མཚོ་སྔོན་ཞིང་ཆེན་གྱི་གཞན་ཡུལ་དུ་གནས་སྤོར་བའི་དབུལ་ཐར་འགག་སྒྲོལ་ལས་འགུལ་འཆར་གཞི།

  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《དབུལ་སེལ་འཐབ་ཇུས་སྔོན་ལ་སྤྱི་ཡོངས་ནས་དབུལ་སེལ་ཐད་ཀྱི་ལག་བསྟར་བསམ་འཆར》(【2015】ཨང19)དགོངས་དོན་དང་དམིགས་འབེན་ལས་འགན་འགན་འཁྲིའི་ལས་བགོས་གཙོ་བོའི་ཇུས་གཞི་གཞིར་བཟུང་ཏེ། དོན་དངོས་ཟུང་འབྲེལ་སྒོས་ཐེངས་འདིའི་ལས་འགུལ་འཆར་གཞི་སྒྲིག་བཟོ་བྱས་པ་ཡིན།

 གཅིག དབུལ་སེལ་ཁྱབ་ཁོངས།

  ཡིག་ཚགས་དང་བྱང་བུ་བཟོ་བའི་གཞན་ཡུལ་དུ་གནས་སྤོར་བའི་དབུལ་ཕོངས་ཁྱིམ་ཚང33377ཡོད་ལ་མི118869ཡོད། ས་གཤིས་གནོད་འཚེ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཐག་ཡིན་པ། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཞན་པས་ཡིག་ཚགས་དང་བྱང་བུ་བཟོ་དགོས་པའི་དབུལ་ཕོངས་ཁྱིམ་ཚང་དང་མཉམ་ཏུ་སྡེ་བ་དང་རུ་ཁག་ཡོངས་གནས་སྤོར་བའི་ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང19103ཡོད་ལ་མི81198ཡོད།

  གཉིས། དམིགས་འབེན་ལས་འགན།

  2016ལོ་ནས2019ལོའི་བར་གྲོང་ཁྱེར8(ཁུལ)དང་རྫོང38(གྲོང་ཁྱེར་དང་ས་ཁུལ)། ཞང(གྲོང་རྡལ)279། སྡེ་བ1234ཡི་གཞན་ཡུལ་དུ་གནས་སྤར་བའི་དབུལ་སེལ་ལས་གཞི་ལག་བསྟར་བྱས་ཏེ། གནས་སྤར་རོང་འབྲོག་ཁྱིམ་ཚང52480དང་མི200067བཀོད་སྒྲིག་བྱ་རྒྱུ་རེད། དེའི་ཁྲོད་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་དུ་གནས་སྤོར་བཀོད་སྒྲིག་བྱེད་པའི་ཁྱིམ་ཚང23750མི94890ཡོད། སོ་སོའི་ཞིང་ཆེན་ཡོངས་ཀྱི་གནས་སྤོར་བཀོད་སྒྲིག་གི་སྤྱིའི་རྒྱ་ཁྱོན་གྱི45.3%དང47.4%བཟུང་ཡོད་པ་རེད། བོད་ཁུལ་གྱི་ཁུལ་དྲུག་ནས་གནས་སྤོར་བཀོད་སྒྲིག་བྱེད་པའི་ཁྱིམ་ཚང28730དང་མི105177ཡོད། སོ་སོའི་ཞིང་ཆེན་ཡོངས་ཀྱི་གནས་སྤོར་བཀོད་སྒྲིག་གི་སྤྱིའི་རྒྱ་ཁྱོན་གྱི54.7%དང52.6%བཟུང་ཡོད།

  གསུམ། འཕེལ་རིམ་བཀོད་སྒྲིག

  2016ལོ་ནས2017ལོའི་བར་གནས་སྤོར་བཀོད་སྒྲིག་བྱེད་པའི་རོང་འབྲོག་ཁྱིམ་ཚང20543དང་མི77984ཡོད། དེའི་ཁྲོད། ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང13437དང་མི48299ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང7106དང་མི29685ཡོད།

  2017ལོ་ནས་2018ལོའི་བར་གནས་སྤོར་བཀོད་སྒྲིག་བྱེད་པའི་རོང་འབྲོག་ཁྱིམ་ཚང16119དང་མི60991ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང9943དང་མི35054ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང6122དང་མི25937ཡོད་པ་རེད།

  2018ལོ་ནས་2019ལོའི་བར་གནས་སྤོར་བཀོད་སྒྲིག་བྱེད་པའི་རོང་འབྲོག་ཁྱིམ་ཚང15818དང་མི610921ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང9943དང་མི35516ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང5875དང་མི25576ཡོད་པ་རེད།

  བཞི། བཀོད་སྒྲིག་བྱེད་སྟངས།

  རྫོང་མཁར་དང་ཞང་གྲོང་། དཀྱིལ་སྙིང་སྡེ་བའི་མི་གྲངས་ཐེག་ཚད་བྱེད་ནུས་གཞིར་བཟུང་སྟེ། གནས་སྤོར་མང་ཚོགས་ཀྱི་འདོད་བློ་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་ས་ཁོངས་དང་བཀོད་སྒྲིག་རྣམ་པ་གདམ་གསེས་བྱེད་པ།

  (1)གཅིག་བསྡུས་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང44477ཡོད་ལ་མི170032ཡོད། སོ་སོའི་ཞིང་ཆེན་ཡོངས་ཀྱི་གནས་སྤོར་བཀོད་སྒྲིག་སྤྱིའི་རྒྱ་ཁྱོན་གྱི84.7%དང85%བཟུང་ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང25371དང་མི88834ཡོད་ལ།སོ་སོའི་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་གི 76%དང74.7%བཟུང་ཡོད། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང19103དང་མི81198ཡོད་པ་རེད། སོ་སོའི་གཅིག་བསྡུས་བཀོད་སྒྲིག་གི24%དང25.3%བཟུང་ཡོད།

 གཅིག སྲིད་འཛིན་སྡེ་བའི་ནང་ཐག་ཉེ་སར་གཅིག་བསྡུས་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང22903ཡོད་ལ་མི87496ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང25371དང་མི88834ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང19103དང་མི81198ཡོད་པ་རེད། གཙོ་བོ་དཀྱིལ་སྙིང་སྡེ་བར་ད་སྔར་ཡོད་པའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་སྤྱོད་ཞབས་ཞུ་ལ་བརྟེན་ཏེ་ས་ཞིང་བརྗེ་སྤོ་ལེགས་སྒྲིག་བྱས་པ་བརྒྱུད། གནས་སྤོར་ས་དེ་རང་སྡེ་བའི་ནང་གི་ཐག་ཉེ་སར་གཅིག་བསྡུས་བཀོད་སྒྲིག་བྱ་རྒྱུ་རེད།

