2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༡༣)

  ས་བཅད་གཉིས་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱ་རྒྱུ། མི་སྐྱོང་བ་གཞི་རྩ་ཡིན་པ་དང་དྲང་སྙོམས་ངང་ཁྱབ་གདལ། སྤུས་ཀར་དོ་སྣང་བྱེད་པའི་དེང་རབས་སློབ་གསོའི་མ་ལག་འཛུགས་པ་ཇེ་མགྱོགས་སུ་བཏང་ནས། དམངས་ཡོངས་ཀྱི་དྲང་སྙོམས་སློབ་གསོ་ཆགས་པར་བྱེད་པ་དང་། སྔར་བས་ཕུན་སུམ་ཚོགས་པའི་སྤུས་ལེགས་སློབ་གསོ་འདོན་སྤྲོད་བྱེད་པ། མ་ལག་ཆ་ཚང་བའི་ཚེ་གང་སློབ་གསོ་འཛུགས་པ། སློབ་སྔོན་སློབ་གསོ་དང་མཐོ་རིམ་སློབ་གསོ་ཁྱབ་གདལ་བཏང་ཚད་ནུབ་ཕྱོགས་ས་ཁུལ་གྱི་སྔོན་གྲས་སུ་སླེབས་པར་བརྩོན་རྒྱུ། དུས་རིམ་གཞན་པའི་སློབ་གསོ་ནི་གཙོ་བོ་འཕེལ་རྒྱས་དམིགས་འབེན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པར་བྱ་རྒྱུ། དམངས་ཡོངས་ལ་སློབ་གསོ་ཐོབ་ཚད་དང་འཇོན་མི་སྐྱེད་སྲིང་བྱེད་པའི་ཆུ་ཚད་གསར་སྐྲུན་བྱེད་པ་མངོན་གསལ་གྱིས་ཇེ་མཐོར་གཏོང་བ་བཅས་བྱས་ནས། སློབ་གསོ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། གཅིག སློབ་གསོ་འཕེལ་རྒྱས་དང་བཅོས་བསྒྱུར་གྱི་སྐྱེ་སྟོབས་ཇེ་དྲག་ཏུ་གཏོང་རྒྱུ། 《མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་བླངས་ནས་སློབ་མ་བསྡུ་བའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི》གཏིང་ཟབ་ཏུ་ལག་བསྟར་བྱས་ནས། དཀྱུས་མའི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ། འོས་འགན་སློབ་གསོ་དང་མཐོ་འབྲིང་དུས་རིམ་གྱི་སློབ་མ་བསྡུ་བའི་རྒྱུགས་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། འོས་འགན་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་འགྲོ་བའི་རྐྱེན་སྲོལ་འཛུགས་པ་དང་། སློབ་གཙོ་དང་དགེ་རྒན་གྱི་ལས་རྐང་བརྗེ་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་གཉོམ་ཞན་སློབ་གྲྭར་བརྗེ་རེས་བྱེད་པ་མངོན་འགྱུར་བྱ་རྒྱུ། གྲོང་ཁྱེར་གྱི་སློབ་མས་སློབ་གྲྭ་འདེམ་པའི་དཀའ་གནད་བསལ་རྒྱུ། འོས་འགན་སློབ་གསོར་རྒྱུགས་མི་ལེན་པར་ཐག་ཉེ་ས་ནས་སློབ་གྲྭར་ཞུགས་པའི་ལམ་ལུགས་ལག་བསྟར་བྱས་ཏེ་སློབ་གྲྭ་འདེམ་པ་གཅིག་ཀྱང་མེད་པ་མངོན་འགྱུར་བྱ་རྒྱུ། མཐོ་རིམ་སློབ་གྲྭའི་འཇོན་མི་སྐྱེད་སྲིང་བྱེད་པའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། མཐོ་རིམ་སློབ་གྲྭས་ལས་སྐྲུན་སློབ་གསོ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བྱ་རྒྱུ། ཧུར་ཐག་གིས་མཐོ་རིམ་སློབ་གྲྭ་ཕན་ཚུན་བར་དུ་བསླབ་འབྲས་ཕན་ཚུན་ཁས་ལེན་པ་འཚོལ་ཞིབ་བྱ་རྒྱུ། ཞིབ་འཇུག་སློབ་མའི་སློབ་གསོ་རིགས་དགར་ནས་སྐྱེད་སྲིང་བྱེད་པའི་དཔེ་དབྱིབས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རང་རྟོགས་སྒོས་དགོས་མཁོར་འཚམས་པར་བྱེད་པའི་སྙོམས་སྒྲིག་རྐྱེན་སྲོལ་འཛུགས་རྒྱུ། མི་རིགས་ས་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་ལ་སྐུལ་འདེད་དང་། སྐད་གཉིས་སློབ་གསོར་ཧུར་ཐག་གིས་སྐུལ་འདེད་བྱས་ནས། མཐོ་རིམ་སློབ་གྲྭའི་མི་རིགས་གྲ་སྒྲིག་སློབ་གསོའི་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་ལ་བརྟེན་ནས་གྲ་སྒྲིག་སློབ་གསོའི་རྟེན་གཞི་འཛུགས་རྒྱུ། སློབ་སྔོན་དང་འབྲིང་རིམ་ལས་རིགས་ཀྱི་ཐོབ་ཐང་ཡོད་པའི་དགེ་རྒན་ནུས་ལྡན་སྒོས་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བྱེད་པ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གདན་ཞུ་བྱེད་ཐབས་བཅོས་བསྒྱུར་དང་། དགེ་རྒན་ཡོངས་རྫོགས་གསོ་སྦྱོང་བྱེད་པའི་ལམ་ལུགས་འཛུགས་པ། སྐད་རིགས་གཉིས་ཤེས་པ་དང"རིག་ཚན་གཉིས་འཁྲིད་ཐུབ་པའི་དགེ་རྒན"དང་རིག་ཚན་གྱི་སྣེ་འཁྲིད་འཇོན་མི་ཤུགས་ཆེན་པོས་སྐྱེད་སྲིང་བྱ་རྒྱུ། རིམ་པ་དང་རིགས་སོ་སོའི་སློབ་གསོའི་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཐབས་ལམ་མང་པོ་ནས་སློབ་གསོའི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུ། སློབ་མར་ཆ་སྙོམས་ཀྱིས་གྲོན་དངུལ་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དོ་དམ་བྱེད་པའི་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ་དང་། ཚན་རིག་ཞིབ་འཇུག་ལས་གཞིའི་གྲོན་དངུལ་དོ་དམ་བཅོས་བསྒྱུར་འཚོལ་ཞིབ་བྱས་ནས། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དོ་དམ་བྱེད་པའི་དབང་མཚམས་རྒྱ་བསྐྱེད་རྒྱུ། ངལ་རྩོལ་གླ་ཆ་བརྒྱུད་ནས་མཐོ་རིམ་སློབ་གྲྭས་ཚན་རིག་ཞིབ་འཇུག་གི་ལག་རོགས་དཔུང་སྡེ་འཛུགས་པར་རྒྱབ་སྐྱོར་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱ་རྒྱུ། དམངས་སྒྲུབ་སློབ་གསོ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་རྒྱུ། གཉིས། རྨང་གཞི་སློབ་གསོའི་ཡོངས་ཕན་རང་བཞིན་དང་འདྲ་སྙོམས་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ།  2016ལོ་ནས་བཟུང་བོད་ཁུལ་གྱི་ཁུལ་དྲུག་གི་སློབ་མ་ཡོངས་དང་། ཟི་ལིང་དང་མཚོ་ཤར་གྱི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་སློབ་མར་ལོ15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱ་རྒྱུ་མ་ཟད། རིམ་གྱིས་ཞིང་ཆེན་ཡོངས་སུ་ཁེབས་པར་བྱ་རྒྱུ། 2020ལོར་ཐོན་དུས་སློབ་སྔོན་གྱི་ལོ་གསུམ་ལ་བུ་བཅོལ་ཁང་དུ་བསྐྱལ་ཚད85%ལ་སླེབས་པར་བྱེད་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད95%དང་། མཐོ་འབྲིང་དུས་སྐབས་ཀྱི་སློབ་གྲྭར་ཞུགས་ཚད90%ལ་སླེབས་པར་བྱ་རྒྱུ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པ་གཞི་རྩ་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བར་སྐུལ་འདེད་བྱ་རྒྱུ། སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་ནས་སྤྱི་ཕན་རང་བཞིན་དང་ཡོངས་ཕན་རང་བཞིན་གྱི་བྱིས་གཉོར་ཁང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་རྒྱུ། སློབ་གྲྭའི་ཁྱབ་སྟངས་དང་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་བསྒྱུར་བྱས་ཏེ། གཅིག་བསྡུས་མུ་འབྲེལ་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་བྱིས་པའི་སློབ་གསོའི་འགན་བཅོལ་ཆུ་ཚད་ཇེ་མཐོར་བཏང་ནས། ས་ཁོངས་བར་གྱི་སློབ་གསོའི་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་རྒྱུ། ཞིང་སྡེའི་འོས་འགན་སློབ་གསོ་གཉོམ་