི་དཔལ་འབྱོར་འཛུགས་སྐྲུན་གྱི་ནུས་པ་ཇེ་མཐོར་བཏང་ནས། “ཁུལ་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་པོས་དྲིལ་བསྒྲག་དང་ལུགས་མཐུན་མ་ཡིན་པའི་འགྲན་རྩོད། ཐོན་རྫས་སྤུས་ཚད། ཤེས་བྱའི་ཐོན་དངོས་བདག་དབང་དང་དངུལ་རྩའི་ཁྲལ་བསྡུ་སོགས་ཚོང་རའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ངོ་རྒོལ་བྱས་ནས། ཐོན་རྫས་བདག་དབང་ལ་སྲུང་སྐྱོབ་དང་འདྲ་མཉམ་གྱིས་བརྗེ་རེས་བྱེད་པ། དྲང་བཞག་གིས་འགྲན་རྩོད་བྱེད་པ། ཡིད་རྟོན་སོགས་ཀྱི་འདུ་ཤེས་འཛུགས་པར་སྐུལ་འདེད་བྱས་ཏེ། དམངས་ཀྱིས་ལས་གཏོད་གསར་སྐྲུན་བྱེད་པར་སྐུལ་འདེད་དང་དཔལ་འབྱོར་གནས་བབས་གསར་བའི་འོག་ནས་བརྟན་བརླིང་བདེ་འཇགས་ཀྱིས་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱེད་པ།

  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཞབས་ཞུའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ནུས་པ་ཇེ་མཐོར་བཏང་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང“རྨང་གསུམ”འཛུགས་སྐྲུན་ཟུང་འབྲེལ་སྒོས་ཁྲིམས་ལྟར་སྲིད་འཛིན་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཕྱོགས་ནས་བཅའ་ཁྲིམས་ལམ་ལུགས་ཤུགས་ཆེན་པོས་དྲིལ་བསྒྲག་བྱས་ཏེ།རིམ་པ་སོ་སོའི་ལས་ཁུངས་ཀྱིས“ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས་པ་དང་ཁྲིམས་ཀྱིས་གཏན་འཁེལ་བྱས་མེད་པའི་འགན་འཁྲི་ སྒྲུབ་མི་དགོས”པའི་འདུ་ཤེས་འཛུགས་པར་སྐུལ་འདེད་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པར་སྐུལ་འདེད་བྱེད་པ།

  ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུའི་དྲང་བཞག་ཁྲིམས་འཛིན་གྱི་ནུས་པ་ཇེ་མཐོར་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ཏེ་འདྲི་གཅོད་སྤྱི་བསྒྲགས་དང་ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས། ཉེན་རྟོག་ལས་དོན་སྤྱི་བསྒྲགས། བཙོན་སྲུང་ལས་དོན་སྤྱི་བསྒྲགས་སོགས་ཀྱི་ལམ་ལུགས་དྲིལ་བསྒྲག་བྱས་ཏེ། “འདྲི་གཅོད་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ ”“ ཞིབ་དཔྱོད་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ”“གྱོད་གཞི་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ”“གོ་གནས་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ”སྤེལ་ནས།ཁྲིམས་འཛིན་ལག་ལེན་བྱ་འགུལ་ཁྲོད་ཀྱི་གྱོད་གཞི་གཙོ་བོ་དང་ལེགས་འགྲུབ་ཉམས་མྱོང་དྲིལ་བསྒྲག་དང་དྲང་བཞག་ཁྲིམས་འཛིན་གྱིས་བླངས་པའི་གྲུབ་འབྲས་དྲིལ་བསྒྲག་བྱས་ཏེ་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་བ།

  གཏུག་བཤེར་དང་སྲིད་འཛིན་བསྐྱར་གྲོས། བཅའ་ཁྲིམས་ཞབས་ཞུ། འདུམ་གཅོད། འདུམ་འགྲིག ཡིག་སྐུར་ངོ་གཏུགས་སོགས་ཀྱི་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་དང་མང་ཚོགས་ཀྱི་ཁྲིམས་ལུགས་ལྟར་རིམ་ལྡན་གྱིས་གཏུག་བཤེར་བྱེད་པར་སྣེ་ཁྲིད་དེ། ཁྲིམས་ལུགས་ལྟར་འགལ་འདུ་ཐག་གཅོད་བྱས་ནས། ཁྲིམས་ལུགས་ཀྱི་ལག་ཆ་བཀོལ་ནས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཞབས་ཞུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་པ་ཇེ་མཐོར་བཏང་ནས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ“ཁྱིམ་ཚང་མཛེས་བསྒྱུར་ལས་འགུལ”སོགས་ཀྱི་ལས་འགན་གཙོ་བོའི་ཁྲོད་ཞུགས་སུ་བཅུག་ནས། ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་ནུས་ཁུངས་གྲོན་ཆུང་གིས་བེད་སྤྱོད་བྱེད་པ། འཁོར་བསྐྱོད་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ཏེ། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། རིག་གནས་གསར་སྐྲུན་གྱི་གསོན་ཤུགས་ལྡན་པ་དང་མི་དམངས་ཀྱི་རྩ་བའི་རིག་གནས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཞབས་ཞུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གྱི་གསར་སྐྲུན་བྱ་འགུལ་གྱི་ནུས་པ་ཇེ་མཐོར་བཏང་སྟེ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་ཀྱི་ བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་དང་། མི་རིགས་ས་ཁུལ་གྱི་བརྟན་བརླིང་དར་རྒྱས་ལ་སྲུང་སྐྱོབ་བྱས་ཏེ། མི་རིགས་འབྲེལ་བ་དང་ཆོས་ལུགས་ཀྱི་འབྲེལ་བའི་འཆམ་མཐུན་ལ་སྐུལ་འདེད་བྱེད་པ།

  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཞབས་ཞུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ནུས་པ་ཇེ་མཐོར་བཏང་སྟེ།གསང་མྱུལ་བར་རྒོལ་བ་དང་འཇིགས་སྐུལ་རིང་ལུགས་ལ་རྒོལ་བ་སོགས་རྒྱལ་ཁབ་བདེ་འཇགས་དང་བཙོན་ཁང་ལ་ལྟ་རྟོག་བྱེད་པ། མེ་འགོག འགྲིམ་འགྲུལ བདེ་འཇགས་ཐོན་སྐྱེད་སོགས་ཀྱི་སྤྱི་བའི་བདེ་འཇགས་ཁྱབ་ཁོངས་ཀྱི་ བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ཏེ། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་ཉེན་འགོག་འདུ་ཤེས། སྔོན་འགོག་ནུས་པ་ཇེ་མཐོར་གཏོང་བ། དུག་འགོག་དུག་གཅོད་ཕྱོགས་ཀྱི་ བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ཏེ།མང་ཚོགས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་དུག་རྫས་ལ་རྒྱང་བསྐྱེད་པར་སྣེ་ཁྲིད་བྱེད་པ། རྒྱལ་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཇེ་མཐོར་བཏང་སྟེ། རྒྱལ་སྲུང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། སྦྲེལ་དྲའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱས་ནས། དྲ་དམངས་ཀྱི་ཁྲིམས་ལྟར་ཚད་ལྡན་གྱི་དྲ་རྒྱའི་བྱ་སྤྱོད་ལ་སློབ་གསོའི་སྣེ་ཁྲིད་དེ། དྲ་རྒྱའི་ཁོར་ཡུག་སྒྲིག་གཞི་ལེགས་པོ་ཞིག་གྲུབ་པར་སྐུལ་འདེད་བྱེད་པ།