  གཉིས། སྡེ་གསར་འཛུགས་སྐྲུན་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་པ།བསྡོམས་པས་ཁྱིམ་ཚང5346ཡོད་ལ་མི20475ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང3068དང་མི11071ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང2278དང་མི9404ཡོད་པ་རེད། གཙོ་བོ་ས་གནས་འཛུགས་སྐྲུན་ལེགས་སྒྲིག་བྱས་པ་བརྒྱུད་དེ་གནས་སྤོར་སྡེ་གསར་འཛུགས་སྐྲུན་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱ་རྒྱུ་རེད།

  གསུམ། མཁར་གྲོང་ཆུང་བ་དང་བཟོ་ལས་གླིང་ཁུལ་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང15729ཡོད་ལ་མི60246ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང6931དང་མི24471ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང8798དང་མི35774ཡོད་པ་རེད། གཙོ་བོ་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་ཟུང་འབྲེལ་སྒོས་ཆ་རྐྱེན་ལྡན་པའི་རྫོང་མཁར་དང་ཞང་གྲོང་ཉེ་འགྲམ་ནས་གཞིས་ཁུལ་དང་རྣམ་པ་གསར་བའི་ཞང་སྡེའི་སྡོད་ཁུལ། བཟོ་ལས་གླིང་ཁུལ་བཀོད་སྒྲིག་ཁུལ་འཛུགས་སྐྲུན་བཀོད་སྒྲིག་བྱས་ཏེ། ངལ་ནུས་ངེས་ཅན་ལྡན་ལ་ཚོང་དོན་ཚོང་གཉེར་གྱི་རྨང་གཞི་ལྡན་པའི་གནས་སྤོར་བྱ་ཡུལ་ལ་གནས་སྤོར་བཀོད་སྒྲིག་བྱ་རྒྱུ་རེད།

  བཞི། ཞང་སྡེའི་ཡུལ་སྐོར་ཁུལ་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང496ཡོད་ལ་མི1815ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང323དང་མི1049ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང173དང་མི766ཡོད་པ་རེད། གཙོ་བོ་ཡུལ་སྐོར་དབུལ་སྐྱོར་དང་ས་གནས་རང་གི་ཡུལ་སྐོར་སྐྱེ་ཁམས། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ་ལ་བརྟེན་ཏེ་ཞང་སྡེའི་ཡུལ་སྐོར་སྡེ་བ་གཙོ་བོ་དང་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱས་ཏེ་གནས་སྤོར་བཀོད་སྒྲིག་བྱས་ནས་ཞང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏང་རྒྱུ་རེད།

  (2)རང་འགུལ་སྒོས་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང8006ཡོད་ལ་མི30035ཡོད། ཐམས་ཅད་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། སོ་སོའི་ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱིམ་ཚང་དང་དབུལ་ཕངས་མི་ཡི15.3%དང15%བཟུང་ཡོད།

  1 མེ་ཏོག་འཛུགས་ས་བཀོད་སྒྲིག་བྱེད་པ། བསྡོམས་པས་ཁྱིམ་ཚང6198ཡོད་ལ་མི6528ཡོད། གཙོ་བོ་བཀོད་སྒྲིག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་ལ་བརྟེན་ཏེ་གནས་སྤོར་ཁྱིམ་ཚང་གིས་རང་གིས་ཉོས་པའི་ཞིང་ཕྱུགས་ས་ཁུལ་གྱི་སྔར་ཡོད་ཀྱི་སྤྲོ་གསེང་བར་འཁྱམས་ཁང་བ་བཀོད་སྒྲིག་བྱེད་པ།

  2 གཉེན་ཉེ་དང་གྲོགས་ལ་བརྟེན་པ། བསྡོམས་པས་ཁྱིམ་ཚང1808ཡོད་ལ་མི6528ཡོད། གཙོ་བོ་གནས་སྤོ་མཁན་གྱིས་་གྲོང་ཁྱེར་ནང་ལས་གཉེར་བྱེད་མཁན་དང་གཉེན་ཉེ་གྲོགས་ལ་བརྟེན་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་རང་འགུལ་སྒོས་ བཀོད་སྒྲིག་བྱེད་པ་སྣེ་ཁྲིད་བྱས་ཏེ། གནས་སྤོར་དབུལ་སྐྱོར་གྱི་ཁང་བ་འཛུགས་སྐྲུན་བྱེད་པའི་ཁ་གསབ་རོལ་མྱོང་བྱེད་པ་དང་དུས་མཚུངས་སུ། ཕྱིར་སྤོ་དང་ནང་སྤོ་བྱེད་ས་སྲིད་གཞུང་གིས་ལེགས་སྒྲིག་བྱས་ཏེ་ཁྱིམ་ཐོ་སྐོར་བ་དང་སྤྱི་ཚོགས་འགན་སྲུང་། ལས་ཞུགས་གསོ་སྦྱོང་། སྤྱི་སྤྱོད་ཞབས་ཞུ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད།

  ལྔ། འཛུགས་སྐྲུན་ནང་དོན་དང་ཁ་གསབ་ཚད་གཞི

  (1)འཛུགས་སྐྲུན་ནང་དོན་དང་ཁ་གསབ་ཚད་གཞི།

  གཅིག སྡོད་ཁང་འཛུགས་སྐྲུན།

  གཅིག་བསྡུས་བཀོད་སྒྲིག་བྱེད་པ། གནས་སྤོར་མང་ཚོགས་ཀྱི་སྐྱར་སྐྲུན་སྡོད་ཁང(ཁང་བརྩེགས)44474ཡོད། དེའི་ཁྲོད། ཐག་ཉེ་སར་བཀོད་སྒྲིག་བྱེད་པའི་ཁང་བ(ཁང་བརྩེགས)22903དང་སྡེ་གསར་བཀོད་སྒྲིག་ཁང་བ(ཁང་བརྩེགས)5346། མཁར་གྲོང་ཆུང་བ་དང་བཟོ་ལས་གླིང་ཁུལ་གྱི་བཀོད་སྒྲིག་ཁང་བ(ཁང་བརྩེགས)15729།ཞང་སྡེའི་ཡུལ་སྐོར་ཁུལ་གྱི་བཀོད་སྒྲིག་བྱེད་པའི་ཁང་བ(ཁང་བརྩེགས)496ཡོད་པ་རེད། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྨི་རྒྱ་དཔང་གྲུ་བཞི་མ80ཡོད་ལ། བསྡོམས་པས་སྨི་རྒྱ་དཔང་གྲུ་བཞི་མ་ཁྲི419.8ཡོད།ད་རུང་སྒོ་ཆེན་དང་གྱང་སོགས་ཆ་ཚང་བསྐོ་བཞག་བྱ་རྒྱུ་རེད། འཛུགས་སྐྲུན་ཚད་གཞི《མཚོ་སྔོན་ཞིང་ཆེན་རོང་འབྲོག་ས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་མཛུབ་སྟོན་ལག་དེབ།》གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ་རེད།