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པ་དང་། བཅའ་སྡོད་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆ་སྡེབ་སྒྲིག་བཀོད་དང་སློབ་ཁྲིད་ཀྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་རྒྱུ། རོང་འབྲོག་ཁུལ་གྱི"སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་པ་འགན་བཅོལ"བྱེད་པའི་བྱ་བ་དམ་འཛིན་བྱས་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་འགྲོ་བ་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། "སྐད་གཉིས"སློབ་གསོ་ཐོག་མཐའ་བར་གསུམ་དུ་བསྟར་ལ་བརྒྱུས་པ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ས་ཁུལ་དུ་སློབ་སྔོན་ནས་སློབ་གྲྭ་ཆུང་འབྲིང་བར་གྱི་དུས་རིམ་སོ་སོར་སྐད་གཉིས་སློབ་གསོ་སྦྲེལ་བའི་མ་ལག་འཐུས་ཚང་དུ་བཏང་ནས། གྲངས་ཉུང་མི་རིགས་ཀྱི་སློབ་མས་གཞི་རྩའི་སྟེང་རྒྱའི་སྐད་དང་ཡི་གེ་ཤེས་པ་དང་བེད་སྤྱོད་ཐུབ་པར་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། སྐད་གཉིས་དམིགས་བསལ་ལས་རྐང་གི་དགེ་རྒན་དང་སློབ་འབྲིང་གི་རང་བྱུང་རིག་ཚན་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས། མི་རིགས་ས་ཁུལ་གྱི་རིམ་པ་དང་རིགས་སོ་སོའི་སློབ་གསོའི་སློབ་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མུ་མཐུད་དུ་བོད་ཁུལ་གྱི་ཡུལ་གཞན་ནས་འཛིན་གྲྭ་སྒྲུབ་པར་མུ་མཐུད་དུ་སྐུལ་འདེད་བྱེད་པ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱིས་བོད་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་སློབ་མ་བསྡུ་བ་དང་བོད་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་འཛིན་གྲྭ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ། ཞིང་སྡེའི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་རེས་བྱེད་པར་སྐུལ་འདེད་དང་། ཞིང་ཆེན་ནང་ཁུལ་གྱི་མཚོ་ཤར་ས་ཁུལ་གྱི་དགེ་རྒན་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་རོགས་སྐྱོར་བྱེད་དུ་འགྲོ་བའི་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱ་རྒྱུ། དམིགས་བསལ་སློབ་གསོ་ཧུར་ཐག་གིས་ལེགས་པོར་སྒྲུབ་རྒྱུ། སློབ་གསོའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏོང་རྒྱུ། གསུམ།དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུ།  སྲིད་གཞུང་གིས་གཙོ་ཁྲིད་དང་ལས་རིགས་ཀྱིས་མཛུབ་སྟོན། ཁེ་ལས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་དུ་ཞུགས་པའི་སློབ་སྒྲུབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ལ་ཐོན་སྐྱེད་དང་སློབ་གསོ་གཏིང་ཟབ་ཏུ་འདྲེས་པ། འབྲིང་རིམ་ལས་ཐོབ་དང་མཐོ་རིམ་ལས་ཐོབ་འབྲེལ་མཐུད་བྱེད་པ། ལས་རིགས་སློབ་གསོ་དང་དཀྱུས་མའི་སློབ་གསོ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཤུགས་ཆེན་པོས་སྐྲུན་ནས། ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དུས་རིམ་དུ་སློབ་མ་བསྡུ་བ་དེ་ལས་རིགས་ལག་རྩལ་དང་དཀྱུས་མའི་མཐོ་འབྲིང་གཉིས་སུ་བསྡུས་པ་ཕལ་ཆེར་གཅིག་མཚུངས་ཡིན་པ་མངོན་འགྱུར་བྱ་རྒྱུ། ལས་རིགས་སློབ་གསོའི་ཁྱབ་སྟངས་ལེགས་བསྒྱུར་བྱས་ནས། ཤར་ཕྱོགས་གྲོང་ཁྱེར་ཁྱུ་ཚོགས་ལྟེ་གནས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་ལྟེ་གནས་ཁུལ་འཛུགས་སྐྲུན་བྱ་རྒྱུ། ཁུལ་དྲུག་གིས་སོ་སོས་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས། ཤུགས་རྐྱེན་ཆེ་བའི་ཁྱད་ལྡན་ཆེད་ལས་སྐོར་ཞིག་ཆགས་པར་བྱ་རྒྱུ། ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་བཅས་ལས་རིགས་ལག་རྩལ་སློབ་གྲྭ3འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱ་རྒྱུ། འཕྲོད་བསྟེན་དང་ཉེན་རྟོག་དཔོན་པོ། ཕྱུགས་ལས་ཕྱུགས་སྨན། འགྲིམ་འགྲུལ། ཨར་ལས་སོགས་ལས་རིགས་ལས་རྩལ་སློབ་གྲྭའི་ཕྱོགས་བསྡུས་སྟོབས་ཤུགས་སྔར་བས་ཇེ་མཐོར་གཏོང་རྒྱུ། ལས་རིགས་སློབ་གསོ་དང་ཚོང་རའི་དགོས་མཁོ། ངལ་རྩོལ་ལས་ཞུགས་བཅས་ཟུང་འབྲེལ་དམ་པོ་བྱེད་པར་ཡར་སྐུལ་བྱས་ནས། དངོས་ཕུང་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་མཐོ་རིམ་ལས་རིགས་ཆེད་ལས་དམིགས་སུ་བཀར་ནས་བཀོད་སྒྲིག་བྱེད་པ་དང་། ལས་རིགས་སློབ་གསོའི་ལས་ཐོག་གསོ་སྦྱོང་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཞིང་པ་ལས་བཟོ་བའི་ལས་རིགས་ནུས་རྩལ་གསོ་སྦྱོང་དང་ལས་རྐང་ནུས་རྩལ་སྦྱོང་རྡར་བྱེད་ཤུགས་ཇེ་ཆེར་བཏང་ནས། འབྲིང་རིམ་ལས་རིགས་སློབ་གསོའི་ལས་ཞུགས་ཚད93%ལ་སླེབས་པར་བྱ་རྒྱུ། ཁེ་ལས་དང་ལས་རིགས་སློབ་གྲྭས་མཉམ་འབྲེལ་སྒོས་སློབ་མ་བསྡུ་བ་དང་མཉམ་དུ་སྐྱེད་སྲིང་བྱེད་པར་སྐུལ་འདེད་དང་། ལས་རིགས་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་དུ་ལག་རྩལ་དང་ནུས་རྩལ་མཐོ་བའི་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱེད་པའི་བྱ་བའི་ས་ཚིགས་འཛུགས་པར་སྐུལ་མ་གཏོང་བ། "བཟོ་གྲྭའི་མ་དངུལ་སློབ་གྲྭར་འདྲེན་པ་དང་སློབ་གྲྭའི་འཇོན་མི་བཟོ་གྲྭར་འདྲེན་པ། མདུན་ཕྱོགས་ཚོང་ཁང་དང་རྒྱབ་ཕྱོགས་སློབ་གྲྭ། བཟོ་གྲྭ་དང་སློབ་གྲྭ་གཞི་གཅིག་ཅན། མི་སྣ་མཉམ་དུ་སྐྱེད་སྲིང་། སྒྲིག་བཀོད་མཉམ་སྤྱོད"བཅས་ཀྱི་ཐོན་ལས་དང་སློབ་གསོ་མཉམ་དུ་འདྲེས་པ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱེད་པའི་དཔེ་དབྱིབས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱ་རྒྱུ།བཞི།མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་དང་གསར་གཏོད་རང་བཞིན་མཐོར་འདེགས་བྱེད་པ།2020ལོར་མཐོ་རིམ་སློབ་གསོའི་སློབ་ཞུགས་རགས་ཚད40ཡན་ལ་བསླེབ་པ་ཡིན་པས། གལ་ཆེ་བའི་རིགས་གཞུང་སྡེ་ཚན་དང་ཁྱད་ཆོས་ལྡན་པའི་ཆེད་ལས། སྤུས་ཀ་ལེགས་པའི་བསླབ་གཞི། སློབ་གསོ་ཚོད་ལྟའི་དཔེ་སྟོན་ལྟེ་གནས། གལ་ཆེ་བའི་ཚོད་ལྟ་ཁང་། མཆན་ཉིད་སྤྱི་ཚོགས་ཚན་རིག་གི་གལ་ཆེ་བའི་ཞིབ་འཇུག་གནས་གཞི་སོགས་འབོར་ཆེན་ཞིག་འཛུགས་སྐྲུན་བྱས་ཏེ། གསར་གཏོད་ཅན་དང་སྣ་འཛོམས་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པ་རྩ་བར་བཟུང་ཞིང་། མཐོ་རིམ་སློབ་གསོའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་ལྟེ་གནས་བྱས་ཏེ། མཐོ་རིམ་སློབ་གསོ་ནང་འཛོམས་ངང་གོང་འཕེལ་དུ་གཏོང་བ་སྐུལ་འདེད་བྱེད་དགོས་པ་དང་། རང་ཞིང་གི་སྤྱིར་བཏང་གི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་ཕྱོགས་འགྱུར་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གོང་གང་མདུན་སྤེལ་སྒོས་ཆེད་གཉེར་སློབ་ཚན་གྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཤིང་། 