  ཏང་ནང་གི་ཁྲིམས་སྲོལ་ལ་གཏིང་ཟབ་ཀྱི་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་དང་ཁྲིམས་ལྟར་ཏང་སྐྱོང་གི་རྣམ་པ་གསར་བའི་བླངས་བྱ་གསར་བ་དང་ལེན་བྱེད་ཐུབ་པར་བྱས་ནས། ཏང་ནང་གི་ཁྲིམས་སྲོལ་དྲིལ་བསྒྲག་བྱེད་ཤུགས་དངོས་ཡོད་ཀྱིས་ཇེ་ཆེར་གཏོང་བ། ཏང་གི་སྒྲིག་ཡིག་དྲིལ་སྒྲོག་བྱེད་པ་གཙོ་གནད་དུ་བཟུང་ནས། རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་པ་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་ལ་གཞི་བཟུང་ནས་ ཏང་གི་སྒྲིག་ཡིག་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཏང་ནང་གི་ཁྲིམས་སྲོལ་སོ་སོ་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། ཏང་ནང་གི་ཁྲིམས་སྲོལ་དྲིལ་སྒྲོག་དང་རྒྱལ་ཁབ་ཁྲིམས་ལུགས་དྲིལ་སྒྲོག་གི་འབྲེལ་མཐུད་དང་མཐུན་སྒྲིག་གཙོར་བཟུང་སྟེ། སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་དང་སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བཟུང་ནས་རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་སྒྲིག་ཁྲིམས་སྒྲིག་ལམ་དང་རྒྱལ་ཁབ་ཁྲིམས་ལུགས་ལ་རང་རྟོགས་ཀྱིས་གུང་བཀུར་བྱེད་པ། ཁྲིམས་ལུགས་ལ་བརྩི་སྲུང་བྱས་ཏེ་དཔེ་སྟོན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་ལ་སློབ་གསོའི་ཁྲིད་སྟོན་བྱེད་པ།

  ལྔ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་གཏིང་ཟབ་ཀྱིས་སྐུལ་འདེད་བྱེད་པ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་དེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་དང་སྤྱི་བའི་རིག་གནས་འཛུགས་སྐྲུན་མ་ལག་ཚུད་པར་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་རིག་གནས་བརྒྱུད་སྒྲོག་སྟོབས་ཤུགས་དང་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་བརྒྱུད་མི་དམངས་མང་ཚོགས་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་དང་ཁྲིམས་སྐྱོང་དགོངས་དོན་གསོ་སྐྱོང་། ཁྲིམས་སྐྱོང་དད་མོས་འཛུགས་པ། ཁྲིམས་སྐྱོང་གི་གོམས་གཤིས་ཆགས་པར་སྣེ་ཁྲིད་བྱེད་པ། ཁྲིམས་སྐྱོང་རྒྱུ་ཆ་མཁར་ཞང་འཛུགས་སྐྲུན་འཆར་འགོད་ཇུས་གཞི་ནང་འཇུག་པར་རྒྱུན་བསྐྱངས་ཏེ་གཞི་རིམ་གྱི་ཁྲིམས་སྐྱོང་རིག་གནས་སྤྱི་བའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་གཙོར་བཟུང་ནས་གསོ་སྐྱོང་བྱས་ཏེ། ས་གནས་རང་གི་ཁྱད་ཆོས་ལྡན་པ་དང་མཁར་ཞང་སྡོད་དམངས་ཀྱི་དགོས་མཁོ་དང་འཚམ་པའི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་དཔེ་སྟོན་གནས་དང་དཔེ་སྟོན་རྟེན་གཞི་ཞིག་རིམ་དབྱེ་གྱིས་འཛུགས་སྐྲུན་བྱས་ནས། གཙོ་བོ་ཁྲིམས་སྐྱོང་སྤྱི་གླིང་དང་ཁྲིམས་སྐྱོང་ཐང་ཆེན། ཁྲིམས་སྐྱོང་འགྲོད་ལམ་སོགས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་སའི་གླིང་ཁུལ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། “མཛེས་པའི་ཞང་སྡེ་འཛུགས་སྐྲུན”དང་ཟུང་འབྲེལ་གྱིས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་གནས་གཞི་ཞིག་འཛུགས་སྐྲུན་བྱེད་པ།

  ཁྲིམས་སྐྱོང་རིག་གནས་བརྩམས་ཆོས་རིམ་པ་སོ་སོའི་བརྩམས་ཆོས་དཔྱད་བསྡུར་བྱ་འགའི་ནང་དོན་དུ་འཇུག་པར་རྒྱུན་འཁྱོངས་བྱས་ཏེ། སྒྱུ་རྩལ་དང་དཔེ་སྐྲུན་འདེགས་སྐྱོར། བྱ་འགའི་དངུལ་རྩའི་ནང་དོན་དུ་བཅུག་ནས་ཞིང་ཆེན་ཡོངས་ཁྲིམས་སྐྱོང་རིག་གནས་ཚོང་རྟགས་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་བྱས་ཏེ། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་འབྲེལ་ཡོད་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་འཕེལ་རྒྱས་དང་ཡུལ་སྐོར་ལྟད་མོ། ཐབ་ཆེན་བྱ་འགུལ་སོགས་ཕྱོགས་བསྡུས་ཀྱིས་ཁྲིམས་སྐྱོང་རིག་གནས་ཐོན་ལས་ཚོགས་ཁག་འཛུགས་པར་འཚོལ་ཞིབ་བྱེད་པ། ལོ་རྒྱུས་ཤུལ་བཞག་དང་ས་གནས་རང་གི་ཁྱད་ཆོས་ལྡན་གཏམ་རྒྱུད། རྒན་པའི་རིག་གནས་ཁྲོད་ཁྲིམས་སྐྱོང་རྒྱུ་ཆ་འཚོལ་སྙེགས་བྱས་ཏེ། སྙན་ངག་དང་སྒྱུ་རྩལ། ཡིག་གཟིགས་དང་རི་མོ།གླུ་གར་སོགས་རྣམ་པ་གསར་བའི་སྒྱུ་རྩལ་སྣ་ཚོགས་ཧུར་བསྐྱེད་ཀྱིས་བཀོལ་སྐྱོད་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་ཚོང་རྟགས་ཞིག་གསར་སྐྲུན་བྱེད་པ། མང་ཚོགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་གོ་གནས་གལ་ཆེན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱ་འགུལ་རྒྱ་ཁྱབ་ཀྱིས་སྤེལ་ཏེ། ཁྲིམས་སྐྱོང་རིག་གནས་དང་ལས་རིགས་རིག་གནས། ཁེ་ལས་རིག་གནས། ལས་ཁུངས་རིག་གནས། མི་རིགས་རིག་གནས། དམངས་སྲོལ་རིག་གནས་བཅས་མཉམ་འབྲེལ་ཀྱིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་སྒོས། ཐང་ཆེན་སྐོར་བྲོ་དང་གླུ་གར། མང་ཚོགས་ཀྱི་གར་སྟེགས་ཆེན་མོ། མཚོ་སྔོན་གྱི་རི་གླུ། ལུང་སྐད་ཀྱི་ཁ་ཤགས་སོགས་མང་ཚོགས་ལྟ་རྒྱུར་དགའ་བའི་ལེན་ཚན་གྱི་རྣམ་པ་རྒྱ་ཁྱབ་ཀྱིས་སྐུལ་འདེད་བྱེད་པ་བརྒྱུད། མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་དེ་དམངས་ཡོངས་ཀྱི་འཚོ་བར་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ།