  རང་འགུལ་སྒོས་བཀོད་སྒྲིག་བྱེད་པ། གནས་སྤོར་མང་ཚོགས་ཀྱིས་རང་གིས་ཉོས་ཆོག་པའི་སྡོད་ཁང8006ཡོད། ཉོ་སྒྲུབ་ཁང་བའི་གན་རྒྱའི་ཡི་གེ་དེ་གནས་སྤོར་ཡུལ་གྱི་རྫོང་དང་ཞང་། སྡེ་བ། ཁྱིམ་ཚང་བཅས་ཀྱི་ཁྲིམས་ལུགས་དྲུང་ཡིག་ལ་མིང་རྟགས་བཀོད་པ་དང་རྫོང་རིམ་པའི་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་ལ་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད། ཉོ་སྒྲུབ་སྡོད་ཁང་གི་ཁ་གསབ་མ་དངུལ་བླངས་ཆོག་པ་རེད།

  གཉིས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གཅིག་བསྡུས་བཀོད་སྒྲིག་ཁུལ་ལ་བཙོག་ཆུ་ཕྱིར་འདོན་པ་དང་འགྲོ་ལམ། གློག འཕྲིན་གཏོང་དྲ་རྒྱ། ཁོར་སྲུང་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ཏེ། བཀོད་སྒྲིག་ཁུལ་གྱི་ཁོར་ཡུག་ལེགས་པ་དང་སྒྲིག་ཆས་ཆ་ཚང་ཡིན་པ། སྒྲིག་ལམ་ལེགས་པ། བྱེད་ནུས་འཐུས་ཚང་ཡིན་པར་འགན་ལེན་བྱ་རྒྱུ་རེད།

  ཆུ་འདོན་སྒྲིག་ཆས། མཁར་གྲོང་ཆུང་བ་དང་བཟོ་ལས་ར་བ་བཀོད་སྒྲིག་ཁུལ་གྱི་ཆུ་འདོན་དོ་དམ་དྲ་རྒྱ་མཁར་གྲོང་ཆུ་འདོན་མ་ལག་གཅིག་གྱུར་འཆར་འགོད་ནང་ཞུགས་ནས་ལག་བསྟར་བྱེད་པ། ཐག་ཉེ་སར་བཀོད་སྒྲིག་དང་སྡེ་གསར་བཀོད་སྒྲིག ཞང་སྡེའི་ཡུལ་སྐོར་ཁུལ་ལ་བཀོད་སྒྲིག་བྱས་པར་གཅིག་བསྡུས་ཆུ་འདོན་ཨར་ལས་འཛུགས་སྐྲུན་དང་ཁ་ཐོར་རྣམ་པའི་ཆུ་འདོན་ལས་གཞི་སྤྱད་དེ་བཀོད་སྒྲིག་ཁུལ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

  བཙོག་ཆུ་ཕྱིན་འདོན་པའི་སྒྲིག་ཆས། མཁར་གྲོང་ཆུང་བ་དང་བཟོ་ལས་གླིང་ཁུལ་དུ་བཀོད་སྒྲིག་བྱས་པའི་བཙོག་ཆུ་ཕྱིར་འདོན་མ་ལག་མཁར་གྲོང་བཙོག་ཆུ་ཕྱིར་འདོན་དོ་དམ་དྲ་རྒྱའི་གཅིག་གྱུར་འཆར་འགོད་ནང་ཞུགས་ནས་ལག་བསྟར་བྱས་ཏེ། མཁར་གྲོང་ཕྱི་ཡི་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་བཙོག་ཆུ་སྡུད་པ་དང་ཐག་གཅོད་བྱེད་པ་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ནང་ཞུགས་ནས། གཞི་རྒྱ་ཅུང་ཆེ་བའི་གཅིག་བསྡུས་བཀོད་སྒྲིག་ཁུལ་ལ་བཙོག་ཆུ་ཐག་གཅོད་བྱེད་པའི་ས་ཚུགས་ཆུང་བ་ཁྱབ་གདལ་དུ་བཏང་སྟེ། གཞི་རྒྱ་ཅུང་ཆུང་བའི་གཅིག་བསྡུས་བཀོད་སྒྲིག་ཁུལ་ལ་ཆར་ཆུ་དང་བཙོག་ཆུ་མཉམ་དུ་ཕྱིར་འདོན་པའི་ཆུ་ཟམ་དང་ཐག་ཉེ་སར་ཡོད་པའི་ཆུ་རྫིང་། ཆུ་གསོག་ཆུ་རྫིང་འཛུགས་སྐྲུན་བྱ་རྒྱུ་རེད།

  གློག་འདོན་སྒྲིག་ཆས། མཁར་གྲོང་ཆུང་བ་དང་བཟོ་ལས་ར་བར་བཀོད་སྒྲིག་བྱས་པའི་གློག་འདོན་མ་ལག་མཁར་གྲོང་གློག་འདོན་མ་ལག་གཅིག་གྱུར་འཆར་འགོད་ནང་ཞུགས་ནས་ལག་བསྟར་བྱས་ཏེ། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྟོང་ཝ9ལས་མི་ཆུང་བའི་གློག་འདོན་སྒྲིག་ཆས་ཆ་ཚང་སྒྲིག་པ། ཐག་ཉེ་སར་བཀོད་སྒྲིག་དང་སྡེ་གསར་བཀོད་སྒྲིག ཞང་སྡེའི་ཡུལ་སྐོར་ཁུལ་དུ་བཀོད་སྒྲིག་བྱས་པར་གློག་དྲ་ཆེ་བ་སྤྱད་ནས་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྟོང་ཝ5ལས་མི་ཆུང་བའི་ཚད་གཞི་དང་སྟོང་ཧྥུའུ10གློག་འདོན་གློག་སྐུད་དང་ཧྥུའུ380/220ཡི་གློག་འདོན་གློག་སྐུད་སོགས་ཀྱི་གློག་འདོན་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ་རེད།

  འགྲོ་ལམ་འཛུགས་སྐྲུན། མཁར་གྲོང་ཆུང་བ་དང་བཟོ་ལས་ར་བར་བཀོད་སྒྲིག་བྱས་པའི་འགྲོ་ལམ་གཙོ་བོ་མཁར་གྲོང་འགྲིམ་འགྲུལ་འཆར་གཞི་གཅིག་གྱུར་འཆར་འགོད་ནང་ཞུགས་ནས་ལག་བསྟར་བྱས་ཏེ། ཐག་ཉེ་སར་བཀོད་སྒྲིག་དང་སྡེ་གསར་བཀོད་སྒྲིག ཞང་སྡེའི་ཡུལ་སྐོར་ཁུལ་དུ་བཀོད་སྒྲིག་བྱས་པའི་བཀོད་སྒྲིག་ཁུལ་གྱི་སྲ་འགྱུར་ཅན་གྱི་འགྲོ་ལམ་གཙོ་བོའི་ཞེང་ཚད་ལ་སྨི9དང་སྲང་ལམ་གྱི་ཞེང་ཚད་ལ་སྨི3། ཕྱི་འབྲེལ་འགྲོ་ལམ་གྱི་ཞེང་ཚད་ལ་སྨི6ཡོད།