2020ལོར་བསླེབས་ཚེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞིའི་ཚན་ཁག་སོགས་ཉེར་སྤྱོད་ཅན་གྱི་དངོས་གཞིའི་ཚན་ཁག་གི་ཆེད་གཉེར་གྱི་བསྡུར་ཚད60ལ་བསླེབ་ཏུ་འཇུག་པར་བྱེད་དགོས། མཚོ་སྔོན་སློབ་གྲྭ་ཆེན་མོས་སློབ་ཁྲིད་ཞིབ་འཇུག་ཅན་གྱི་སྣ་འཛོམས་སློབ་གྲྭ་ཆེན་མོ་འཛུགས་བསྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས་བཟོ་རིག་པ་ཇེ་དར་དང་། གསོ་རིག་པ་ཇེ་ཞིབ། ཞིང་ལས་རིག་པ་ཇེ་ལེགས། དཔལ་འབྱོར་རིག་པ་དང་དོ་དམ་བདག་གཉེར་རིག་པ་སོགས་སློབ་ཚན་གྱི་ཆེད་གཉེར་ཆུ་ཚད་ཡར་འདེགས་ཡོང་བར་བྱས་ཏེ། ཆིན་ཧྭ་སློབ་གྲྭ་ཆེན་མོ་སོགས་དང་འཐབ་ཇུས་མཉམ་འབྲེལ་གཏིང་ཇེ་ཟབ་ཏུ་བཏང་སྟེ་རྒྱལ་ཡོངས་ན་ཤན་ཤུགས་ཆེ་བའི་དེང་རབས་སློབ་གྲྭ་ཆེན་མོ་འགྱུར་བར་འབད་དགོས། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་རྨང་གཞིའི་སློབ་གསོའི་དགེ་རྒན་སྐྱེད་སྲིང་གང་ལེགས་བྱེད་པ་དང་། དགེ་རྒན་ལ་མུ་མཐུད་དུ་སློབ་གསོ་དང་བོད་རྒྱ"སྐད་རིགས་གཉིས"ཀྱི་དགེ་རྒན་སྐྱེད་སྲིང་ཟབ་སྦྱོང་བྱེད་པ་དང་མཉམ་དུ་སློབ་ཆན་ཆེད་ལས་སྒྲིག་གཞི་སྙོམས་སྒྲིག་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཉེར་སྤྱོད་ཅན་གྱི་སློབ་ཚན་ཆེད་ལས་གོང་འཕེལ་དུ་བཏང་ནས་མཚོ་སྔོན་གྱི་ཉེར་སྤྱོད་སྣ་འཛོམས་ཅན་གྱི་སློབ་གྲྭ་ཆེན་མོ་ལེགས་པར་འཛུགས་དགོས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་ཆེད་ལས་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་སྟེང་ནས་གོམ་གང་མདུན་སྤེལ་སྒོས་སློབ་ཚན་ཆེད་ལས་ཁ་ཕྱོགས་རྒྱ་བསྐྱེད་པ་དང་། རང་བྱུང་བཟོ་ལས་རིག་པ་སྟེ་ཁྱད་པར་དུ་བཟོ་རིག་པའི་རིགས་སོགས་ཉེར་སྤྱོད་ཅན་གྱི་སློབ་ཚན་ཆེད་ལས་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱས་ནས་མཚོ་སྔོན་གྱི་ཉེར་སྤྱོད་སྣ་འཛོམས་ཅན་གྱི་སློབ་གྲྭ་ཆེན་མོ་འཛུགས་དགོས། རྒྱང་བསྒྲགས་བརྙན་འཕྲིན་སློབ་གྲྭ་ཆེན་མོས་ཞིང་ཆེན་ཡོངས་ཀྱི་མུ་མཐུད་སློབ་གསོའི་ཁྲོད་ཀྱི་རྐང་འཛིན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ས་གནས་ཁྱད་ཆོས་དང་ལྡན་པའི་ཕྱི་ལ་ཕྱེ་བའི་སློབ་གྲྭ་ཆེན་མོ་ཞིག་འཛུགས་སྐྲུན་བྱེད་དགོས། མུ་མཐུད་སློབ་གསོ་དང་ཚེ་གང་སློབ་གསོའི་རྒྱུ་ལམ་རྒྱ་ཆེར་ཕྱེ་སྟེ། བརྒྱུད་རིམ་སློབ་གསོ་དང་བརྒྱུད་རིམ་སློབ་གསོ་མ་ཡིན་པ་སྙོམས་སྒྲིག་གོང་འཕེལ་སྐུད་འདེད་བྱེད་པ་དང་། ལས་གནས་སློབ་གསོ་དང་ལས་བུད་སློབ་གསོ་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་རྒྱུ།

 ཆེད་བསྒྲིགས་ལེ་ཚན14བ།སློབ་གསོ་གོང་འཕེལ་དུ་གཏོང་བའི་ལས་གྲྭ།

  སློབ་ལོ་སྔོན་གྱི་སློབ་གསོ་གོང་འཕེལ་ལས་གྲྭ། བུ་བཅོལ་ཁང་འབོར་ཆེན་ཞིག་གསར་འཛུགས་དང་བསྒྱུར་སྐྲུན། རྒྱས་སྐྲུན་བཅས་བྱེད་པ་དང་། ཁ་ཚང་སྒྲིག་ཆས་ཕུན་སུམ་ཚོགས་པ་ཞིག་བྱས་ཏེ་མི་གྲངས་འདུ་བའི་ཞང་དང་སྡེ་བ་བཅས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོས་ཡོངས་སུ་ཁེབ་པར་བྱེད་པ།འོས་འགན་སློབ་གསོ་ཚད་གཞིར་བསླེབ་པའི་ལས་གྲྭ། སློབ་གྲུ་ཆུང་འབྲིང་གིས་ཕྱོགས་ཡོངས་ནས་དབུལ་འཕུང་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་རྨང་གཞིའི་སློབ་སྒྲུབ་ཆ་རྐྱེན་རྣམ་གྲངས། ལེགས་སྒྲུབ་བྱས་ཏེ་ཆུང་འབྲིང་སློབ་གྲྭའི་ཆར་རླུང་རྩལ་སྦྱང་ར་བ་དང་ཚད་ལྡན་ཅན་གྱི་འགྱིག་སྤྱིན་འགུལ་སྐྱོད་ར་བ་སོགས་འཛུགས་སྐྲུན་བྱེད་རྒྱུ།སྤྱིར་བཏང་གི་མཐོ་འབྲིང་སློབ་གྲྭའི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ལས་གྲྭ། སྤྱིར་བཏང་གི་མཐོ་འབྲིང་སློབ་གྲྭ་སྐོར་ཞིག་གསར་འཛུགས་དང་བསྒྱུར་སྐྲུན། རྒྱས་སྐྲུན་སོགས་བྱེད་པ་དང་། ཁ་ཚང་གི་སྒྲིག་ཆས་ཕུན་སུམ་ཚོགས་པར་གཏོང་དགོས།ཆུང་འབྲིང་སློབ་གྲྭའི་དགེ་རྒན་གྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ལས་གྲྭ། མུ་མཐུད་དུ་དགེ་རྒན་གྱི་འཁོར་སྐྱོད་མལ་ཁང་འཛུགས་སྐྲུན་དང་དགེ་རྒན་ཟབ་སྦྱོང་སོགས་ལག་བསྟར་བྱེད་རྒྱུ།ལས་རིགས་སློབ་གསོ་གོང་འཕེལ་དུ་གཏོང་བའི་ལས་གྲྭ། གཞུང་གཉེར་ལས་རིགས་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱས་ཏེ་མཐོ་འབྲིང་ལས་རིགས་སློབ་གྲྭ་དང་སློབ་གྲུའི་ཚོད་ལྟ་ཁང་། ཚོད་ལྟའི་སྒྲིག་ཆས། དགེ་རྒན་ཟབ་སྦྱོང་སོགས་ནང་བཅུད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱེད་རྒྱུ།མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་བེད་ནུས་འཛུགས་སྐྲུན་ལས་གྲྭ། མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་སྨན་སློབ་གླིང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་རྒྱ་སྐད་གཉིས་སྐྱེད་སྲིང་སྦྱོང་བརྡར་གནས་གཞི། མཚོ་སྔོན་སློབ་གྲྭ་ཆེན་མོའི་གྲ་སྒྲིག་སློབ་གསོའི་གནས་གཞི་སོགས་འཛུགས་སྐྲུན་རྣམ་གྲངས། མཐོ་རིམ་སློབ་གྲྭའི་གལ་གནད་སློབ་སྦྱོང་ཚན་ཁག གལ་གནད་ཚོད་ལྟ་ཁང་གི་འཛུགས་སྐྲུན་རྣམ་གྲངས། མཚོ་སྔོན་ཕྱི་ཕྱེ་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་རྣམ་གྲངས་སོགས་ལག་བསྟར་བྱེད་པ།

  མི་རིགས་སློབ་གསོའི་སྤུས་ཀ་ཇེ་མཐོར་གཏོང་བའི་ལས་གྲྭ། བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་གྱི་ལས་གྲྭ་དང་། སྐད་གཉིས་དགེ་རྒན་སྦྱོང་བརྡར་བྱེད་པ། སྐད་གཉིས་ལྟ་སྐུལ་དཔྱད་འཇོག་དང་སྤུས་ཀ་ཞིབ་དཔྱད་མ་ལག་འཛུགས་སྐྲུན་བྱེད་པ།