  དྲུག། རིམ་པ་དང་ཁྱབ་ཁོངས་མང་པོས་ཁྲིམས་ལྟར་བཅོས་སྐྱོང་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ། ས་གནས་ཀྱི་ལམ་ལུགས་དང་ཚན་རིག་དང་མཐུན་པའི་སྒོས་ནས་ནུས་ལྡན་གྱིས་ཁྲིམས་ལྟར་བཅོས་སྐྱོང་བྱ་བ་སྐུལ་འདེད་བྱེད་པ། དམིགས་སའི་རང་བཞིན་གྱི་ལམ་ལུགས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་གི་ལམ་ལུགས་བྱེད་ཐབས་དང་གསར་སྐྲུན་ཚད་གཞི་སྐུལ་འདེད་བྱས་ཏེ། གཙོ་གནད་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ཁྲིམས་སྐྱོང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལུགས་དོན་ཚན་དེ་སྣེ་ཁྲིད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགན་སྲུང་གི་རྩ་བའི་སྒྲིག་གཞི་རུ་བསྒྱུར་ནས། གཞི་རིམ་རྩ་འཛུགས་དང་སྡེ་ཁག ལས་རིགས་ཁྲིམས་ལྟར་བཅོས་སྐྱོང་། ཁྲིམས་སྐྱོང་གྲོང་ཁྱེར་དང་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ས་ཁུལ་ཡང་འདུ)སོགས་ཀྱི་ཁྲིམས་སྐྱོང་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཀྱིས་བཅོས་བསྒྱུར་བྱས་ཏེ། ཁྲིམས་སྐྱོང་གསར་སྐྲུན་དེ་གྲོང་ཁྱེར་སྐྲུན་པ་དང་འཕྲོད་བསྟེན་སྐྲུན་པའི་བྱ་འགུལ་ནང་དོན་དུ་བཅུག་ནས་མཉམ་ཏུ་སྐུལ་འདེད་བྱེད་པ། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ(སྡོད་ཁུལ)འཛུགས་སྐྲུན་གཏིང་ཟབ་ཀྱིས་སྤེལ་ཏེ། ཞང་སྡེ་(སྡོད་ཁུལ)འཛུགས་པའི་ཁྲིམས་ལུགས་ཀྱི་བློ་འདྲིའི་ལམ་ལུགས་སྔར་ལས་འཚོལ་ཞིབ་བྱས་ནས།གཞི་རིམ་མང་ཚོགས་ཀྱི་རང་འཇུན་རང་འདོམས་དང་རང་གིས་རང་ལ་དོ་དམ་བྱེད་པར་སློབ་གསོའི་ཁྲིད་སྟོན་བྱེད་པ། གྲོང་མིའི་སྤྱི་ཆིངས་དང་ཞང་གི་དམངས་ཆིངས། ལས་རིགས་སྒྲིག་ཡིག ཚོགས་ཁག་གི་སྒྲིག་ཡིག་སོགས་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ལས་རིགས་མཐུན་ཚོགས་ཚོང་ཚོགས་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་རིགས་རང་གཅུན་དང་ཆེད་ལས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་ཁོངས་མི་གཞན་པའི་བྱ་སྤྱོད་ལ་ཁྲིད་སྟོན་དང་ལམ་སྲོལ་གཅུན་འདོམས། ཁེ་དབང་སྲུང་སྐྱོབ་ཀྱི་ནུས་པ་འདོན་སྤེལ་བྱེད་པ།

  བདུན། ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་གྱིས་སྐུལ་འདེད་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་གཙོར་བཟུང་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་གྱི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གིས་ཀུན་སྤྱོད་འདུ་ཤེས་མཚོན་པ་དང་ཀུན་སྤྱོད་ཀྱིས་ཁྲིམས་སྐྱོང་གི་དགོངས་དོན་གསོ་སྐྱོང་བྱེད་པ། ཁྲིམས་ལུགས་དང་ཀུན་སྤྱོད་གཅིག་ལ་གཅིག་བརྟེན་དང་། ཁྲིམས་སྐྱོང་དང་ཀུན་སྤྱོད་ཕན་ཚུན་རམ་འདེགས་ལ་སྐུལ་འདེད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་ཤུགས་ཆེན་གྱིས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ། སྤྱི་ཚོགས་སྤྱི་ཀུན་སྤྱོད་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་མཛེས་སྤྱོད། མི་སྒེར་གྱི་ཀུན་སྤྱོད་གསོ་སྐྱོང་བྱས་ནས། མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཆུ་ཚད་ཇེ་མཐོར་བཏང་སྟེ། ཁྱོན་ཡོངས་ཀྱི་ཁྲིམས་སྐྱོང་ཞིང་ཆེན་ལ་རིག་གནས་ཁོར་ཡུལ་ལེགས་པོ་ཞིག་གསར་སྐྲུན་བྱེད་པ། སྒྲིག་ལམ་འདུ་ཤེས་དང་དབང་ཆའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གན་འཇོག་གི་སྙིང་སྟོབས་ཁྲིད་སྟོན་དང་སྤྱི་སྒྲིག་སྲོལ་བཟང་དར་སྤེལ། མི་དམངས་ཀྱི་རང་རྟོགས་ཀྱིས་ལག་ལེན་བྱེད་པའི་ཁྲིམས་ལུགས་ཀྱི་ལས་འགན་དང་སྤྱི་ཚོགས་འགན་འཁྲི། ཁྱིམ་ཚང་འགན་འཁྲི་བཅས་སྣེ་ཁྲིད་བྱེད་པ། ཁྲིམས་སྐྱོང་གིས་ཀུན་སྤྱོད་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་དམངས་དང་རྩ་འཛུགས་ཁྲིམས་སྲུང་ཡིད་རྟོན་གྱི་ཟིན་ཐོ་འཐུས་ཚང་དུ་བཏང་ནས། ཁྲིམས་སྲུང་ཡིད་རྟོན་སྒྲིག་གཞི་དང་ཁྲིམས་འགལ་ཡིད་རྟོན་བྱ་སྤྱོད་ལ་ཆད་སྤྱོད་སྒྲིག་གཞི་འཐུས་ཚང་དུ་གཏོང་བ།

  ཁྲིམས་ལུགས་ཁྱབ་གདལ་བྱེད་ཡུལ་དང་ཞིབ་ཕྲའི་བླང་བྱ།

  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱེད་ཡུལ་ནི་ཡོད་ཚད་དང་ལེན་སློབ་གསོའི་ནུས་པ་ལྡན་པའི་སྤྱི་དམངས་ཡིན་ལ། གཙོ་བོ་འགོ་ཁྲིད་ལས་བྱེད་པ་དང་ན་གཞོན། ཆོས་ལུགས་མི་སྣ་དང་ཆོས་ལུགས་ལ་དད་མོས་ཡོད་པའི་མང་ཚོགས།