  འཕྲིན་གཏོང་སྒྲིག་ཆས། ཆ་རྐྱེན་ཡོད་པའི་རྫོང་མཁར་ཉེ་འགྲམ་གྱི་བཀོད་སྒྲིག་ཁུལ་དུ་འོད་སྐུད་དྲ་རྒྱ་མཐུད་འཇུག་བྱེད་དགོས་ལ། གཅིག་བསྡུས་ཁུལ་གཞན་པའི་ཐགས་ཡངས་མཐུད་འཇུག་མངོན་འགྱུར་བྱས་ནས། བཀོད་སྒྲིག་ཁུལ་གྱི་འོད་སྐུད་དང་ཐགས་ཡངས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས།

  ཁོར་སྲུང་སྒྲིག་ཆས། མཁར་གྲོང་ཆུང་ངུ་དང་ཡང་ན་བཟོ་ལས་ར་བའི་བཀོད་སྒྲིག་ཁུལ་དུ་རིགས་དབྱེ་རྣམ་པའི་གད་སྙིགས་སྒམ། ཉེ་ས་དང་སྡེ་གསར་དུ་བཀོད་སྒྲིག་བྱས་ནས། ཞང་སྡེ་ཡུལ་སྐོར་ལྗོངས་ཁུལ་བཀོད་སྒྲིག་ཁུལ་གྱི་ཁྱིམ་ཚང25ལ་ཚངས་ཕྱེད་སྨི50མཚམས་ལ་གད་སྙིགས་སྒམ་གཅིག་འཛུགས་དགོས་ལ། གད་སྙིགས་དབོར་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་ཏེ། སྡེ་བ་གད་སྙིགས་བསྡུ་བ་དང་ཞང་ནས་དབོར་འདྲེན། རྫོང་ནས་ཐག་གཅོད་བྱེད་པའི་རྣམ་པ་ལྟར་གད་སྙིགས་གཙང་དག་དང་གད་སྙིགས་ར་བར་སྐྱེལ་དགོས། ཁྱིམ་ཚང50དང་ཡང་ན་ཚངས་ཕྱེད་སྨི100མཚམས་སུ་ཁོར་སྲུང་སྤྱི་སྤྱོད་ཁང་གཅིག་སྐྲུན་དགོས་ལ། དེ་ནི་བཀོད་སྒྲིག་ཁུལ་དང་ཡང་ན་ས་གནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་སྒོས་དོ་དམ་བྱ་དགོས། འཛུགས་སྐྲུན་ཚད་གཞི་དེ་ཡང<<ཞང་སྡེའི་སྤྱོད་ཁང་བཅོས་བསྒྱུར་ཨར་ལས་ལག་རྩལ་བཀས་བཅད། >>(2015ལོའི་བཅོས་བསྒྱུར་མ། )ལག་བསྟར་བྱེད་དགོས།

  རྨང་གཞིའི་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས། གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་གནས་སྤོ་མང་ཚོགས་ལ་འདྲ་མཉམ་གྱིས་རྨང་གཞིའི་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་བཅས་བཀོལ་སྤྱེད་བྱེད་པར་འགན་ལེན་བྱ་དགོས། ཡུལ་བབ་དང་བསྟུན་ནས་གནས་སྤོ་བཀོད་སྒྲིག་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན། རིག་གནས། ལུས་རྩལབཅས་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དང་། རྨང་གཞིའི་སྤྱི་གཞུང་ཞབས་ཞུའི་ནུས་པ་མཐོར་འདེགས་དང་གནས་སྤོ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས།

  སློབ་གསོའི་སྒྲིག་ཆས། གནས་སྤོའི་དབུལ་སྐྱོར་བྱས་རྗེས། སློབ་གྲྭ་ཆུང་འབྲིང་གི་མལ་ཁང་རྒྱ་བསྐྱེད་བྱེད་དགོས་ཚེ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་འཆར་འགོད་ཁྲོད་བཞག་སྟེ། དེར་བསྟུན་གྱི་ལེགས་སྒྲིག་དང་ཁྱབ་སྟངས་གཅིག་གྱུར་བཀོད་སྒྲིག་བྱེད་དགོས།

  འཕྲོད་བསྟེན་སྒྲིག་ཆས། གཅིག་བསྡུས་བཀོད་སྒྲིག་ཁུལ་དུ་ཚད་ལྡན་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་དགོས་ལ། ལས་སྒོའི་ཁང་བའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ60ལས་དམའ་མི་རུང་། རྨང་གཞིའི་སྨན་བཅོས་སྒྲིག་ཆས་འཐུས་ཚང་དང་བཀོད་སྒྲིག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་དགོས།

  བཀོད་སྒྲིག་ཁུལ་གྱི་ཕྱོགས་བསྡུས་བྱ་འགུལ་སྤེལ་ས། ས་ཁུལ་སོ་སོའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་སྒོས་ཕྱོགས་བསྡུས་བྱ་འགུལ་གནས་དེ་གཞི་རིམ་སྲིད་དབང་ལས་སྒོས་ཁང་བ་དང་སྦྲེལ་ནས་འཛུགས་སྐྲུན་བྱས་ཆོག བཀོད་སྒྲིག་ཁུལ་ལ་རིག་གནས་དང་ཚན་རྩལ།ལུས་རྩལ་བྱ་འགུལ།ལས་ཞུགས་མཛུབ་སྟོན་དང་ངལ་ལས་ཞབས་ཞུ་སོགས་ཀྱི་བྱེད་ནུས་འཛོམ་པར་བྱ་རྒྱུ་རེད། བཀོད་སྒྲིག་ཁུལ་རེ་རེའི་ཕྱོགས་བསྡུས་བྱ་འགུལ་ཁང་བ་བཟོ་སྐྲུན་བྱེད་པའི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ200ལས་དམའ་མི་རུང་། སྲ་འགྱུར་ཅན་རིག་རྩལ་བྱ་འགུལ་ཐང་ཆེན་སྨི་དཔངས་གྲུ་བཞི་མ100ལས་དམའ་མི་རུང་།