      ས་བཅད་གསུམ་པ། སྔར་ལས་མཐོ་བའི་ལས་ཞུགས་ཆུ་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་བྱེད་པ།  མུ་མཐུད་དུ་ལས་ཞུགས་དམིགས་སུ་བཀར་བའི་འཐབ་ཇུས་དང་ཧུར་ཐག་གི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚོང་རས་ལས་ཞུགས་སྐུལ་འདེད་བྱེད་པར་བྱེད་ནུས་གང་ལེགས་འདོན་དུ་བཅུག་ཅིང་། ངལ་ལས་པའི་ལས་ཞུགས་ལྟ་བ་བསྒྱུར་བར་སྣེ་ཁྲིད་བྱེད་པ་དང་། ལམ་སྣ་མང་ཞིང་རྣམ་པ་མང་བའི་ལས་ཞུགས་བྱེད་པར་ཡར་སྐུལ་བྱས་ཏེ། ཧུར་ཐག་གིས་སྔར་ལས་ཕུན་སུམ་ཚོགས་ཤིང་སྔར་ལས་སྤུས་ཀ་ལེགས་པའི་ལས་ཞུགས་མངོན་འགྱུར་བྱེད་རྒྱུ། གཅིག སྔར་ལས་ཧུར་ཐག་གི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་རྒྱུ།ལས་ཞུགས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་ཅིང་། ནོར་སྲིད་ཀྱི་འགན་བཅོལ་དང་ཁྲལ་སྡུད་གཟིགས་སྐྱོང་། དངུལ་ལོར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཆུང་འབྲིང་ཁེ་ལས་ནི་ལས་ཞུགས་བརྒྱུད་ལམ་གཙོ་བོ་ཡིན་པའི་བྱེད་ནུས་འདོན་སྤེལ་བྱས་ཏེ། རྐང་འཛིན་ཐོན་ལས་དང་ཆེ་འབྲིང་ཁེ་ལས་ཀྱི་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་སྲོལ་རྒྱུན་ལེགས་ཆ་སྲ་བརྟན་དང་མཐོར་འདེགས་བྱེད་རྒྱུ། ལས་ཞུགས་སྲིད་ཇུས་དང་ལས་ཞུགས་སློབ་གསོ། ངལ་རྩོལ་འབྲེལ་བ། སྤྱི་ཚོགས་ལས་བཅོལ་སོགས་ཀྱི་སྲིད་ཇུས་དང་སྦྲེལ་མཐུད་བྱེད་པ་ཤུགས་སྣོན་བྱས་ཏེ་ངལ་རྩོལ་པས་རང་མོས་སྒོས་ལས་ཞུགས་བྱེད་པ་སྐུལ་སྤེལ་བྱེད་རྒྱུ། ཚུལ་བསྟུན་སྒོས་ལས་ཞུགས་ལས་ཞུགས་གསར་བའི་རྣམ་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་ཤུགས་སྣོན་བྱེད་པ་དང་། གཙོ་བོ་ལས་ཞུགས་གི་ཤོང་ཚད་ཆེ་བ་དང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཁྱིམ་ཚང་ཞབས་ཞུ་ལས་རིགས་གསོ་སྐྱོང་བྱེད་པའི་བྱ་བ་ལེགས་སྒྲུབ་བྱས་ཏེ། ལས་ཞུགས་མི་སྣའི་སྤྱི་གྲངས་རྒྱ་བསྐྱེད་པར་བྱེད་རྒྱུ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལས་ཞུགས་སྐུལ་འདེད་བྱེད་པའི་དཔྱད་བརྗོད་ལམ་ལུགས་བཙུགས་ཤིང་། ལས་ཞུགས་ཚད་གཞི་རྒྱུགས་ལེན་མ་ལག་འཐུས་སྒོ་ཚང་བར་བྱེད་རྒྱུ། གཉིས།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་རྒྱུ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པ་ནི་བྱ་བ་གལ་ཆེན་གི་ནང་གི་གལ་ཆེན་ཞིག་རེད། ལས་ཀར་ཞུགས་ཚད85ཡན་ལ་འབུད་དུ་འཇུག་པ་ཁག་ཐེག་བྱེད་ཆེད་སློབ་གྲྭ་ཆེན་མོ་པ་ལས་ཞུགས་སྐུལ་འདེད་འཆར་གཞི་ལག་བསྟར་བྱེད་པ་དང་། ལས་ཞུགས་ཞབས་ཞུ་ཟླ་བའམ་སློབ་ར་ནས་ལས་སྡུད་བྱེད་པ། དྲ་ཐོག་ནས་ལས་སྡུད་བྱེད་པ་སོགས་ཆེད་ལས་བྱ་འགུལ་སྤེལ་ཏེ་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་དགོས། སློབ་གྲྭ་ཆེན་མོ་པའི་གསར་གཏོད་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱེད་པ་དང་མཐར་ཕྱིན་སློབ་མར་རོགས་སྐྱོར་བྱས་ཏེ་ལས་རིགས་གསར་གཏོད་མངོན་འགྱུར་བྱེད་རྒྱུ། སློབ་གྲྭ་ཆེན་མོ་པ་ལས་ཞུགས་ཆེད་སྒྲུབ་སྦྱོང་བརྡར་ལས་གྲྭ་ལག་བསྟར་བྱས་ཏེ་ཤུགས་ཡོད་སྤྱད་དེ་ལས་ཞུགས་སྒྲིག་གཞི་རང་བཞིན་གྱི་འགལ་བ་ཐག་གཅོད་བྱད་དགོས། རྒྱལ་དབང་ཁེ་ལས་ཀྱིས་མཐར་ཕྱིན་སློབ་མ་ཁྱབ་བསྒྲགས་སྡུད་ལེན་བྱེད་པའི་བྱ་བ་ཚད་ལྡན་ཅན་དུ་གཏོང་བར་བརྡ་འཕྲིན་ཁྱབ་བསྒྲགས་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ལས་ཞུགས་རྒྱུ་འབྲས་ཡོང་བར་སྐུལ་འདེད་བྱེད་རྒྱུ། མཐར་ཕྱིན་སློབ་མར་ལས་ཞུགས་རྒྱབ་རོགས་འཆར་གཞི་ལག་བསྟར་བྱེད་ཅིང་། ལས་ཞུགས་བྱེད་དཀའ་བའི་མཐར་ཕྱིན་སློབ་མར་རོགས་སྐྱོར་བྱས་ཏེ་ལས་ཞུགས་མངོན་འགྱུར་བྱེད་རྒྱུ། སློབ་གྲྭ་ཆེན་མོ་པ་ལས་ཞུགས་གསར་གཏོད་ཞབས་ཞུ་ལ་དམིགས་ཏེ་བཟོས་པའི་འཆར་གཞི་ལག་བསྟར་བྱས་ཏེ། ལས་ཞུགས་གསར་གཏོད་ལ་ཞབས་ཞུ་སྒྲུབ་པའི་ཁ་གཏད་རང་བཞིན་དང་གོ་ཆོད་རང་བཞིན་ལ་ཤུགས་སྣོན་བྱེད་རྒྱུ། མཐར་ཕྱིན་སློབ་མར་གཞི་རིམ་གཞི་རིམ་ཞབས་ཞུ་སྒྲུབ་པའི་རྣམ་གྲངས་ལག་བསྟར་བྱས་པར་འདེམས་བསྐོ་གདན་ཞུ་ལམ་ལུགས་འཐུས་ཚང་དང་འདེམས་བསྐོ་གདང་ཞུའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། གཞི་རིམ་གྱི་སྤྱི་སྤྱོད་བདག་གཉེར་ཞབས་ཞུ་རྣམ་གྲངས་སྤྱི་ཚོགས་ཞབས་ཞུ་ལས་གནས་འདོན་སྤེལ་བྱེད་རྒྱུ། གསུམ།གལ་ཆེ་བའི་ཚོགས་སྤྱི་ལས་ཞུགས་གཞན་དག་གཅིག་གྱུར་གྱིས་སྙོམས་སྒྲིག་བྱེད་རྒྱུ། མཁར་གྲོང་གི་ལས་ཞུགས་བྱེད་དཀའ་བའི་མི་སྣར་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་ཅིག་འདོན་སྤེལ་བྱས་ནས་མཁར་གྲོང་གི་ལས་ཀ་མེད་པའི་ཁྱིམ་ཚང་དང་མཁར་གྲོང་གི་ཁག་ཐེག་དམའ་་བའི་ཁྱིམ་ཚང་གི་མི་སྣ། དབང་བོ་སྐྱོན་ཅན་གྱི་མི་སོགས་གཙོ་གནད་དུ་བཟུང་སྟེ་ལས་ཞུགས་སྡུད་ལེན་བྱས་ཏེ། ལས་ཞུགས་མེད་པའི་ཁྱིམ་ཚང་མེད་པར་གཏོང་དགོས། ལས་ཀ་བཙལ་དཀའ་བའི་མི་སྣ་ཁེ་ལས་སུ་ལས་ཞུགས་བྱེད་པ་དང་རང་སྟེང་ནས་གསར་གཏོད་ལས་གཉེར་བྱེད་པའམ་སྟབས་བསྟུན་སྒོས་ལས་ཞུགས་བྱེད་པར་སྐུལ་མ་བྱེད་རྒྱུ། རང་གིས་ལས་འདེམས་བྱེད་པའི་དམག་ལས་བུད་པའི་ལས་བྱེད་པ་དང་དམག་ལས་བུད་པའི་མི་སྣ་དག་གིས་ལས་ཞུགས་གསར་གཏོད་བྱེད་པར་རོགས་སྐྱོར་བྱེད་རྒྱུ། གནས་སྤོ་ལས་ཞུགས་ཀྱི་རྩ་འཛུགས་རང་བཞིན་བྱེད་ཚད་ཇེ་མཐོར་བཏང་སྟེ། ཞིང་སྡེའི་ངལ་རྩོལ་པ་ལྷག་མ་ཐོན་ལས་གཉིས་པ་དང་གསུམ་པར་བསྒྱུར་སྤོའམ་ས་ཁུལ་བརྒལ་ཏེ་གཞན་སྤོ་བྱེད་རྒྱུ། "འཕང་འབྲས་བུ་བཏོག་པ"དང"རེབ་གོང་སྒྱུ་རྩལ"སོགས་ངལ་ལས་གྲགས་ཆེན་སྲ་བརྟན་དང་ཇེ་ལེགས་སུ་བཏང་སྟེ། ངལ་ལས་གྲགས་ཆེན་གསར་བ་སྐོར་ཞིག་སྐྱེད་སྲིང་གསར་སྐྲུན་བྱེད་རྒྱུ། བཞི། ལས་རིགས་ལག་རྩལ་སྦྱོང་བརྡར་བྱེད་པར་ཤུགས་སྣོན་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་ལྷག་པར་དུ་རོང་འབྲོག་པར་གསོ་སྦྱོང་བྱ་བའི་བྱེད་ཤུགས་ལ་མཐོང་ཆེན་བྱེད་པ་དང་། རིམ་བསགས་ཀྱིས་མི་གྲངས་ཐེངས་ཁྲི35ལ་གསོ་སྦྱོང་བྱེད་པའི་ལས་འགན་གྲུབ་ཡོད། ལས་རིགས་སྦྱོང་བརྡར་བདག་གཉེར་མ་ལག་གསར་སྐྲུན་བྱས་ཏེ། ཁྱབ་རྒྱ་བསྐྱེད་པ་དང་། སྤུས་ཀ་ཇེ་མཐོར་གཏོང་བ། འཐུས་སྒོ་ཚང་བའི་ཚེ་གང་གི་ལས་རིགས་སྦྱོང་བརྡར་མ་ལག་ཆ་ཚང་ཞིག་བསྐྲུན་དགོས། ལས་ཀར་མ་ཞུགས་པའི་སློབ་གྲྭ་ཆེན་མོ་པ་དང་ཞིང་པའི་བཟོ་པ། ལས་ཤོར་མི་སྣ། ལས་གནས་བསྒྱུར་པའི་བཟོ་པ། དམག་ཁོངས་ནས་བུད་པའི་མི་སྣ། གསར་སྐྱེས་ངལ་རྩོལ་པ་སོགས་ཀྱི་སྦྱོང་བརྡར་ཁ་གསབ་དོན་ཐོག་ལ་འབབ་པར་བྱེད་རྒྱུ། བོད་ཁུལ་མཁར་གྲོང་གི་ངལ་རྩོལ་པའི་ལག་རྩལ་སྦྱོང་བརྡར་དང་དབུལ་ཕོངས་ངལ་རྩོལ་པའི་ལག་རྩལ་དབུལ་སྐྱོར་སོགས་གལ་གནད་རྣམ་གྲངས་ལག་བསྟར་བྱེད་ཅིང་། གྲོང་ཁྱེར་གྱི་གྲོང་མི་གསར་བ་སྦྱོང་བརྡར་བྱེད་པ་ཤུགས་སྣོན་དང་མཁར་གྲོང་དུ་ཡོང་སྟེ་བསྡད་ཡོད་པའི་ལས་ཀ་མེད་པའི་མི་སྣ་ཡོངས་སུ་རྫོགས་པ་སྦྱོང་བརྡར་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཅུག་སྟེ། སྦྱོང་བརྡར་ཕྲ་ཞིབ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ལྔ། མཁར་གྲོང་དང་ཞིང་སྡེ་རུ་སྤྱི་པའི་ལས་ཞུགས་ཞབས་འདེགས་མ་ལག་གི་ཁེབས་རྒྱ་འཐུས་ཚང་དུ་གཏོང་རྒྱུ།ཞང་དང་གྲོང་རྡལ། སྤྱི་འདུ་ཁུལ་བཅས་ཀྱི་ལས་ཞུགས་ལས་རིགས་གསར་གཏོད་ཞབས་ཞུ་བྱེད་གནས་དང་། བོད་རིགས་ཁུལ6གི་ལས་རིགས་གསར་གཏོད་སྒོ་ང་གས་འགྱུར་གནས་གཞི་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་རྒྱུ། སྐབས་གཉིས་པའི"གསེར་སྲུང་ལས་གྲྭའི"ལས་གཞི་ལ་བརྟེན་ཏེ། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་སྤྱོད་ལས་ཞུགས་ཞབས་ཞུ་བརྡ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་མི་ཤུགས་ཐོན་ཁུངས་ཚོང་རའི་གྲངས་རྩིས་ཁུ་སྡུད་གཅིག་གྱུར་ཡོང་བ་མངོན་འགྱུར་དང་། གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཚོང་ར་འཛུགས་སྐྲུན་བྱེད་རྒྱུ། ལས་ཞུགས་ཞབས་ཞུ་ཆེད་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་སྒྲིག་གཞི་སྙོམས་སྒྲིག་བྱེད་སྐབས་ལས་གནས་ལས་བུད་པ་དང་། ལས་ཀ་ཤོར་བ་རྣམས་ཡང་བསྐྱར་ལས་ཞུགས་བྱེད་པར་རམ་འདེགས་བྱེད་རྒྱུ། གསར་རབས་ཞིང་པའི་ལས་བཟོ་པ་ལས་རིགས་ལག་རྩལ་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། ཞིང་པ་ལས་བཟོ་པའི་ལས་རིགས་ལག་རྩལ་དངོས་སྦྱོང་གནས་གཞི་འཛུགས་སྐྲུན་བྱེད་རྒྱུ།
    ཆེད་བསྒྲིགས་ལེ་ཚན15བ།ལས་ཞུགས་ཡར་སྐུལ་བྱེད་པའི་གཙོ་གནད་ལས་གྲྭ།ལས་རིགས་གསར་གཏོད་སྒོ་ང་གས་འགྱུར་རྟེན་གཞི་འཛུགས་སྐྲུན།              ཞིང་ཆེན་དང་གྲོང་ཁྱེར། ཁུལ་རིམ་པའི་ལས་རིགས་གསར་གཏོད་སྒོ་ང་གས་འགྱུར་གྱི་གནས་གཞི་འཛུགས་སྐྲུན་བྱེད་པ་དང་། ལས་རིགས་གསར་གཏོད་བྱེད་མཁན་དང་ལས་ཞུགས་མ་བྱས་པའི་སློབ་གྲྭ་ཆེན་མོ་པ་དག་ལ་ལས་རིགས་གསར་གཏོད་ཀྱི་བརྡ་འཕྲིན་དང་ལས་གྲྭ་ངོ་སྤྲོད། ཆེད་མཁས་པས་མཛུབ་སྟོན། དངུལ་བུན་ཉུང་བསྐྱི། ཉེན་ཁ་དཔྱད་དཔག ངལ་རྩོལ་ཁག་ཐེག་ལས་དོན་ཚབ་མི་སོགས་མུ་བརྒྱུད་གཅིག་གི་ཞབས་ཞུ་བསྒྲུབ་དགོས།གཞི་རིམ་ལས་ཞུགས་དང་སྤྱི་ཚོགས་ཁག་ཐེག་སྤྱི་སྤྱོད་ཞབས་འདེགས་བྱེད་ས་འཛུགས་སྐྲུན། ཞང་དང་གྲོང་རྡལ་གྱི་ལས་ཞུགས་དང་སྤྱི་ཚོགས་ཁག་ཐེག་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ཞང་ངམ་གྲོང་རྡལསྲང་ལམགྱི་ལས་ཞུགས་ཁག་ཐེག་སྤྱི་སྤྱོད་ཞབས་ཞུ་ས་ཚིགས་དྲ་མའཛུགས་སྐྲུན་བྱེད་རྒྱུ།ལག་རྩལ་དངོས་སྦྱོང་གནས་གཞི་འཛུགས་སྐྲུན། སློབ་གྲྭ་ཆེན་མོའམ་ལས་རིགས་སློབ་གྲྭ་ལ་བརྟེན་ནས་ལག་རྩལ་དངོས་སྦྱོང་གནས་གཞི་འཛུགས་སྐྲུན་བྱེད་པ།ཁྱིམ་ཚང་ཞབས་ཞུ་ལས་རིགས་གོང་དུ་འཕེལ་བ། "ཁྱིམ་སྟོང་བརྒྱ་ལེགས"ཁྱིམ་ཚང་ཞབས་ཞུ་ལས་རིགས་ཁེ་ལས་གསར་གཏོད་འཛུགས་སྐྲུན་ཁྱབ་སྤེལ་དུ་བཏང་ནས་ཁྱིམ་ཚང་ཞབས་ཞུ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་བྱེད་ས་འཛུགས་སྐྲུན་བྱེད་རྒྱུ།


  ས་བཅད་བཞི་བ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མ་ངདུ་གཏོང་རྒྱུ།གྲོང་ཁྱེར་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་གཏན་འཇགས་ངང་སྤེལ་བར་ཧུར་ཐག་གིས་རྒྱུན་འཁྱོངས་བྱེད་པ་དང་། 2020ལོར་རྒྱལ་ཡོངས་ཀྱི་ཆུ་ཚད་དང་བསྡུར་ན་ལྟོས་བཅོས་ཀྱིས་བར་ཐག་ཇེ་ཆུང་དུ་བཏང་སྟེ། 2011ལོ་དང་བསྡུར་ན་ལྡབ་གཅིག་གིས་ཇེ་མཐོར་བཏང་བ་ཡིན། ཡོང་སྒོ་བགོ་བྱ་རྒྱག་པའི་ལམ་ལུགས་ལེགས་བསྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་ནས། ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ། བདག་གཉེར་རང་བཞིན་གྱི་ཡོང་སྒོ། བསྒྱུར་སྤོ་རང་བཞིན་གྱི་ཡོང་སྒོ་ཕྱོགས་གང་མང་ནས་ཡོང་སྒོ་བསྐྲུན་པའི་རྣམ་པ་གསར་བ་ཞིག་གྲུབ་པར་སྐུལ་འདེད་བྱེད་རྒྱུ། གཅིག ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཡོང་སྒོ་བསྐྲུན་པར་བསྐུལ་འདེད་བྱེད་རྒྱུ།སྲིད་འཛིན་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་ཟླ་ཕོགས་ལམ་ལུགས་ལེགས་བསྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་སྟེ། དཀའ་ཁག་ཆེ་བའི་མཐའ་ཁུལ་ཐག་རིང་ས་ཁུལ་གྱི་འཆོ་བའི་ཁ་སྣོན་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལེགས་བསྒྱུར་རང་བཞིན་དང་བྱ་དགའ་རང་བཞིན་གྱི་ཁ་སྣོན་སོགས་འཐུས་ཚང་ཚད་ལྡན་དུ་བཏང་ཞིང་། ས་ཁུལ་ཁ་གསབ་ཁ་སྣོན་ལམ་ལུགས་དང་འགུལ་རྣམ་སྙོམས་སྒྲིག་སྒྲིག་སྲོལ་འཛུགས་པར་ཞིབ་འཇུག་བྱེད་རྒྱུ། གྲོང་ཁྱེར་རམ་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ལས་པའི་གོ་གནས་དང་ཐོབ་ཐང་རིམ་གྲས་མཉམ་སྤེལ་ལམ་ལུགས་ཞིབ་འཇུག་ཁྱབ་སྤེལ་བྱས་ཏེ། ལས་དོན་ལས་ཁུངས་ཀྱི་ཕན་འབྲས་ཟླ་ཕོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཁེ་ལས་ཟླ་ཕོགས་ལམ་ལུགས་བཅོས་བསྒྱུར་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་ནས་ཁྲིམས་ལུགས་ལ་བསྟུན་ནས་ཟླ་ཕོགས་ཐུན་མོང་གྲོས་མོལ་བྱས་ཏེ། ལས་མིའི་ཟླ་ཕོགས་ཐག་གཅོད་དང་རྒྱུན་ལྡན་ལྟར་ཡར་འཕར་སྒྲིག་སྲོལ་དུ་གྱུར་ཅིང་། ཆེས་དམའ་བའི་ཟླ་ཕོགས་ཁག་ཐེག་དང་སྙོམས་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་གཉར་ཁེ་ལས་འགན་འཁུར་མི་སྣའི་ཟླ་ཕོགས་བདག་གཉེར་ལམ་ལུགས་འཛུགས་དགོས། ཞིང་པ་ལས་བཟོ་པའི་ཟླ་ཕོགས་ཆད་ལ་བཞག་པའི་གནད་དོན་དག་བཅོས་བྱེད་པའི་ཡུན་རིང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཞང་ངམ་མཁར་གྲོང་གི་དམའ་རིམ་འཚོ་བའི་ཁག་ཐེག་གི་ཚད་གཞིའམ་ན་རྒས་ཁ་གསབ་སོགས་ཁ་སྣོན་བྱེད་པ་བརྒྱུད་དེ་ཡོང་སྒོ་དམའ་བའི་མི་སྣ་དག་གི་ཡོང་སྒོ་ཇེ་མང་ལ་གཏོང་དགོས། ཚོང་ར་གཙོ་བོར་བཟུང་སྟེ་མ་དངུལ་བཏང་ནས་ལས་རིགས་སྤེལ་བར་ཡར་སྐུལ་དང་། སྡོད་ཁང་ལམ་ལུགསའཐུས་ཚང་དུ་གཏོང་བ། མ་དངུལ་བཏང་སྟེ་རྒྱུ་ནོར་བསྐྲུན་ལམ་རྒྱ་བསྐྱེད་པ་སོགས་ཕྱོགས་གང་མང་ནས་སྡོད་དམངས་ལས་གཉེར་རང་བཞིན་གྱི་ཡོང་སྒོ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་བསྐྲུན་པ་བརྒྱུད་དེ། རོང་འབྲོག་ལས་རིགས་ཀྱི་ནང་ཁུལ་དང་ཕྱི་ཁུལ་ནས་ཡོང་སྒོ་བསྐྲུན་པ་མཉམ་སྤེལ་བྱས་ནས་སྲིད་ཇུས་ལྟར་ཁ་གསབ་དང་ལས་གཞི་ཀྱིས་ཡོང་སྒོ་བསྐྲུན་པ་ཕན་ཆུན་རམ་འདེགས་བྱེད་པ། ཐོན་ལས་གོང་འཕེལ་དང་ངལ་ལས་ཕྱིར་འདྲེན་ཡོང་སྒོ་བསྐྲུན་པ་སོགས་ཕན་ཚུན་སྐུལ་མ་བྱས་ཏེ་ཧུར་ཐག་གིས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་ལ་གཏོང་དགོས། གཉིས། ཡོང་སྒོ་བགོ་བྱ་རྒྱག་པའི་སྙོམས་སྒྲིག་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། ཚོང་ར་རྨང་གཞི་བྱས་ཏེ་ཡོང་སྒོ་ཐོག་མ་བགོ་བྱ་རྒྱག་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་ཁྲལ་སྡུད་དང་སྤྱི་ཚོགས་འགན་བཅོལ། སྤོ་བསྒྱུར་དངུལ་སྤྲོད་སོགས་བྱེད་ཐབས་གཙོ་བོ་བྱས་ཏེ་ཡང་བསྐྱར་བགོ་བྱ་རྒྱག་པའི་སྙོམས་སྒྲིག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་བ་དང་། སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ལེགས་བསྒྱུར་བཅས་གོམ་པ་མཉམ་སྤོ་བྱས་ཏེ། ངལ་རྩོལ་ཡོང་སྒོ་ཇེ་མཐོ་དང་ངལ་རྩོལ་ཐོན་སྐྱེད་ཆོད་ནུས་ཇེ་མཐོ། སྐྱེ་ཁམས་ཐོན་སྐྱེད་ཇེ་མང་དུ་བཏང་བ་དང་མཉམ་དུ་ཡོང་སྒོ་ཇེ་མང་དུ་འགྱུར་བའི་རིང་ཕན་སྒྲིག་སྲོལ་བཙུགས་ཏེ། ཞང་ངམ་མཁར་གྲོང་གི་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་སྲ་བརྟན་དུ་གཏོང་དགོས། ཡོང་སྒོའི་བར་ཁྱད་ཇེ་ཆུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། མངོན་གསལ་སྒོས་ཡོང་སྒོ་ཉུང་བའི་མི་རྣམས་ཀྱི་ཡོང་སྒོའི་ཆུ་ཚད་ཇེ་མཐོར་བཏང་ཞིང་། ཡོང་སྒོ་འབྲིང་ཙམ་གྱི་མི་གྲངས་བསྡུར་ཚད་ཇེ་མང་དུ་གཏོང་དགོས། བོད་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་པའི་ཟླ་ཕོགས་ཡོང་སྒོའམ་འཚོ་བའི་ཁ་སྣོན། ལུས་ཕུང་ཞིབ་བཤེར། དགུན་ཐོག་དྲོད་ལེན་བཅས་ལ་ཁ་ཕྱོགས་ཏེ་བར་ཁྱད་ཅན་གྱི་སྲིད་ཇུས་འཛུགས་དགོས། ཡོང་སྒོ་བགོ་བྱ་རྒྱག་པའི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ་དང་། ལུགས་མཐུན་གྱི་ཡོང་སྒོ་ལ་སྲུང་སྐྱོབ་བྱེད་ཅིང་། ལྐོག་ཐོབ་ཡོང་སྒོ་ཚད་ལྡན་ཅན་དུ་གཏོང་བ་དང་ཁྲིམས་འགལ་གྱི་ཡོང་སྒོ་མེད་པར་གཏོང་དགོས།
  ས་བཅད་ལྔ་བ།གྲོང་ཁྱེར་དང་གྲོང་གསེབ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་གཅིག་གྱུར་གྱིས་སྐུལ་འདེད་བྱེད་རྒྱུ།
        ཡོངས་སུ་ཁེབས་པ་དང་རྨང་གཞི་འགན་སྲུང རིམ་པ་མང་བོ། མུ་མཐུད་ཐུབ་པའི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། གྲོམ་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྤྱི་ཚོགས་འགན་སྲུང་གིས་ཕྱོགས་ཡོངས་ཁེབ་པའི་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། རྩ་བའི་ལམ་ལུགས་རིམ་བཞིན་དུ་དབྱིབས་ཚུགས་མངོན་པ་དང་རྨང་གཞིའི་འགན་སྲུང་སྔར་ལས་ཇེ་བརྟན། བདག་གཉེར་ཞབས་ཞུ་ནུས་ལྡན་མགྱོགས་མོ་བཅས་མངོན་འགྱུར་བྱེད་རྒྱུ། གཅིག རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། སྲིད་འཛིན་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་རྒན་གསོ་འགན་སྲུང་ལམ་ལུགས་ལེགས་བསྒྱུར་སྐུལ་འདེད་བྱེད་པ་དང་། ཁེ་ལས་ཀྱི་ལས་བཟོ་པ་དང་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་འཐུས་ཚང་དུ་བཏང་སྟེ། རྨང་གཞིའི་རྒན་གསོ་དངུལ་རྩ་ལུགས་མཐུན་གི་སྙོམས་སྒྲིག་སྒྲིག་སྲོལ་འཛུགས་དགོས། གྲོམ་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་རྒན་གསོ་འགན་སྲུང་ལམ་ལུགས་གྲུབ་པར་སྐུལ་འདེད་བྱས་ཏེ། རྨང་གཞིའི་རྒན་གསོ་འགན་སྲུང་མ་དངུལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱེད་རྒྱུ། མུ་མཐུད་དུ་རྒན་གསོ་འགན་སྲུང་འབྲེལ་བ་སྤོ་བསྒྱུར་འབྲེལ་མཐུད་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་འདྲ་མཉམ་དང་ཐོན་ཁུངས་བདག་གཉེར་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་རྒྱུ། འགྲོ་གཏོང་ཞིབ་རྩིས་རྒྱུན་འཁྱོངས་དང་དངུལ་རྩ་སྡུད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་འོས་འཚམ་སྒོས་རྒན་གསོ་འགན་སྲུང་འགྲོ་སོང་ཇེ་དམར་གཏོང་དགོས། རྒན་གསོ་འགན་སྲུང་མ་རྩ་གཏོང་བའི་ལམ་རྒྱ་བསྐྱེད་དེ། འགན་སྲུང་མ་དངུལ་གྱི་རིན་འཕར་རིན་སྲུང་བྱེད་པ་མངོན་འགྱུར་བྱེད་རྒྱུ། ལས་རིགས་ལོ་ཕོགས་དང་ཁེ་ལས་ལོ་ཕོགས། ཚོང་ལས་རྒན་གསོ་འགན་སྲུང་བཅས་གོང་འཕེལ་དུ་གཏོང་དགོས། གཉིས།དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་རྩ་སྡུད་པའི་ཚད་གཞི་གོམ་ཁ་བརྟན་པོའི་སྒོ་ནས་ཇེ་མཐོར་གཏོང་བ་དང་། 2020ལོར་བསླེབ་ཚེ་མི་རེར་ཆ་སྙོམས་སྒོས་དངུལ་སྡུད་ཚད་སྒོར800ཡས་མས་སུ་བསླེབ་པར་བྱས་ཏེ། སྔར་ལས་འདྲ་མཉམ་དང་སྔར་ལས་བདག་གཉེར་ཞབས་ཞུ་ཚད་ལྡན་ཡིན་པ། སྔར་ལས་སྨན་བཅོས་ཐོན་ཁུངས་བེད་སྤྱོད་བྱེད་པ་ཕན་ནུས་ཡོད་པའི་གྲོམ་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་དགོས། མ་དངུལ་སྡུད་པ་དང་སོ་སོར་འགན་ལེན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་སྤྲོད་ལམ་ལུགས་བཅོས་བསྒྱུར་བྱེད་པ་སྐུལ་འདེད་བྱས་ཤིང་། མངོན་གསལ་སྒོས་གྲོམ་ཁྱེར་དང་གྲོང་གསེབ་གི་སྡོད་དམངས་དང་དང་ལས་བཟོ་པར་ནད་དྲག་པོ་བྱུང་ན་འགན་སྲུང་བྱེད་ཐུབ་པའི་ཚད་གཞི་ཇེ་མཐོར་གཏོང་དགོས། གོམ་གང་མདུན་སྤོས་སྒོས་མཁར་གྲོང་གི་ལས་བཟོ་པའི་རྨང་གཞིའི་སྨན་བཅོས་འགན་སྲུང་གམ་གྲོམ་ཁྱེར་དང་གྲོང་གསེབ་གི་རྨང་གཞིའི་སྨན་བཅོས་འགན་སྲུང་དང་སྨན་བཅོས་ལས་བཅོལ་ལྟ་སྐྱོང་གི་ཆུ་ཚད་ཇེ་མཐོར་བཏང་སྟེ་གྲོམ་ཁྱེར་དང་གྲོང་གསེབ་གི་སྨན་བཅོས་འགན་སྲུང་གི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས། སྨན་བཅོས་འགན་སྲུང་གི་འབྲེལ་བ་བསྒྱུར་སྤོ་འབྲེལ་མཐུན་དང་ས་ཆ་གཞན་ནས་སྨན་བཅོས་རྩིས་རྒྱག་གི་ཞབས་ཞུ་ལེགས་སྒྲུབ་བྱས་ནས་ཞིང་ཆེན་ལས་བརྒལ་ཏེ། དུས་ཐོག་ཏུ་སྡོམ་རྩིས་རྒྱག་པ་སྐུལ་འདེད་བྱེད་རྒྱུ། མཁར་གྲོང་གི་ལས་བཟོ་པའི་རྨང་གཞིའི་སྨན་བཅོས་འགན་སྲུང་ཐད་ཀྱི་མི་རང་ཉིད་ཀྱི་རྩིས་ཐོ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་མཁར་གྲོང་གི་ལས་བཟོ་པའམ་གྲོམ་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ལས་གཞི་དང་། སྨན་བཅོས་ཞབས་ཞུ་སྒྲིག་ཆས་ཁྱབ་ཁུངས་ཀྱི་ཚད་གཞི་དཀར་ཆག་གཅིག་གྱུར་བྱེད་རྒྱུ། ཚོང་ལས་འགན་སྲུང་ལས་ཁུངས་ཞུགས་པའི་རིགས་སོ་སོའི་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཞབས་ཞུ་ལ་རྒྱབ་སྐྱོར་བྱེད་པ་དང་། རྨང་གཞིའི་སྨན་བཅོས་འགན་སྲུང་དང་ཚོང་ལས་བདེ་ཐང་འགན་སྲུང་ཕན་ཚུན་ཁ་གསབ་དང་འབྲེལ་མཐུད་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ། གསུམ།སྡོད་ཁང་འཛུགས་སྐྲུན་འགན་སྲུང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། 