  གཅིག འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་བཀོད་བྱ་བ་གཙོར་འཛིན་པ། འགོ་ཁྲིད་ལས་བྱེད་པའི་གནད་འགག་གཙོ་བོ་དམ་འཛིན་གྱིས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་སྲུང་མིག་དཔེ་བསྟན་ནས་ཞིང་ཆེན་ཡོངས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་གནད་འགག་རྒྱུན་བསྐྱངས་ཏེ། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་གཏིང་ཟབ་ཀྱིས་བཅོས་བསྒྱུར་དང་སྐུལ་འདེད་འཕེལ་རྒྱས། འགལ་བ་འདུམ་འགྲིག བརྟན་བརླིང་གི་ནུས་པ་སྲུང་སྐྱོང་བྱེད་པ་དོན་དངོས་ཀྱིས་ཇེ་མཐོར་གཏོང་བ། རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྦྱོང་ཁྲིམས་བཀོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་ཁྲིམས་ལུགས་དང་ཏང་ནང་གི་སྒྲིག་ཁྲིམས་ཏང་ཨུའི(ཏང་ཙུའུ)ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་ནང་དོན་དུ་འཇོག་པ། ནང་དུ་འཇོག་པ་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གྲྭ། ལས་བྱེད་སློབ་གྲྭ། སྤྱི་ཚོགས་རིང་ལུགས་སློབ་གྲྭའི་ངེས་སྦྱོང་བསླབ་གཞི་བཅས་རེད། ཁྲིམས་སྐྱོང་སློབ་གསོ་ལས་བྱེད་སློབ་གསོའི་གསོ་སྦྱོང་སྤྱིའི་འཆར་འགོད་ནང་འཇོག་པ་དང་རྒྱལ་ཁབ་ལས་བྱེད་པ་ཐོག་མ་ཁུར་བའི་གསོ་སྦྱོང་། འགན་བཞེས་གསོ་སྦྱོང་གི་ངེས་སྦྱོང་ནང་དོན་དུ་འཇོག་པ། རིགས་སོ་སོའི་གཞན་པའི་གསོ་སྦྱོང་བསླབ་ཚན་ཁྲོད་ཁྲིམས་སྐྱོང་སློབ་གསོའི་ནང་དོན་བཞག་ནས་ཁྲིམས་སྐྱོང་གསོ་སྦྱོང་སློབ་ཐུན་གྲངས་ཀ་དང་གསོ་སྦྱོང་སྤུས་ཚད་ལ་འགན་ལེན་བྱེད་པ། ཏང་ནང་གི་སྒྲིག་ཁྲིམས་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱུགས་གཞི་ཞིབ་དཔྱད་ཇེ་དྲག་ཏུ་བཏང་སྟེ། སློབ་གསོའི་ཁྲིད་སྟོན་བྱེད་པའི་འགོ་ཁྲིད་ལས་བྱེད་པས་སྔར་ལས་ཚད་ལྡན་དང་གཟབ་ནན་གྱིས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་དང་། ཆབ་སྲིད་སྒྲིག་ཁྲིམས། ཆབ་སྲིད་སྒྲིག་ལམ་གཟབ་ནན་གྱིས་བརྩི་སྲུང་བྱས་ཏེ། རང་གཅུན་གྱི་བརྩོན་ལེན་ཚད་གཞི་མཐོ་བ་གཙང་སེལ་དང་སྒྲིག་ཁྲིམས་ལ་འགལ་བའི་དམར་ཐིག་རང་རྟོགས་ཀྱིས་ཐག་ཇེ་རིང་དུ་གཏོང་བ།

  ཏང་ཨུའི་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་ཀྱིས་ཁྲིམས་སྦྱོང་བ་དང་མ་ཤེས་གོང་ལ་ཁྲིམས་སྦྱོང་བ། གལ་ཆེའི་ཐབས་ཇུས་རང་བཞིན་གྱི་ཞིབ་དཔྱད་དང་ཁྲིམས་ལུགས་བློ་འདྲིའི་ཁུངས།འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལུགས་སྒྲིག་ཡིག་སྦྱངས་ནས་བཀོལ་བའི་དཔྱད་ཞིབ་གདེང་འཇོག འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལུགས་སྒྲིག་ཡིག་ལས་འགན་ཁུར་བའི་ཐོབ་ཐང་རྒྱུགས་ལེན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་ཁག་གིས་ཡོངས་ཁྱབ་ཀྱིས་བཙུགས་པའི་སྤྱིའི་འགན་ཁྲིམས་རྩོད་པས། ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་ཀྱི་གནས་ཚུལ་དེ་རྐང་འཛིན་འགོ་ཁྲིད་དང་འགོ་ཁྲིད་ལས་བྱེད་པའི་གལ་ཆེའི་ནང་དོན་དུ་འཇོག་པ། ཁྲིམས་སྐྱོང་འདུ་ཤེས་ཆེ་མིན་དང་ཁྲིམས་སྐྱོང་གོམས་སྲོལ་ལེགས་མིན་ཏེ་ལས་བྱེད་པའི་སྤྱོད་ཡོན་ཚད་འབྱེད་བྱེད་ཀྱི་ཚད་ཐིག་གལ་ཆེན་དུ་བཟུང་ནས། ཁྲིམས་ལུགས་བརྩི་སྲུང་བྱེད་མིན་དང་ཁྲིམས་ལྟར་བྱ་བ་སྒྲུབ་མིན་ཏེ་ལས་བྱེད་པར་རྟོག་ཞིབ་བྱེད་པའི་གལ་ཆེའི་ནང་དོན་དུ་འཇོག་པ། འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་བཟོ་མི་སྣས་དྲ་ལམ་ནས་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་རྒྱུགས་གཞི་ཁྱོན་ཡོངས་ནས་རྒྱ་ཁྱབ་ཀྱིས་སྤེལ་ཏེ། ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་གྲུབ་འབྲས་མཐོ་རུ་བཏང་ནས་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་གནས་ཚུལ་དེ་རྒྱལ་ཁབ་ལས་བཟོ་མི་སྣའི་ལོ་མཇུག་གྲུབ་འབྲས་དཔྱད་ཞིབ་ཀྱི་གལ་ཆེའི་ནང་དོན་དུ་འཇོག་པ། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་མི་སྣའི་ཁྲིམས་ལུགས་ཤེས་བྱ་གསོ་སྦྱོང་དང་རྒྱུགས་གཞི་དཔྱད་ཞིབ་ཇེ་དྲག་ཏུ་བཏང་སྟེ། ཕུལ་བྱུང་ཅན་གྱི་དཔེ་སྟོན་མི་སྣ“ཁྲིམས་སྐྱོང་ཆེད་མཁས་ཐོ་མཛོད”དུ་འཇོག་པ་མ་ཟད། ཐོ་མཛོད་ཁང་དུ་འཇོག་པ་དེ་ལས་བྱེད་པ་འདེམས་བསྐོ་དང་གོ་གནས་འཕར་བྱེད་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ།

  གཉིས། ན་གཞོན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཙོར་འཛིན་པ། ན་གཞོན་གཙོར་བཟུང་ནས་ཁྲིམས་སྐྱོང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་དང“སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི”ནང་བཅུག་ཏེ། རྒྱལ་ཡོངས་ཀྱི་ན་གཞོན་ཁྲིམས་སྐྱོང་སློབ་གསོའི་ལྷན་དེབ་ལག་བསྟར་བྱས་ནས་ལོ་རེར་དགེ་རྒན་དང་རིམ་བགར་ཁྲིམས་སྐྱོང་སློབ་གསོའི་གསོ་གཙོ་གཞོན་པར་ཁྲིམས་སྐྱོང་སློབ་ཁྲིད་སྤེལ་བ། ཁྲིམས་སྐྱོང་ཟུར་ཁྲིད་པ་རེས་སྐོར་ནས་གསོ་སྦྱོང་བྱེད་པ། སློབ་གྲྭ་ཆུང་འབྲིང་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་སློབ་གསོའི་བསླབ་ཚན་ཆ་ཚང་དུ་གཏང་དགོས་པ་མ་ཟད། རྣམ་པ་མང་པོའི་ཁྲིམས་སྐྱོང་བརྗོད་དོན་ཡིན་པའི་སློབ་གསོའི་བྱ་འགུལ་ཧུར་བསྐྱེད་ཀྱིས་སྤེལ་ཏེ། སློབ་གྲྭ་ན་ཡོད་པའི་སློབ་མར་རྨང་གཞིའི་ཁྲིམས་སྐྱོང་ཤེས་བྱའི་སློབ་གསོ་ཐོབ་ཐུབ་པར་འགན་ལེན་བྱེད་པ།

  སློབ་ཁྲིད་གཉིས་པ་དང་སྤྱི་ཚོགས་ལག་ལེན། ན་གཞོན་གྱི་ལས་གནས་སྲུང་སྐྱོབ་གསར་སྐྲུན་བྱེད་པ། གཞོན་ནུའི་ལད་ཟློས་ཁྲིམས་ར། དབྱར་དགུན་ལ་ཁྲིམས་སྐྱོང་གཉེར་བ། ཁྲིམས་ལུགས་ཤེས་བྱ་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱ་འགུལ་བེད་སྤྱད་དེ་ན་གཞོན་གྱི་ཁྲིམས་སྐྱོང་སློབ་གསོ་སྤེལ་བ། སློབ་གྲྭ་འཚོགས་པའི་སློབ་ཐུན་དང་བོ་དང་མཐར་ཕྱིན་མཛད་སྒོ། དར་མའི་མཛད་སྒོའི་ཁྲོད་ཆེད་སྤྱོད་ཁྲིམས་སྐྱོང་སློབ་གསོའི་གོ་རིམ་སྒྲིག་པ། མཐོ་རིམ་སློབ་གྲྭའི་སློབ་མའི་ཁྲིམས་སྐྱོང་སློབ་གསོ་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་ལག་ལེན་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ།

  རིམ་པ་དང་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ལས་ཁུངས་ཀྱིས་རྨང་གཞིའི་ཁྲིམས་ལུགས་ཤེས་བྱ་དང་འབྲེལ་ཡོད་འོས་འགན་ཀྱི་ཁྲིམས་ལུགས་ཤེས་བྱ་དེ་སློབ་བྱའི་འཆར་གཞི་དང་གསོ་སྦྱོང་འཆར་གཞི་ནང་བཞག་ནས། ནན་ཏན་གྱིས་རྩ་འཛུགས་ལག་བསྟར་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་“ཕྱོགས་གསུམ་གཞི་གཅིག”ཅན་གྱི་ན་གཞོན་གྱི་ཁྲིམས་སྐྱོང་སློབ་གསོའི་གནས་བབ་ཇེ་དྲག་ཏུ་བཏང་ནས། ན་གཞོན་གྱི་ཁྲིམསསྐྱོང་སློབ་གསོའི་རྟེན་གཞི་དང་སློབ་མ་ཁྱིམ་བདག་གི་ཁྲིམས་སྐྱོང་སློབ་ཁྲིད། སྤྱི་ཚོགས་སྤྱི་ཕན་གྱི་བཅའ་ཁྲིམས་ཁྱབ་གདལ་ལམ་ལུགས“ཕྱོགས་གསུམ་དམ་འཛིན”གྱི་གནད་འགག་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ། སྡོད་ཁུལ་དང་སྡེ་བ(སྡོད་ཁུལ)ཨུ་ཡོན་ལྷན་ཁང་། འབྲེལ་ཡོད་ལས་ཁུངས་བཅས་ལ་བརྟེན་ཏེ་སྤྱི་ཚོགས་ཁ་འཐོར་དང་མི་ལེགས་པའི་བྱ་སྤྱོད། རྒན་ཚང་།རབ་བརྒལ་ལྟ་སྐྱོང་གི་ན་གཞོན་དང་གནད་དོན་ཡོད་པའི་ལོ་ཆུང་། སྡེ་བའི་ཁྱིམ་སྲུང་བྱིས་པ“དམིགས་གསལ་ཅན་གྱི་གཞོན་ནུའི་ཚོགས་པ་རིགས་དྲུག”གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་གཏོང་བ།

  གསུམ། ཆོས་ལུགས་ལས་བྱེད་པ་དང་ཆོས་ལུགས་ལ་དད་མོས་ཡོད་པའི་མང་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཙོར་འཛིན་པ། ཆོས་ལུགས་ལས་བྱེད་མི་སྣའི་ཁྲིམས་ལུགས་སློབ་སྦྱོང་བྱེད་པའི་ལམ་ལུགས་ཆ་ཚང་གིས་འཛུགས་བཙུགས་ཏེ།《 རྩ་ཁྲིམས》དང《མི་རིགས་ས་ཁོངས་ཀྱི་རང་སྐྱོང་ཁྲིམས》། ས་གནས་རང་སྐྱོང་སྲོལ་ཡིག་སོགས་ཀྱི་ཁྲིམས་ལུགས་གཙོར་བཟུང་ནས་དྲིལ་བསྒྲགས་བྱེད་པ། རྒྱ་ཆེའི་ཆོས་ལུགས་ལས་བྱེད་མི་སྣའི་བྱ་བ་དང་འཚོ་བར་འབྲེལ་བ་ཟབ་མོ་ཡོད་པའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་རྒྱ་ཁྱབ་ཀྱིས་དྲིལ་སྒྲོག་བྱེད་པ། ཆོས་ལུགས་ལས་བྱེད་མི་སྣ་དང་དད་མོས་ཡོད་པའི་མང་ཚོགས་ཀྱིས་ཡང་དག་པའི་སྒོ་ནས་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་འབྲེལ་བ་སློབ་སྟོན་བྱས་ཏེ། ཆོས་ལུགས་ལས་བྱེད་མི་སྣ་དང་དད་མོས་ཡོད་པའི་མང་ཚོགས་ཀྱི་ཁྲིམས་སྲུང་ཁྲིམས་སྤྱོད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།

  ཆོས་ལུགས་བྱ་འགུལ་སྤེལ་སའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྒྲིག་ཆས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་དེབ། ཁྲིམས་ལུགས་དཔེ་ཁང་།ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་ས་སོགས་རྨང་གཞའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། “སྐད་གཉིས”ཁྲིམས་ལུགས་ཁྱབ་གདལ་སློབ་དེབ་སྒྲིག་རྩོམ་དཔར་འགྲེམས་ཤུགས་ཚད་ཇེ་ཆེར་བཏང་ནས་སྒྲིག་དཔར་སྤུས་ཚད་མཐོ་རུ་གཏོང་བ། ཆོས་ལུགས་བྱ་འགུལ་སྤེལ་སའི་ཁྲིམས་སྐྱོང་དྲིལ་བསྒྲགས་རུ་ཁག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། ཆོས་ལུགས་བྱ་འགུལ་སྤེལ་སའི་ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་གྱི་ལས་བཟོ་བ་ཇེ་མང་དང་ཇེ་དྲག་ཏུ་བཏང་ནས་གཙོ་བོ་ཁྲིམས་ལུགས་ཤེས་པ་དང་གྲངས་ཉུང་མི་རིགས་སྐད་ཆའི་“སྐད་གཉིས”ཁྲིམས་སྐྱོང་དྲིལ་སྒྲོག་བྱ་མཁན་གྱི་ལས་བཟོ་བ་གསོ་སྐྱོང་བྱེད་པ། ཆོས་ལུགས་ལས་བྱེད་མི་སྣའི་སློབ་གསོའི་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ་ཁོ་ཚོའི་རིག་གནས་ཆུ་ཚད་དང་གོ་བ་ལེན་པའི་ནུས་པ།སྤྱིའི་སྤུས་ཚད་མཐོ་རུ་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་རྗེས་དྲན་ཉིན་མོ་དང་དུས་ཆེན་རྗེས་དྲན་བྱ་འགུལ། ཆོས་ལུགས་བྱ་འགུལ་ཉིན་མོ་སོགས་ཧུར་བསྐྱེད་ཀྱིས་བེད་སྤྱད་ནས་ཁྲིམས་ལུགས་ཁྱབ་གདལ་ཇེ་དྲག་ཏུ་གཏོང་བ། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ“ཁྲིམས་ལུགས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་སའི་ནང་ཚུད་པའི”དཔེ་སྟོན་གྱི་ཚོང་རྟགས་སྔར་ལས་གསོ་སྐྱོང་གསར་སྐྲུན་བྱེད་པ།

  ས་ཁུལ་དང་སྡེ་ཁག་ལས་ཁུངས་སོ་སོའི་བྱེད་ཡུལ་གཙོ་བོའི་སྣེ་ཁྲིད་དང་དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་ཀྱིས་སྤེལ་བར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚོགས་ཁག་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ། ཁེ་ལས་ཚོང་གཉེར་དོ་དམ་མི་སྣའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་བཏང་ནས་ཁོ་ཚོས་ཡིད་རྟོན་ཁྲིམས་སྲུང་དང་རྒྱལ་གཅེས་ལས་དགའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ཏེ་ཁྲིམས་ལྟར་ཚོང་གཉེར་དང་ཁྲིམས་ལྟར་དོ་དམ་ནུས་པ་མཐོ་རུ་གཏོང་བ། ཞིང་ཕྱུགས་ལས་བཟོ་བ་སོགས་ཚོགས་ཁག་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་བཏང་ནས། ཁོ་ཚོའི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་ལ་རོགས་རམ་དང་ཁྲིད་སྟོན་བྱས་ཏེ་ཁྲིམས་ལུགས་ཀྱི་ཐབས་རང་རྟོགས་ཀྱིས་བཀོལ་ནས་འགལ་བ་ཐག་གཅོད་བྱེད་པ།

  བྱ་བའི་བྱེད་ཐབས།

  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལོ་ལྔའི་འཆར་འགོད་ཐེངས་བདུན་པ2016ལོ་ནས་ལག་བསྟར་མགོ་བརྩམས་ཏེ2020ལོར་མཇུག་བསྡུ་བ། ས་གནས་སོ་སོའི་སྡེ་ཁག་དང་ལས་ཁུངས་སོ་སོས་ཐེངས་འདིའི་འཆར་འགོད་གཞིར་བཟུང་ནས།དེ་གའི་ས་གནས་དང་སྡེ་ཁག་གི་འཆར་འགོད་གཟབ་ནན་གྱིས་སྒྲིག་བཟོ་བྱས་ཏེ། གཏིང་ཟབ་སྒོས་དྲིག་སྒྲོག་དང་ཁྱོན་ཡོངས་ནས་རྩ་འཛུགས་ལག་བསྟར་བྱས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་འཆར་འགོད་རྣམ་གྲངས་སོ་སོའི་དམིགས་འབེན་ལས་འགན་ཐེངས་བདུན་པ་དོན་འཁྱོལ་ཡོངས་བར་འགན་ལེན་བྱེད་པ།

  གཅིག ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་འཁོར་སྐྱོད་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རིམ་པ་སོ་སའི་ཏང་ཨུ་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག》གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་དེ་ཏང་ ཨུའི་སྲིད་གཞུང་གི་ཕྱོགས་བསྡུས་དམིགས་འབེན་དཔྱད་ཞིབ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་དཔྱད་ཞིབ་ནང་དོན་དུ་འཇོག་པ། རིམ་པ་སོ་སོའི་དམངས་ཆེན་དང་སྲིད་གྲོས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་དུས་བཀག་རྟོག་ཞིབ་དང་རྩད་ཞིབ་བྱེད་པའི་ལམ་ལུགས་འཛུགས་པ། རིམ་པ་སོ་སོའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལས་ཁུངས་གཙོ་བོས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བ་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན།ལྟ་ཞིབ། བརྟག་དཔྱད་བྱེད་པའི་ལས་འགན་གཟབ་ནན་གྱིས་ལག་བསྟར་བྱེད་པ། སྡེ་ཁག་དང་ལས་ཁུངས་སོ་སོས་ ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་ལས་འགན་རང་རྟོགས་ཀྱིས་ལག་བསྟར་བྱས་ཏེ། ཧུར་བསྐྱེད་ཀྱིས་རྒྱབ་སྐྱོར་དང་རབ་འདེགས་བྱས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གཙོ་གཉེར་ལས་ཁུངས་ལ་བྱ་བའི་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བྱེད་པ། མི་དམངས་ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས། ལས་རིགས་མཐུན་ཚོགས། གཞི་རིམ་རང་སྐྱོང་རྩ་འཛུགས་སོགས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་སྤྱི་ཚོགས་འགན་འཁྲི་རང་རྟོགས་ཀྱིས་དང་དུ་བླངས་ནས། ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་དང་མཉམ་ལས་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། རང་སོ་སོའི་ཁྱད་ཆོས་དང་དངོས་ཡོད་དགོས་མཁོ་གཞིར་བཟུང་ནས། དམིགས་ཡུལ་ལྡན་པའི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། ཏང་ཨུའི་འགོ་ཁྲིད་དང་དམངས་ཆེན་ལྟ་ཞིབ། སྲིད་གཞུང་ལག་བསྟར། སྲིད་གྲོས་རྒྱབ་སྐྱོར། སྡེ་ཁག་དང་ལས་ཁུངས་སོ་སོས་མཉམ་འཛིན་སྤྱི་སྒྲུབ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་ཡོད་པའི་རྩ་ཁྲིམས་ཆེན་མོའི་བྱ་བའི་སྒྲིག་གཞི་ཧུར་བསྐྱེད་ཀྱིས་འཛུགས་པ།

  གཉིས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་འགན་འཁྲིའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་འགན་འཁྲིའི་ལམ་ལུགས་བཙུགས་ནས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་ཀྱི་འགན་ཁུར་ནས། འགན་ཁུར་བློ་མཐུན་གཙོ་བོ་དེ་འགན་ཁུར་མི་སྣ་དང་བོ་ཡིན།རྒྱལ་ཁབ་ལས་ཁུངས་ཀྱིས་“སུས་ཁྲིམས་ལག་བསྟར། སུས་ཁྲིམས་ཁྱབ་གདལ། སུས་དཔྱད་ཞིབ་”དང་འབྲེལ་ཡོད་ལས་ཁུངས་སྡེ་ཁག་གིས“སུས་དོ་དམ་བྱེད་པ། སུས་ཁྲིམས་ཁྱབ་གདལ་དུ་གཏོང་བ། སུས་འགན་ཁུར་བྱེད་པའི”ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་གསལ་ཐོ་དང་འགན་འཁྲིའི་ཡི་གེ་ལ་མིང་ཡིག་བཀོལ་པའི་ཁས་ལེན་ལམ་ལུགས་བཙུགས་ཏེ། ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་འགན་འཁྲིའི་ལས་བགོས་དང་བྱ་ཡུལ་ལས་འགན། ཚད་ལྡན་དཔྱད་ཞིབ་བཅས་ལ་གསལ་ཐག་ཆོད་པར་བྱས་པ་མ་ཟད་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྲིམས་ལུགས་ཁྱབ་གདལ་འགན་འཁྲི་དང་དོ་དམ་འགན་འཁྲི། དཔྱད་ཞིབ་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱེད་པ། ཁྲིམས་ལག་བསྟར་དང་དོ་དམ། ཞབས་ཞུའི་གོ་རིམ་ཁྲོད་སྡེ་ཁག་དང་ལས་རིགས་ཀྱི་ཁྱད་ཆོས།དམིགས་ལྡན་ཚོགས་པའི་ཁྲིམས་ལུགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བར་མ་ཟད་སྡེ་ཁག་དང་ལས་རིགས་ཀྱི་ལོ་མཇུག་དམིགས་འབེན་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོ་རུ་འཇོག་རྒྱུ་ཡིན་པ།