  གནས་སྤོ་ཁུལ་གྱི་སྐྱེ་ཁམས་སླར་གསོ། གནས་སྤོ་དབུལ་སྐྱོར་གྱི་རྒྱལ་དབང་ས་ཁུངས། ནགས་ལས། ཞིང་ཕྱུགས་བཅས་ཀྱི་སྡེ་ཁག་གིས་འགན་ལེན་བྱས་ཏེ་གནས་སྤོ་ས་ཁུལ་དུ་རྨོ་འདེབས་ནགས་སྐྱུར། ཁང་ས་གསར་སྤོལ་དང་དག་སྒྲིག་བཀོད་སྒྲིག་ཁུལ་གྱི་ལྗང་བསྒྱུར་བཅས་ཀྱི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་བྱེད་དགོས།

  རྨོ་བསྐྱུར་ནགས་སྐྲུན། རྒྱལ་ཁབ་ཀྱི་སྐོར་ཐེངས་གསར་བའི་རྨོ་བསྐྱུར་ནགས་སྐྲུན་སྲིད་ཇུས་དང་གལ་ཆེའི་སྐྱེ་ཁམས་བཟོ་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་ཏེ། གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བར་ཤུགས་སྣོན་དགོས་ལ། ཏུའུ་གྲངས25ཡན་ཆད་ཀྱི་རི་ངོས་སུ་རྨོ་འདེབས་བྱེད་པ་དང་། བྱེ་འགྱུར་ཚབས་ཆེན་ཡིན་པའི་རྨོ་འདེབས་སར་རྨོ་བསྐྱུར་ནགས་སྐྲུན་ལག་བསྟར་བྱས་ཏེ། ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་དུ་ནགས་ལས་དཔལ་འབྱོར་གོང་འཕེལ་གཏོང་དགོས།

  བཀོད་སྒྲིག་ཁུལ་ལྗང་བསྒྱུར་བྱེད་དགོས། མཛེས་པའི་གྲོང་སྡེ་འཛུགས་སྐྲུན། ལྗང་མདོག་གི་མིའི་སྡོད་གནས་ཁོར་ཡུག་བསྐྲུན་པའི་རེ་བ་ལྟར་དུ། ནུས་ཤུགས་ཆེན་པོས་གྲོང་སྡེ་གཞུང་ལམ་དང་ཆུའི་འགྲམ་ངོགས་ཀྱི་གླིང་ཀ་ལྗང་བསྒྱུར་ལ་སྐུལ་འདེད་བཏང་ནས། སྡོང་འཛུགས་ནགས་སྐྲུན་ལག་བསྟར་བྱས་ཏེ། གྲོང་སྡེའི་ཉེ་འགྲམ་དང་སྡོད་ཁུལ་ལྗང་བསྒྱུར་མཛེས་བཟོ་བྱས་ཏེ། བཀོད་སྒྲིག་ཁུལ་གྱི་ལྗང་བསྒྱུར་ཚད30%ལས་དམའ་མི་རུང་།

  ཁང་ས་གསར་སྦོལ་དང་དག་བསྒྲིགས། དབུལ་སྐྱོར་གནས་སྤོའི་རོང་འབྲོག་མང་ཚོགས་ཡིན་ཕྱིན། ཁང་ས་གསར་སྦོལ་དང་ཁང་རྙིང་བཤིག་པ། ཁང་ས་ཕྱིར་འཐེན་བཅས་ཀྱི་གྲོས་ཆིངས་ཡི་གེ་ལག་བསྟར་བྱས་ནས། སྡེ་བ་ཧྲིལ་བོ་དང་སྡོད་ཁུལ་ཧྲིལ་བོའི་གནས་སྤོའི་རོང་འབྲོག་མང་ཚོགས་ཀྱི་སྔར་གྱི་ཁང་ས་གསར་སྦོལ་ལག་བསྟར་བྱས་ཏེ། གནས་སྤོ་ཁྱིམ་ཚང་ཐོར་བུའི་ཁང་ས་ཐོར་བུ་དང་གསར་སྦོལ་ཆ་རྐྱེན་མི་ལོངས་པའི་ཁང་ས་གཞན་དག་ཞིང་སྡེ་འཛུགས་སྐྲུན་གྱི་ས་ལ་བཀོལ་དགོས།

  (གཉིས། )ཁ་གསབ་ཚད་གཞི།

  གཅིག  ཁང་བ་འཛུགས་སྐྲུན་གྱི་ཁ་གསབ། གཅིག་གྱུར་སྒོས་བཀོད་སྒྲིག་བྱས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཡིག་ཚགས་དང་བྱང་བུ་བཟོས་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཚང་རེར་ཁ་གསབ་སྒོར་ཁྲི8དང་། བོད་ཁུལ་གྱི་ཁུལ་དྲུག་གི་ཁྱིམ་ཚང་རེར་ཁ་གསབ་སྒོར་ཁྲི9རེད་ལ། སྡེ་བ་ཧྲིལ་བོ་དང་སྡོད་ཁུལ་ཧྲིལ་བོའི་དུས་མཉམ་གནས་སྤོ་ཡི་ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱིམ་ཚང་མ་ཡིན་པའི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཚང་རེར་ཁ་གསབ་སྒོར་ཁྲི4.5ཡིན་ལ(ཞིང་སྡེ་ཁང་རྙིང་བསྒྱུར་བཀོད་ཀྱི་མ་དངུལ་སྒོར་ཁྲི2.5འདུ། )བོད་ཁུལ་གྱི་ཁུལ་དྲུག་གི་ཁྱིམ་ཚང་རེར་ཁ་གསབ་སྒོར་ཁྲི5.5ཡིན་ལ ཞིང་སྡེ་ཁང་རྙིང་བསྒྱུར་བཀོད་ཀྱི་མ་དངུལ་སྒོར་ཁྲི2.5འདུ།)