  གསུམ། བདུན་ཁྱབ་བཅའ་ཁྲིམས་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། བདུན་ཁྱབ་བཅའ་ཁྲིམས་གཏིང་ཟབ་དུ་གཏོང་བ་དེ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དོན་འཁྱོལ་བྱེད་པའི་གལ་ཆེའི་རྩ་གནད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་བྱ་བར་སྐུལ་འདེད་བྱེད་པར་བཞག་ནས། ཞིང་ཆེན་གྱི་དངོས་ཡོད་དང་མཐུན་པའི་བདུན་ཁྱབ་བཅའ་ཁྲིམས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ།རྩ་འཛུགས་འགོ་ཁྲིད་དང་བྱ་བའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། སྣེ་ཁྲིད་ལས་ཁུངས་དང་འགན་ཁུར་ལས་ཁུངས་མཐུན་སྒྲིག་ལེགས་སྒྱུར་བྱས་ཏེ་ཞིབ་ཕྲའི་འགན་སྒྲུབ་ལས་ཁུངས་དང་ལས་བྱེད་མི་སྣ་གསལ་ཐག་ཆོད་པར་བྱས་ནས། བྱ་བའི་འགན་འཁྲི་སྒྲིག་འཛུགས་དང་བྱ་བའི་དམིགས་ཚད་ཇེ་ལེགས། སྣེ་ཁྲིད་ལས་ཁུངས་ཀྱི་མཛུབ་སྟོན་ནུས་པ་དང་ལྡན་པ་དང་འགན་འཁྲིའི་ལས་ཁུངས་ལ་རོགས་འདེགས་དམ་ཟབ་བྱེད་པར་འགན་ལེན་བྱས།

  བཞི། གྱོད་གཞིའི་ཁྲིམས་འགྲེལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་དཔོན་དང་ཞིབ་དཔྱོད་པ།སྲིད་འཛིན་ཁྲིམས་སྒྱུར་མི་སྣ། ཁྲིམས་རྩོད་པ་སོགས་གྱོད་གཞིའི་ཁྲིམས་འགྲེལ་ལམ་ལུགས་བཙུགས་ནས། ཁྲིམས་ལྟར་ཁྲིམས་འཛིན་ལག་ལེན་ཁྲོད་གྱོད་གཞིའི་ཁྲིམས་འགྲེལ་དང་ཉེན་ཟོན་སློབ་གསོའི་བྱ་འགུལ་རྒྱ་ཁྱབ་ཀྱིས་སྤེལ་ནས། གྱོད་དོན་འདྲི་གཅོད་དང་སྲིད་འཛིན་ཁྲིམས་སྒྱུར།རྩོད་གཞི་འདུམ་འགྲིག་དང་ཁྲིམས་ལུགས་ཞབས་ཞུའི་གོ་རིམ་དེ་མང་ཚོགས་ལ་ཁྲིམས་སྐྱོང་དགོངས་དོན་བརྒྱུད་སྒྲོག་བྱེད་པའི་བརྒྱུད་རིམ་དུ་གྱུར། ཁྲིམས་འཛིན་དང་སྲིད་འཛིན། ཁྲིམས་ལྟར། ཁྲིམས་ལུགས་ཞབས་ཞུ་“ཁྲིམས་ལུགས་ཁྱད་གདལ་གྱི་དཔེ་མཚོན་མཛོད”ལེགས་བཅོས་རྩོམ་སྒྲིག་བྱ་བ་ཇེ་དྲག་ཏུ་བཏང་ནས། འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་སྤྱི་གཞུང་ལ་ཁྲིམས་འཛིན་དང་སྲིད་འཛིན། ཁྲིམས་ལྟར། ཁྲིམས་ལུགས་ཞབས་ཞུའི་དཔེ་མཚོན་གྱོད་གཞི་ཁྱབ་སྤེལ་ལམ་ལུགས་འཛུགས་པར་སྐུལ་འདེད་བྱེད་པ།

  ལྔ། སྨྱན་བྱེད་སྤྱི་ཕན་ཁྲིམས་སྐྱོང་དྲིལ་སྒྲོག་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྨྱན་བྱེད་སྤྱི་ཕན་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དཔྱད་ཞིབ་དོ་དམ་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། སྨྱན་བྱེད་སྤྱི་ཕན་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྐུལ་ལྕགས་སྒྲིག་གཞི་བཙུགས་ནས། སྤྱི་ཕན་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དེ་མི་མང་ཚོགས་ས་ནས་ཡོངས་སུ་ཁེབས་པར་བྱེད་པར་སྐུལ་འདེད་བྱེད་པ། དྲིལ་སྒྲོག་དང་རིག་གནས། བརྡ་འཕྲིན། དྲྭ་འཕྲིན། གསར་འགྱུར་དཔེ་སྐྲུན། རྒྱང་སྒྲོག་སྡེ་ཁག་དག་གིས་དོན་དངོས་ཀྱི་སྒོ་ནས་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་དང་། མཛུབ་སྟོན་དང་སྐུལ་འདེད་བྱས་ཏེ་རྒྱང་སྒྲོག་བརྙན་འཕྲིན་དང་ཚགས་པར་དུས་དེབ། སྦྲེལ་དྲ་དང་སྤོ་སྒུལ་སོགས་རང་འགུལ་གྱིས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་འགན་འཁྲི་ལག་བསྟར་བྱེད་པ། པར་གཞི་གཙོ་བོ་དང་ཤོག་ངོས་གཙོ་བོ་རུ་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་སྤྱི་ཕན་བརྡ་ཁྱབ་སྒྲིག་བཟོ་བྱས་ནས། ཁྲིམས་སྐྱོང་སློབ་ཁང་ཆེན་མོ་བཙུགས་ཏེ་སྤྱི་ཚོགས་དོ་ཁུར་བྱེད་བཞིན་པ་དང་གྱོད་དོན་ཆེན་པོར་དམིགས་ནས་དུས་ཐོག་དུ་ཁེ་དབང་ལྡན་པའི་ཁྲིམས་ལུགས་འགྲེལ་བཤད་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་གི་གནས་བབ་ལེགས་ཤོས་ཤིག་གྲུབ་པར་ཧུར་བསྐྱེད་ཀྱིས་སྣེ་ཁྲིད་བྱས།

  དྲུག ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་བ། མི་མང་ཚོགས་ས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། མི་མང་ཚོགས་ས་དང་ཞབས་ཞུའི་ལས་ཁུངས་ཀྱི་ལས་གནས་དག་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནུས་པ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་པ། རིམ་པ་སོ་སོའི་ཏང་སྲིད་དམངས་ལས་ཁུངས་དང་རྒྱལ་དབང་ཁེ་ལས་དོན་ལས་སྡེ་ཁག་དག་གིས་མི་མང་ཚོགས་ས་ནས་བརྟན་གནས་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་འགྲེམས་པང་འཛུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ།གཞན་གཙོ་སྐྱོང་དང་གཙོ་སྒྲུབ་ཀྱི་དུས་དེབ་སྟེང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཚན་བྱང་འཛུགས་པ། ཞིང་སྡེ་སྡོད་ཁུལ་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་འཐུས་ཚང་དུ་འཛུགས་པ་དང་གཞི་རིམ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྤྱི་སྤྱོད་སྒྲིག་ཆས་མ་ལག་འཐུས་ཚང་དུ་བཏང་ནས། གནམ་གྲུ་ཐང་དང་ཐང་ཆེན། ཁྲོམ་ར། སྨན་ཁང་། སློབ་གྲྭ། མྱུར་བགྲོད་གཞུང་ལམ་ཞབས་ཞུ་ས་ཁུལ་སོགས་ས་ཁག་གཙོ་བོ་དག་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནུས་པ་རྒྱ་བསྐྱེད་དུ་བཏང་།

  བདུན། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་གསར་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། བྱ་བའི་འདུ་ཤེས་གསར་སྐྲུན་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་ལུགས་ཞིབ་འཇུག་གྲུབ་འབྲས་བརྗེ་རེས་དང་འཁོར་བསྐྱོད་བྱེད་པར་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གསར་སྐྲུན་འཕེལ་རྒྱས་ལ་ནུས་ལྡན་གྱི་གཞུང་ལུགས་ཀྱིས་རོགས་འདེགས་བྱེད་པར་འདོན་སྤྲོད་བྱས། ཐབས་ལམ་དང་ཐབས་ཤེས་གསར་སྐྲུན་བྱས་ཏེ་གཅིག་བསྡུས་དང་དུས་རྒྱུན་རང་བཞིན་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱས་ནས། བདུན་ཁྱབ་བཅའ་ཁྲིམས་བྱ་འགུལ་སྤེལ་སྟངས་སྔར་ལས་གསར་སྐྲུན་དང་སྐུལ་འདེད་བྱས་ཏེ། བྱ་བའི་ཚད་ཐིགས་འཐུས་ཚང་དང་ནུས་ལྡན་གྱི་སྒྲིག་གཞི་འཛུགས་པ། དྲིལ་སྒྲོག་མ་ལག་གསར་སྐྲུན་དང་རིགས་སོ་སོའི་སྨྱན་བྱེད་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཐོན་ཁུངས་གཅིག་བསྡུས་སྒོས་ཞིང་ཆེན་ཡོངས་ལ་ཁེབས་པར་བྱེད་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དྲ་དམངས་བཙུགས་ནས་རིགས་སོ་སོའི་སྨྱན་བྱེད་སྣ་མང་བྱེད་སྒོ་དང་བརྙན་རིས་མཉམ་འགུལ་ལ་སྐུལ་འདེད་བྱས།

  བརྒྱད། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དཔྱད་ཞིབ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་དཔྱད་ཞིབ་མཛུབ་སྟོན་ཚད་གཞི་དང་དམིགས་ཚད་མ་ལག་འཛུགས་པ། དུས་རྒྱུན་དཔྱད་ཞིབ་དང་ཆེད་དོན་དཔྱད་ཞིབ། ཞིབ་བཤེར་རྩིས་ལེན་དང་ཟུང་འབྲེལ་བྱས་པའི་དཔྱད་ཞིབ་གདེང་འཇོག་དང་བྱ་དགའི་ཚོད་འཛིན་སྒྲིག་གཞི་འཛུགས་པ། ལོ་ལྔའི་འཆར་གཞི་ཐེངས་བདུན་པའི་ཁྲིམས་ལུགས་ཁྱབ་གདལ་ཞིབ་བཤེར་དང་སྤྱི་སྡོམས་རྩིས་ལེན་བྱ་བ་གཟབ་ནན་གྱིས་རྩ་འཛུགས་བྱས་ཏེ་སྤེལ་བ། བཟང་བསྟོད་བྱ་དགའི་རྣམ་གྲངས་དང་རིགས་དབྱེ་གྲངས་ཚད་འཛུགས་པ།

  རྩ་འཛུགས་འགན་ལེན།

  གཅིག རྩ་འཛུགས་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། ས་ཁུལ་སོ་སོའི་སྡེ་ཁག་དང་ལས་ཁུངས་སོ་སོས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་འགོ་ཁྲིད་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པ་ནས་ཞིང་ཆེན་སྲིད་གཞུང་གི་ལས་བགོས་འགོ་ཁྲིད་ཀྱིས་ཙུའུ་ཀྲང་གི་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་འཛུགས་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་གཅིག་གྱུར་མཛུབ་སྟོན། ལྟ་ཞིབ། ཞིབ་བཤེར་བཅས་ཀྱི་འགན་ཁུར་དགོས།

  གཉིས། བྱ་བའི་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ། རིམ་པ་སོ་སོའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གཙོ་གཉེར་ལས་ཁུངས་ཀྱིས་བྱ་བའི་འགན་འཁྲི་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། མཛུབ་སྟོན་ལྟ་ཞིབ་ཇེ་དྲག་ཏུ་བཏང་ནས་ལོ་རེ་ཡི་འཆར་འགོད་གནས་ཚུལ་ས་གནས་དེ་གའི་ཏང་ཨུའི་སྲིད་གཞུང་དང་རིམ་པ་གོང་མའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གཙོ་གཉེར་ལས་ཁུངས་ལ་སྙན་ཞུ་བྱ་དགོས།

  གསུམ། རུ་ཁག་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། ནུས་ཚད་འཛུགས་སྐྲུན་གཙོར་བཟུང་སྟེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རུ་ཁག་གི་བསམ་པའི་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། བྱ་སྤྱོད་འཛུགས་སྐྲུན། ལས་སྒོ་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་བཏང་ནས་རུ་ཁག་གི་སྤྱིའི་བྱ་སྤྱོད་ཇེ་མཐོར་གཏོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྐང་འཛིན་རུ་ཁག་དང་གཞི་རིམ་དྲིལ་སྒྲོག་རུ་ཁག དྲ་རྒྱའི་དྲིལ་སྒྲོག་རུ་ཁག གཞུང་ལུགས་ཞིབ་འཇུག་རུ་ཁག་གསོ་སྐྱོང་བྱེད་པ་གཙོར་བཟུང་སྟེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྐང་འཛིན་བྱེད་སྒོའི་གསོ་སྦྱོང་ཇེ་དྲག་ཏུ་བཏང་ནས་བྱེད་སྒོའི་ཆུ་ཚད་མཐོ་རུ་གཏོང་བ།

  བཞི། འགྲོ་གྲོན་འགན་ལེན་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་འགྲོ་གྲོན་དེ་རིམ་པ་དེ་ཡི་ནོར་སྲིད་སྔོན་རྩིས་སུ་འཇོག་དགོས་པ་མ་ཟད། འགུལ་རྣམ་ལེགས་སྒྲིག་སྒྲིག་གཞི་བཙུགས་ནས་འགྲོ་གྲོན་གྱིས་བྱ་བའི་དགོས་མཁོ་སྐོང་ཐུབ་པར་འགན་ལེན་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་བྱ་བ་བདེ་བླག་གིས་སྤེལ་ཐུབ་པར་འགན་ལེན་བྱ་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྨང་གཞིའི་སྒྲིག་ཆས་དང་རྟེན་གཞིའི་འཛུགས་སྐྲུན་སོགས་ཀྱི་འགྲོ་གྲོན་རིམ་པ་སོ་སོའི་སྲིད་གཞུང་སྤྱི་གཞུང་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་རྣམ་གྲངས་གྲས་སུ་བཞག་ནས། གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་འཛུགས་སྐྲུན། མཉམ་ཏུ་སྐུལ་འདེད་བྱེད་དགོས། །

ལོ་ཙཱ་བ།ལྷ་ཆེན་རྒྱལ།