  གཉིས། རྨང་གཞིའི་སྒྲིག་ཆས། ཆུ་འདོན་དང་ཆུ་འབུད་བཟོ་སྐྲུན་གྱི་མི་རེར་སྒོར2000དང་ཆུ་ཡུར་སྤྱི་ལེ་རེ་ལ་སྒོར་ཁྲི2ཡིན་ལ། བཙོག་ཆུ་ཐག་གཅོད་ཆུང་གྲས་ས་ཚུགས་ལ་སྨི་རང་སུམ་སྒྱུར་རེ་ལ་སྒོར་ཁྲི1དང་། གློག་འདོན་བཟོ་སྐྲུན་ལ་སྟོང་ཝ10ཡི་གློག་སྐུད་སྤྱི་ལེ་རེར་སྒོར་ཁྲི15ནས18བར་ཡིན་ལ། ཝ380/ཝ220གློག་འདོན་སྐུད་པ་སྤྱི་ལེ་རེར་སྒོར་ཁྲི12~15ཡི་ཁ་གསབ་ཡོད་ལ། བྱེ་བྲག་གི་བཟོ་སྐྲུན་གོང་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་ཐག་གཅོད་བྱ་རྒྱུ་དང་། གཞུང་ལམ་བཟོ་སྐྲུན་དེ་བཀོད་སྒྲིག་ཁུལ་གྱི་གཙོ་རྒྱུའི་ལམ་དང་ཕྱི་འབྲེལ་གཞུང་ལམ་སྤྱི་ལེར་རེར་སྒོར་ཁྲི20ཡིན་ལ། ཁང་བའི་བར་གྱི་ལམ་སྤྱི་ལེ་རེར་སྒོར་ཁྲི12ཡི་ཚད་གཞིའི་ཁ་གསབ་དང་། འཕྲིན་གཏོང་དྲ་རྒྱའི་སྒྲིག་ཆས་སྤྱི་ལེ་རེ་ཡི་འཕྲིན་གཏོང་སྐུད་པར་སྒོར་ཁྲི1.5ཚད་གཞིའི་ཁ་གསབ། ཁོར་ཡུག་གཙང་སྦྲའི་རྨང་གཞིའི་སྒྲིག་ཆས་ཁྲོད་སྤྱི་སྤྱོད་ཁང་རེ་རེར་སྒོར་ཁྲི2དང་གད་སྙིགས་བསྡུ་རུབ་ས(སྒམ)རེ་རེར་སྒོར4000ཡིན་ལ། གད་སྙིགས་སྐྱེལ་འདྲེན་རླངས་འཁོར་རེ་ལ་སྒོར་ཁྲི3གྱི་ཚད་གཞིའི་ཁ་གསབ། (གཅིག་བསྡུས་བཀོད་སྒྲིག་གྱི་ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་རེར་སྒོར་ཁྲི3བཀོད་སྒྲིག་བྱས་ཤིང་། ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱིམ་ཚང་གི་རྨང་གཞིའི་སྒྲིག་ཆས་ནི་ལས་རིགས་སྡེ་ཁག་གིས་སྡེབ་སྒྲིག་འཛུགས་སྐྲུན་བྱེད་དགོས།)

  (གསུམ། ) མང་ཚོགས་ཀྱིས་རང་གྲབས། གང་ལེགས་ཀྱིས་གནས་སྤོ་བཀོད་སྒྲིག་བྱེད་པའི་མང་ཚོགས་ཀྱི་ཧུར་སེམས་རང་བཞིན་སྐུལ་འདེད། གནས་སྤོ་བཀོད་སྒྲིག་གི་མང་ཚོགས་ཀྱི་གཙོ་རྒྱུའི་འོས་འགན་དོན་འཁྱོལ་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱི་ཚང་རེར་ཁང་བ་སྐྲུན་པའི་རང་གྲབས་མ་དངུལ་སྒོར་ཁྲི1དང་། ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང་ལ་རང་གྲབས་མ་དངུལ་སྒོར་ཁྲི3.5ཡིན། མང་ཚོགས་ཀྱིས་རང་གྲབས་བྱེད་པར་དཀའ་ངལ་ཡོད་ན། ས་གནས་སྲིད་གཞུང་གི་རོགས་འདེགས་འོག་དངུལ་ཁང་ལ་དངུལ་བསྐྱིས་ཆོག་ལ། ཞིང་ཆེན་སྲིད་གཞུང་གིས་སྐྱེད་ཀ་བྱིན་པ་ཆོག་པ་རེད།

 དྲུག མ་འཇོག་ཚོད་རྩིས་དང་མ་དངུལ་གྲབས་གསོག་བྱེད་ཐབས།

  (གཅིག)དངུལ་གཏོང་ཚོད་རྩིས། ལས་གཞིའི་སྤྱིའི་མ་དངུལ་དུང་ཕྱུར88.66བཏང་བ་དང་། དེའི་ཁྲོད། ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་ལ་སྤྱིའི་མ་དངུལ་དུང་ཕྱུར61.29དང་སྤྱིའི་མ་དངུལ་ལས་དུང་ཕྱུར%69.1ཡིན་ལ། ཡིག་ཚགས་དང་བྱང་བུ་བཟོ་བ་མི་དགོས་པའི་ཁྱིམ་ཚང་གི་དངུལ་གཏོང་དུང་ཕྱུར27.37དང་སྤྱིའི་མ་དངུལ་གཏོང་བ་ལས30.9%ཟིན་ཞིང་། དངུལ་གཏོང་ཁྲོད་དུ་སྡོད་ཁང་འཛུགས་སྐྲུན་ལ་དུང་ཕྱུར61.98བཏངས་ཞིང་། (འཛུགས་སྐྲུན་བྱེད་སའི་རིན་པ་འདུ།)69.9%ཟིན་ཡོད་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར26.68དང30.1%ཟིན་ཡོད།

  (གཉིས། )མ་རྩ་གྲབས་གསོག་བྱེད་ཐབས།

  གཅིག ཀྲུང་དབྱང་གི་སྔོན་རྩིས་ནང་དུང་ཕྱུར11.89གཏང་བ་བརྩོན་ལེན་བྱས་ནས། (ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཕོངས་མི་གྲངས་ཁྲི11.89ཡོད་ལ། མི་རེར་ཁ་གསབ་རོགས་དངུལ་ཁྲི1ཡིན་པ་རེད།)

  གཉིས། ས་གནས་སྲིད་གཞུང་གིས་བུ་ལོན་སྒྲིག་གཞི་སྙོམས་སྒྲིག་བྱས་ནས། ཞིང་ཆེན་རིམ་པའི་དངུལ་རྩའི་སྟེགས་བུ་ལ་མ་དངུལ་དུང་ཕྱུར11.89གཏང་བ།

  གསུམ། ཆེད་དོན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར5.94སྙན་ཞུ་བྱེད་པ།

  བཞི། དུས་ཡུན་རིང་བའི་སྐྱེད་ཀ་དམའ་བའི་དངུལ་བུན་སྒོར་དུང་ཕྱུར40.5སྙན་ཞུ་བྱེད་པ། (ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་མི་རེ་རེར་སྒོར་དུང་ཕྱུར3.41ཡིན། )

  ལྔ། ཞིང་སྡེ་དབུལ་ཕོངས་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཀོད་ཀྱི་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་གི་སྒོར་དུང་ཕྱུར1.62སྙན་ཞུ་བྱས་ནས། ཞིང་ཆེན་དང(ཁུལ།)རྫོང་ནོར་སྲིད་གྲབས་གསོག་བྱེད་ཐབས་ཀྱི་མ་དངུལ་སྒོར་དུང་ཕྱུར7.61ཡིན་ལ། བསྡོམས་སྒོར་དུང་ཕྱུར9.23དེ་གཅིག་བསྡུས་ཀྱི་བཀོད་སྒྲིག་མ་ཡིན་པའི་ཡིག་ཚགས་དང་བྱང་བུ་མ་ཡིན་པའི་ཁྱིམ་ཚང་གི་སྡོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་ལ་བཀོལ་བ།

  དྲུག གནས་སྤོ་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལ་རང་གྲབས་མ་དངུལ་སྒོར་དུང་ཕྱུར9.22ཡིན་ལ། དེའི་ཁྲོད། གཅིག་བསྡུས་བཀོད་སྒྲིག་གི་ཡིག་ཚགས་དང་བྱང་བུ་བཟོ་བའི་ཁྱིམ་ཚང་རེ་རེའི་རང་གྲབས་མ་དངུལ་སྒོར་ཁྲི1དང་། དུས་མཉམ་གྱི་གནས་སྤོ་བའི་ཡིག་ཚགས་དང་བྱང་བུ་བཟོ་མི་དགོས་པའི་ཁྱིམ་ཚང་ ལ་རང་གྲབས་མ་དངུལ་སྒོར་ཁྲི3.5ཡིན་པ་རེད།

  (གསུམ། )ཡིད་རྟོན་དངུལ་བུན་གྱི་འཁོར་སྐྱོད།

  རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། ནོར་སྲིད་པུའུ། རྒྱལ་དབང་ཐོན་ཁུངས་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་གིས《ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་སྐབས་ཀྱི་གནས་སྤོ་དབུལ་སྐྱོར་བྱ་བའི་སྐོར་གྱི་ཇུས་གཞི་དང་བརྡ་སྦྱོར་འགྲེམ་སྤེལ།》(འཕེལ་རྒྱས་བཅོས་བསྒྱུར་ས་ཁུལ【2015】ཨང2769)རེ་བ་ལྟར་དུ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟིས་དངུལ་བུན་གཏོང་བའི་གཙོ་འགན་བཞེས་ནས། མ་དངུལ་སྒོར་དུང་ཕྱུར17.83བཏངས། དེའི་ཁྲོད་དུ། ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར11.89དང་། རྒྱལ་ཁབ་ཆེད་དོན་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར5.94ཡིན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་དངུལ་ཁང་ལ་དུས་ཡུན་རིང་བའི་སྐྱེད་ཀ་དམའ་བའི་དངུལ་བུན་སྒོར་དུང་ཕྱུར5.94(མི་རེར་དབུན་བུན་སྒོར་ཁྲི3.41)ཡིན་ལ། དངུལ་བུན་དུས་ཚད་ལོ20ཡིན་པ་དང་། དངུལ་བུན་སྐྱེད་ཀ་རྒྱལ་ཁབ་གྱིས་གཏན་འཁེལ་བྱས་ཟིན་པའི་རྨང་གཞིའི་ཚད་གཞི་ལྟར་ལག་བསྟར་བྱ་དགོས་ལ། ཀྲུང་དབྱང་ནོར་སྲིད་ཀྱིས90%དང་ཞིང་ཆེན་ནས10%དངུལ་བུན་སྐྱེད་ཀ་སྤྲོད་དགོས་ལ། དངུལ་བུན་འཇལ་བ་དེ། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཅིག་གྱུར་སྒོར་བཀོད་སྒྲིག་བྱས་ཏེ་ས་གནས་ནོར་སྲིད་ཀྱིས་ནོར་སྲིད་ནུས་པ་བཀོད་སྒྲིག་བྱ་དགོས། དངུལ་གཏོང་གཙོ་རྒྱུའི་དངུལ་བུན་འཇལ་བ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟིའི་གཅིག་གྱུར་གྱིས་དངུལ་བུན་གཏོང་བ་དང་འཇལ་བར་བཀོད་སྒྲིག་བྱ་དགོས།

 དྲུག འགན་ལེན་བྱ་ཐབས།

  (གཅིག)ཚན་ཆུང་གི་འགོ་ཁྲིད་ལ་ཤུགས་སྣོན་པ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་ལ་གཅིག་གྱུར་སྒོས་བཀོད་སྒྲིག་དང་སྙོམས་སྒྲིག་བྱེད་པ་འགན་དུ་བླངས་ནས། གྲོང་ཁྱེར་སོ་སོ་དང(ཁུལ། )ཏང་ཨུ་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་རྫོང་དང(གྲོང་ཁྱེར། ས་ཁུལ། )གྱི་ལས་གཞི་ལ་གཅིག་གྱུར་བཀོད་སྒྲིག་དང་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་བྱས་ཏེ། ས་ཁུལ་དེ་གའི་ལས་གཞིའི་སྤྱིའི་འགན་འཛིན་པས། རྫོང(གྲོང་ཁྱེར། ས་ཁུལ། )གྱི་ཏང་ཨུ་སྲིད་གཞུང་གིས་གནས་སྤོ་དབུལ་སྐྱོར་ལས་གཞིའི་གཙོ་རྒྱུ་ལག་བསྟར་དང་འགན་འཛིན་བྱས་ནས། ནན་ཏན་གྱིས་རྩ་འཛུགས་བྱས་ནས་བྱ་བ་ཁག་ལེགས་པར་བསྒྲུབ་དགོས།

  (གཉིས། )ལས་གཞིའི་དོ་དམ་ལ་ཤུགས་སྣོན་པ། རྫོང་དང་ཞང་གིས་གཞི་རིམ་གྱི་དམངས་གཙོའི་དོ་དམ་རེ་བ་ལྟར་དུ། དབུལ་ཕོངས་མང་ཚོགས་ལས་གཞིའི་བྱེ་བྲག་གི་སྒྲིག་རིམ་གཏན་འཁེལ་བྱས་ཏེ། དབུལ་ཕོངས་མང་ཚོགས་གོ་རིམ་ཧྲིལ་བོར་ཧུར་ཐག་གིས་ལས་གཞིའི་གདམ་གསེས་དང་འཆར་འགོད། འཛུགས་སྐྲུན། དོ་དམ། ལྟ་སྐུལ། ཞིབ་བཤེར་རྩིས་ལེན། བརྗེ་རེས་བཅས་བྱེད་པའི་བྱ་བར་ཞུགས་པར་རྩ་འཛུགས་བྱས་ཏེ། སྤྱི་བསྒྲགས་དང་དྲང་བཞག དྲང་བདེན་ཡོང་བར་འགན་ལེན་བྱས་པ་རེད། གཅིག་ནི་སྡོད་ཁང་འཛུགས་སྐྲུན་ནན་ཏན་སྒོས་དོ་དམ་བྱེད་པ། ཞིང་ལས་ཁུལ་གྱིས་གནས་སྤོ་མང་ཚོགས་ཀྱི་རང་སྒྲུབ་འཛུགས་སྐྲུན། འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་མང་ཚོགས་ཀྱིས་རང་འགུལ་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། རང་འགུལ་ངང་འཛུགས་སྐྲུན་གྱི་ནུས་པ་མེད་པ་ལ། མང་ཚོགས་ཀྱི་རང་འཐད་ཀྱི་རྨང་གཞིའི་སྟེང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཡང་ན་ས་གནས་སྲིད་གཞུང་གིས་ཚབ་སྐྲུན་བྱས་ཆོག་ལ། ནན་ཏན་གྱིས་སུས་འཇོན་དེ་འགུག་གི་སྒྲིག་རིམ་བརྩི་སྲུང་བྱེད་དགོས། གཉིས་ནི་རང་འགུལ་སྒོས་གནས་སྤོའི་བཀོད་སྒྲིག་ལ་སྐུལ་སློང་བྱེད་དགོས། དཔེ་སྟོན་སྡེ་བ་རང་འགུལ་སྒོས་གནས་སྤོ་བྱེད་དུས་སྤོར་ཡུལ་གྱི་ཁང་སའི་ཐོན་ཡིག་དང་ཁང་རིན་གྱི་གན་རྒྱ་ལྟར་རྫོང་དང་ཞང་། སྡེ་བ་རིམ་པའི་ཁྲིམས་ཡིག་ལ་མིང་རྟགས་བཀོད་རྗེས་ཐེངས་གཅིག་རང་བཞིན་ཅན་གྱི་རོགས་དངུལ་སྟེར་དགོས་ལ། སྔ་མའི་སྡོད་གནས་དེ་བསྐྱར་དུ་ཞིང་ས་རུ་བསྒྱུར་ངེས། གསུམ་ནི་བཟོ་སྐྲུན་གྱི་སྤུས་ཚད་ལ་དོ་དམ་ནན་མོ་བྱེད་དགོས། རྨང་གཞིའི་སྒྲིག་ཆས་དང་སྤྱི་གཞུང་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་ཆས་དག་ངེས་པར་དུ་ལས་གཞིའི་སྲིད་སྐྱོང་མགོ་ཁྲིད་ཀྱི་འགན་ལེན་ལམ་ལུགས་དང་རྣམ་གྲངས་ཁྲིམས་མིའི་འགན་ལེན་ལམ་ལུགས། ལས་གཞིའི་སྒྲིག་འཛུགས་ལས་ཁུངས་ཀྱི་ཚེ་གང་འགན་ལེན་ལམ་ལུགས། ལས་གཞིའི་འགན་ལེན་འཛིན་ཡིག་བསྡུ་བའི་ལམ་ལུགས། ལས་གཞིའི་ལྟ་ཞིབ་དོ་དམ་གྱི་ལམ་ལུགས། ལས་རིགས་བཟོ་བཀོད་ལག་རྩལ་གྱི་ལྟ་རྟོག་ལམ་ལུགས་ལྟར་དུ་ནན་ཏན་སྒོས་འགན་ལེན་བྱེད་དགོས། ཞིབ་ཕྲའི་གནད་དོན་དག་སྲིད་སྐྱོང་འགན་ཡིག་དང་དཔལ་འབྱོར་གན་རྒྱའི་རྣམ་པ་ལྟར་ལག་ལེན་དུ་བསྟར་དགོས། བཞི་ནི་ལྟ་རྟོག་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ། ལས་གཞི་ལྟ་རྟོག་ཞིབ་བཤེར་གྱི་ནུས་པ་མཐོར་འདེགས་བཏང་ནས་གནད་དོན་དང་དཀའ་ཁག་གང་ཡོད་ཤེས་པར་བྱེད་པའམ་ཐག་གཅོད་བྱེད་པ། ལྔ་ནི་དངུལ་ལོའི་དོ་དམ་བདག་གཉེར་ལ་ནན་ཏན་སྒོས་ལྟ་རྟོག་བྱེད་པ། ལས་གཞིའི་མ་དངུལ་གྱི་འཁོར་རྒྱུག་ལེགས་པར་གཏོང་ཆེད་ལྟ་རྟོག་མི་སྣ་དང་ལྟ་རྟོག་སྟེགས་བུ་མཁོ་འདོན་བྱེ་དགོས་ལ། དངུལ་ལོ་ལྐོག་ཟ་དང་བདག་ཏུ་འཛིན་པ། འཐེན་འཁྱེར་སོགས་མི་བྱེད་པར་ལས་གཞི་དངོས་ལ་གང་མཁོ་གང་འདོན་བྱས་ནས་བེད་ཆོད་ཅན་དུ་གཏོང་དགོས།

  (གསུམ། ) ལས་བགོའི་འགན་ལེན་གསལ་བོར་གཏོང་དགོས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གནས་སྤོའི་ལས་འགན་འཁུར་དགོས་ལ། ཞིང་ཆེན་ནོར་སྲིད་ཁང་གིས་དབུལ་སྐྱོར་གནས་སྤོའི་མ་དངུལ་ལ་འགན་ཁུར་དགོས། ཞིང་ཆེན་དབུལ་སྐྱོར་ཅུའུ་ཡིས་ལས་གཞི་ལག་བསྟར་གྱི་འགྲོ་རིམ་སོ་སོར་འགན་ཁུར་དགོས། ཞིང་ཆེན་རྒྱལ་ཁུངས་ས་ཞིང་ཐོན་ཁུངས་ཐིན་གྱིས་དབུལ་སྐྱོར་ལས་གཞིའི་ས་ཞིང་གནས་ཚད་སྤྱོད་པའི་འགན་བླངས་ནས། སྤར་ཡུལ་ས་ཁུལ་གྱི་ས་ཞིང་གི་དོ་དམ་བདག་གཉེར་ལག་བསྟར་བྱེད་དུས་ནོར་སྲིད་ཀྱི་འཕེལ་འགྲིབ་ནས་མཁོ་འདོན་དོ་མཉམ་ཡོང་བར་བྱེད་དགོས། ཞིང་ཆེན་སྡོད་ཁང་ཞང་གྲོང་འཛུགས་སྐྲུན་ཐིན་གྱིས་སྡོད་དམངས་ཀྱི་ཁང་རྙིང་དང་ཁང་ཞིག་ཏུ་སོང་བ་གསར་བསྐྲུན་ཞིག་གསོའི་ལས་གཞིར་འགན་ལེན་བྱེད་དགོས། ཞིང་ཆེན་འགྲིམ་འགྲུལ་དབོར་སྐྱེལ་ཐིན་དང་ཞིང་ཆེན་ཆུ་བེད་འཛུགས་སྐྲུན་ཐིན། ཞིང་ཆེན་འཕྲིན་སྐྱེལ་དོ་དམ་ཅུའུ། ཞིང་ཆེན་རླུང་འཕྲིན་ཅུའུ། རྒྱལ་གཉེར་དྲ་མཛོད་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་བཅས་སོ་སོས་རྨང་གཞིའི་བཟོ་བཀོད་འཛུགས་སྐྲུན་དང་སྤྱི་གཞུང་ཞབས་ཞུའི་ལས་གཞི་ལ་འགན་འཁུར་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ། རྟ་མགྲིན་དཔལ།