2020ལོར་ཕྱོགས་ཡོངས་ནས་ད་ཡོད་མཁར་གྲོང་གི་ཁང་བ་ཐབས་ཆག་གི་ཁྱིམ་ཚང་ཆགས་ཁུལ་དང་། གྲོང་ཁྱེར་གྱི་ནང་གི་སྡེ་བ། གྲོང་ཁྱེར་གྱི་ཉེན་ཁ་ཆེ་བའི་ཁང་བ་བསྒྱུར་སྐྲུན། མཁར་གྲོང་གི་སྡོད་ཁང་ཐད་དཀའ་ཁག་ཡོད་པའི་མང་ཚོགས་རྣམས་ལ་མཐུན་རྐྱེན་བསྒྲུབ་ཐུབ་ན་མཐུན་རྐྱེན་བསྒྲུབ་པ་དང་། མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་རྩ་བ་ནས་ལེགས་བསྒྱུར་བྱེད་རྒྱུ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། མཁར་གྲོང་གི་ཁང་བ་ཐབས་ཆག་ཆགས་ཁུལ་བསྒྱུར་སྐྲུན་བྱེད་པ་སྐུལ་འདེད་པ་དང་། དོགས་མཁོ་ལྟར་སྤྱི་སྤྱོད་གཞན་གླ་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ། སྡོད་ཁང་འགན་སྲུང་གི་རྣམ་པ་གསར་གཏོད་བྱེད་པ་དང་། སྤྱི་སྤྱོད་གཞན་གླ་སྡོད་ཁང་སྤྱི་སྤྱོད་ཐོན་དབང་གི་ལམ་ལུགས་ལག་བསྟར་བྱས་ཏེ་གཞུང་ཁང་གཞན་གླ་ཚོང་དངུལ་ཅན་གྱི་བྱེད་པ་མངོན་འགྱུར་བྱེད་ཅིང་། འགན་སྲུང་ཁང་བ་དང་ཚོང་གཏོགས་ཁང་བ་བར་ལ་བགྲོད་ལམ་གཏོད་དགོས། སྤྱི་ཚོགས་ལས་ཁུངས་ཞུགས་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འཁོར་སྐྱོད་བྱེད་པ་སྣེ་ཁྲིད་དང་ཚད་ལྡན་ཅན་ཏུ་བསྒྱུར་དགོས། ཆ་ཚང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། སྡོད་ཁང་འཛུགས་སྐྲུན་དུས་མཉམ་དུ་ལག་བསྟར་བྱེད་པ་དང་དུས་མཉམ་དུ་གཞན་སྤྲོད་བེད་སྤྱོད་བྱེད་པ་མངོན་འགྱུར་བྱེད་རྒྱུ། བོད་ཁུལ་གོང་འཕེལ་ལམ་གནད་ལ་ཁེལ་བའི་དབུལ་བསྐྱོར། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་བཅས་དང་མཉམ་འསབབྲེལ་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་ཁང་རྙིང་དང་འགྱེད་ཉེན་ཆེ་བའི་ཁང་བ་བསྒྱུར་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས་བདེ་འཇགས་ཡིན་ལ་ལུས་སེམས་གཉིས་ཀར་འཕྲོད་པའི་འཛད་གྲོན་ཆུང་ཞིང་ཁོར་ཡུག་སྲུང་སྐྱོབ་དང་ཨཐུན་པའི་རོང་ཁང་འཛུགས་སྐྲུན་བྱེད་རྒྱུ། སྡོད་ཁང་མ་དངུལ་སྤྱི་གསོག་ལམ་ལུགས་ཚད་ལྡན་འཐུས་ཚང་དུ་བཏང་ནས་བརྡ་འཕྲིན་ཅན་བདག་གཉེར་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། བཞི།ལས་ཤོར་རྨས་བྱུང་དང་བུ་བཙའ་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། གོམ་གང་མདུན་སྤོས་སྒོས་ལས་ཤོར་འགན་སྲུང་བྱེད་ནུས་འཐུས་ཚང་དུ་བཏང་ཞིང་། ཞུ་ལེན་ཕར་གཏོང་དང་འབྲེལ་བ་འགྱུར་བརྗེ་མཐུན་སྦྲེལ་གྱི་བྱེད་ཐབས་ཆ་ཚང་དུ་བཏང་ནས་ཚད་ལྡན་སྙོམས་སྒྲིག་སྒྲིག་སྲོལ་དང་། ལས་ཤོར་འགུལ་ཉམས་ཞིབ་བརྟག་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ལས་ཀའི་རྨས་སྐྱོན་སྔོན་འགོག་དང་ཁ་གསབ། བསྐྱར་སོས་སོགས"གནས་གསུམ་གཞི་གཅིག"འགན་ཁག་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བྱས་ཏེ། རིམ་བཞིན་དུ་གཞུང་ལས་པའི་གཞུང་རྨས་འགན་སྲུང་ལམ་ལུགས་གཏན་ཁེལ་དང་དར་སྤེལ་དུ་གཏོང་རྒྱུ། མཁར་གྲོང་ལས་བཟོ་པའི་བུ་སྐྱེ་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་བུ་བཙའ་འགན་སྲུང་དང་སྨན་བཅོས་འགན་སྲུང་མཉམ་དུ་ལག་བསྟར་བྱེད་རྒྱུ། ལྔ།སྤྱི་ཚོགས་སྐྱོབ་རོགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ། རྨང་ཐིག་ལ་བརྟེན་པ་དང་མིག་ཐོག་དཀའ་ཁག་སེལ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་མྱུར་སྐྱོབ་རམ་འདེགས་མ་ལག་འཐུས་ཚང་ཆ་ཚང་དུ་གཏོང་ཞིང་། གྲོམ་ཁྱེར་དང་གྲོང་གསེབ་གི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རྨང་གཞིའི་འཚོ་བ་འགན་སྲུང་བྱེད་རྒྱུ། གོམ་གང་མདུན་སྤེལ་སྒོས་ཆེས་དམའ་བའི་འཚོ་བ་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་བ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་གྲོམ་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་ལས་མཐོ་དགོས། རིགས་སོ་སོའི་མྱུར་སྐྱོབ་རམ་འདེགས་ཚད་གཞིའི་རྒྱུན་ལྡན་སྙོམས་སྒྲིག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྨན་བཅོས་མྱུར་སྐྱོབ་རམ་འདེགས་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རིམ་བཞིན་དུ་དབུལ་ཕོངས་མི་གྲངས་ཀྱི་སྟེང་ལ་ཁེབས་རྒྱ་ཇེ་ཆེར་བཏང་སྟེ་རང་བྱུང་གནོད་འཚེ་མྱུར་སྐྱོབ་རམ་འདེགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། འཁྱམས་པོ་དང་སློང་མོ་པ་མྱུར་སྐྱོབ་རམ་འདེགས་བདག་གཉེར་མ་ལག་འཛུགས་ཤིང་། སྒྲིག་ཆས་ཆ་ཚང་དུ་བཏང་སྟེ་བདག་གཉེར་ཚད་ལྡན་ཅན་དུ་མངོན་འགྱུར་བྱེད་རྒྱུ། འཐུས་སྒོ་ཚང་བའི་སྤྱི་ཚོགས་ཅན་གྱི་མི་ལུས་ཕྱེད་པོ་བསྐྱར་གསོའམ་སྙོར་བཅོལ་ཞབས་ཞུ་མ་ལག་འཛུགས་པ་དང་། བགེགས་མེད་སྤྱི་སྤྱོད་སྒྲིག་ཆས་འཛུགས་སྐྲུན་དང་བསྒྱུར་བཅོས་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ།དགོས་མཁོ་ཡོད་པའི་དབུལ་ཞིང་འཕུང་བའི་མི་ལུས་ཕྱེད་པོའི་ཁྱིམ་ཚང་གི་བགེགས་མེད་བསྒྱུར་བཅོས་བྱེད་པར་གསབ་དངུལ་རམ་འདེགས་བྱེད་རྒྱུ། དྲུག གཟིགས་སྐྱོང་བཀོད་སྒྲིག་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། མུ་མཐུད་དུ་གཟིགས་སྐྱོང་བྱ་ཡུལ་ལ་འཆི་གོད་གྱོང་གསབ་ཁ་སྣོན་རམ་འདེགས་ཚད་གཞི་ཇེ་མཐོར་བཏང་སྟེ། གཟིགས་སྐྱོང་བྱ་ཡུལ་གྱི་འཚོ་བའི་ཆུ་ཚད་ས་གནས་དེའི་སྡོད་དམངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མི་དམའ་བ་འགན་སྲུང་བྱེད་རྒྱུ། དམག་དཔུང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་རེ་འདུན་ལ་བསྟུན་ཆེད་དམག་ཁོངས་ནས་བུད་པའི་དམག་མི་བཀོད་སྒྲིག་བཅོས་བསྒྱུར་བྱེད་པ་ཤུགས་སྣོན་དང་དམག་དཔུང་གི་དམག་ཁོངས་ནས་བུད་པའི་དམག་མིའམ་ལས་འཁྱུར་ངལ་གསོ། ལས་གནས་ཕྱིར་འཐེན་མི་སྣ་བཅས་བཀོད་སྒྲིག་སྡུད་ལེན་བྱེད་པའི་བྱ་བ་ལེགས་སྒྲུབ་བྱས་ཏེ། ཆབ་སྲིད་དང་འཚོ་བ། ལས་ཞུགས་སོགས་ལག་བསྟར་བཟང་བོ་བྱེད་རྒྱུ།
  ཆེད་བསྒྲིགས་ལས་ཚན16པ།སྤྱི་ཚོགས་འགན་སྲུང་གཙོ་གནད་ལས་གྲྭ།
          སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་གིས་གོ་ཆོད་པ་འཛུགས་སྐྲུན། ཞིང་ཆེན་ཡོངས་ཀྱི་བྱང་བུ་བཟུང་བའི་རྨང་གཞིའི་བརྡ་འཕྲིན་བང་མཛོད་འཛུགས་སྐྲུན་བྱེད་པ་དང་། བྱང་བུ་འཛིན་མཁན་མི་གྲངས་ཁྲི་ཚོ540ལ་བསླེབ་ཏུ་བཅུག་སྟེ། 90ཡན་གྱི་མི་གྲངས་ལ་ཁེབ་པར་བྱས་ཤིང་། སྤྱི་ཚོགས་འགན་སྲུང་བྱང་བུའི་མཐའ་སྣེ་ཞབས་ཞུ་ཕལ་ཆེར་ཡོངས་སུ་ཁེབ་པ་མངོན་འགྱུར་བྱེད་རྒྱུ། རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན། རྒན་པ་སྙོར་སྐྱོང་ཐོག་ཁང་དང་རྒན་བཀུར་ཁང་། རྒན་པ་ཉིན་དཀར་སྙོར་སྐྱོང་ལྟེ་བ། སྡོད་ཁུལ་ཆེད་ལས་གསོ་སྙོར་ལས་ཁུངས། ཞང་དང་གྲོང་རྡལ་རྒན་སྙོར་ཞབས་ཞུ་ལྟེ་གནས། ན་རྒས་ལས་གྲྭ་ལས་གཞི། ཁུལ་དང་རྫོང་རིམ་པའི་རྒན་པའི་བྱ་འགུལ་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་རྒྱུ།སྤྱི་ཚོགས་ཕན་བདེ་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཚོགས་རོགས་སྐྱོབ་ཞབས་འདེགས་བྱ་ཡུལ་འཛུགས་སྐྲུན་དང་། བྱམས་སེམས་ཞལ་འདེབས་བརྡ་འཕྲིན་སྟེགས་བུ། གཞུང་ལས་རྨས་སྐྱོན་སླར་སོས་དཔེ་སྟོན་སྟེགས་བུ་འཛུགས་སྐྲུན་ལས་གྲྭ། དྭ་ཕྲུག་དབང་བོ་སྐྱོན་ཅན་གྱི་བྱིས་པ་འགན་སྲུང་ཞབས་ཞུ་ལས་གྲྭ། དབང་རྩའི་ནད་པའི་ཕན་བདེ་སྒྲིག་ཆས་སོགས།སྡོད་ཁུལ་ཞབས་ཞུ་མ་ལག་འཛུགས་སྐྲུན། གྲོམ་ཁྱེར་དང་གྲོང་གསེབ་སྡོད་ཁུལ་སྣ་ཟཇོམས་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།དབང་བོ་སྐྱོན་ཅན་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན། དབང་བོ་སྐྱོན་ཅན་ལས་ཞུགས་དང་བཅོལ་སྙོར། སོས་བཅོས་སོགས་ཀྱི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།སྤྱི་ཚོགས་ལས་དོན་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཕན་རང་བཞིན་གྱི་པུར་ཐལ་འཇོག་སའི་སྒྲིག་ཆས་སམ་ནར་མ་སོན་པའི་འཁྱམས་པོ་སྲུང་སྐྱོབ་ལས་གྲྭ། འཁྱམས་པོ་སློང་མོ་པ་རོགས་སྐྱོབ་བདག་གཉེར་སྒྲིག་ཆས་སོགས་འཛུགས་སྐྲུན་བྱེད་རྒྱུ།

  ས་བཅད་དྲུག་པ།མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།ཕྱོགས་ཡོངས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་གོང་འཕེལ་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་ཁེབས་པར་བྱེད་པའི་རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུ་བྱེད་ནུས་མངོན་གསལ་སྒོས་ཤུགས་སྣོན་ནམ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁ་ཚང་གི་ཆུ་ཚད་ཇེ་མཐོར་ཆེན་པོ་ཞིག་བཏང་རྗེས། མུ་མཐུད་དུ་མང་ཚོགས་ཀྱི་རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དང་བདེ་ཐང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་ཡོང་བའི་དགོས་མཁོ་དང་བསྟུན་པར་བྱེད་རྒྱུ། གཅིག སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ།"རྨང་གཞི་སྲུང་སྐྱོབ་དང་གཞི་རིམ་ཤུགས་སྣོན། རྐྱེན་སྲོལ་འཛུགས་པ"བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྨན་བཅོས་དང་སྨན་བཅོས་འགན་སྲུང སྨན་སྣ་བཅས"སྨན་གསུམ་སྣ་སྦྲེལ"མངོན་འགྱུར་བྱས་ཏེ། རྨང་གཞིའི་སྨན་བཅོས་དང་ནད་དྲག་པོ་འགན་སྲུང སྨན་བཅོས་རོགས་སྐྱོབ། ཚོང་ལས་བདེ་ཐང་འགན་སྲུང སྤྱི་ཚོགས་སྙིང་རྗེ་སོགས་ཀྱི་རྐྱེན་སྲོལ་དང་འབྲེལ་མཐུད་རམ་འདེགས་བྱེད་པར་སྐུལ་འདེད་བྱས་ཏེ། གོང་འོག་འབྲེལ་སྒུལ་དང་ཕན་ཚུན་འབྲེལ་མཐུད་གསབ་རོགས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སོགས་སྒྲིག་འཛུགས་བྱེད་རྒྱུ། སྨན་རྫས་མཁོ་སྤྲོད་འགན་སྲུང་བྱེད་པར་ཤུགས་སྣོན་དང་། སྨན་རྫས་སུ་འཇོན་དེ་འགུགས་ལྟར་ཉོ་སྡུད་བྱེད་པ་འཐུས་ཚང་དུ་བཏང་ནས་རྨང་གཞིའི་སྨན་རྫས་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་ལག་བསྟར་བྱེད་རྒྱུ། སྤྱི་ཕན་གྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་བཙུགས་སྨན་ཁང་གི་སྣ་འཛོམས་བཅོས་བསྒྱུར་གཏིང་ཟབ་སྒོས་སྐུལ་འདེད་བྱེད་རྒྱུ། གཞི་རིམ་སྣ་འཛོམས་བཅོས་བསྒྱུར་བྱས་པའི་འབྲས་བུ་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང་ནས་གྲོང་ཁྱེར་དང་ཁུལ་རིམ་པ། ཞིང་ཆེན་རིམ་པའི་སྤྱི་བཙུགས་སྨན་ཁང་བཅོས་བསྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། གསོན་ཤུགས་དང་སྒུལ་ཤུགས་བཏོན་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། རིམ་བགོས་བརྟག་དཔྱད་སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་བར་བྱས་ཏེ། རིམ་བགོས་བརྟག་དཔྱད་སྨམན་བཅོས་འགན་སྲུང་བར་ཁྱད་ཅན་གྱི་དངུལ་སྤྲོད་སྲིད་ཇུས་ལག་བསྟར་བྱེད་པ་གཏན་ཁེལ་བྱས་ཤིང་། མང་ཚོགས་སྨན་པར་བསྟེན་པ་ལུགས་མཐུན་དུ་འགྱུར་བར་སྐུལ་འདེད་བྱེད་རྒྱུ། ཕན་ཚུན་ཚོད་འཛིན་དང་ཕྱོགས་མང་ནང་ཞུགས་ཀྱི་སྨན་བཅོས་སྤུས་ཀ་དང་སྨན་བཅོས་ཞབས་ཞུ་སོགས་སྨན་བཅོས་འཕྲོད་བསྟེན་སྣ་འཛོམས་ལྟ་རྟོག་ལམ་ལུགས་བཙུགས་ཏེ། མུ་མཐུད་དེ་ལྟ་རྟོག་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཤུགས་ཆེན་པོའི་སྒོ་ནས་སྤྱི་ཚོགས་ཀྱིས་སྨན་ཁང་བསྒྲུབ་པ་དང་། དམངས་གཉེར་སྨན་ཁང་གོང་འཕེལ་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། ཐོག་མར་ལུས་སྟོབས་རྒྱས་པ་དང་རྒན་གསོ། རྒས་པའི་ནད། དབང་བོའི་ནད། བྱིས་པའི་ནད། ཀྲུང་ནུབ་སྨན་བཅོས་ཟུང་འབྲེལ། སྙོར་སྐྱོང་ཁངས་ཚིགསའཆི་ཁར་ཐུགས་ཁུར་སྨན་ཁང་སོགས་ཆེད་དུ་མཁོ་བའི་ཆེད་གཉེར་སྨན་བཅོས་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། སྣ་མང་སྨན་ཁང་སྒྲུབ་པའི་རྣམ་པ་གྲུབ་པར་བྱེད་རྒྱུ། གཉིས།སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་གཏོང་རྒྱུ། མུ་མཐུད་དུ་གཞི་རིམ་སྨན་བཅོས་ཞབས་ཞུ་མ་ལག་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་ཤུགས་སྣོན་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། 2020ལོར་བསླེབས་ཚེ་མི་གྲངས་ཆིག་སྟོང་གི་སྨན་བཅོས་ལས་ཁུངས་སུ་ནད་ཁྲི6.42དང་། མི་གྲངས་ཆིག་སྟོང་རེར་ལས་གཉེར་སྨན་པ་སྨན་རོགས2.5ཡོད་པར་བྱེད་རྒྱུ། ཞིང་ཆེན་རིམ་པའི་སྨན་ཁང་གི་སྒྲིག་ཆས་ཆ་རྐྱེན་ལེགས་བསྒྱུར་བྱེད་ཅིང་། གལ་གནད་ཀྱི་རིགས་གཞུང་བསླབ་ཚན་དང་ཁྱད་ཆོས་ཅན་གྱི་ཆེད་ལས་ཚན་ཁག་འབོར་ཞིག་འཛུགས་སྐྲུན་བྱས་ཏེ། ཉེན་ཁ་ཆེ་བའི་ནད་པ་དྲག་ཅན་དང་ངོས་འཛིན་བྱེད་དཀའ་བའི་ནད་གཞི་སྨན་བཅོས་བྱེད་སྐབས་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་རྒྱུ། སྨན་བཅོས་མཉམ་འབྲེལ་རྩ་འཛུགས་བཙུགས་ཏེ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྨན་བཅོས་ཐོན་ཁུངས་ཕན་ཚུན་སྤྱི་སྤྱོད་བྱེད་པ་ལག་བསྟར་བྱེད་རྒྱུ། སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཤུགས་ཆེན་པོའི་སྒོ་ནས་འགོ་ནད་ཆེན་པོའམ་ས་གནས་ནད་གཞི། དལ་བའི་རང་བཞིན་གྱི་ནད། ལས་རིགས་ནད་གཞི་བཅས་འགོག་བཅོས་བྱེད་ཅིང་། ནད་གཞི་འགོག་བཅོས་ཚོད་འཛིན་དང་འཕྲོད་བསྟེན་མྱུར་སྤྱོད། བུད་མེད་དང་ཕྲུ་གུའི་བདེ་ཐང་སྲུང་སྐྱོབ། མི་གྲངས་དང་འཆར་ལྡན་བུ་སྐྱེའི་ཞབས་ཞུ། སེམས་ནད་འཕྲོད་བསྟེན། འཕྲོད་བསྟེན་ལྟ་རྟོག་སོགས་ཀྱི་ལས་ཁུངས་སྒྲིག་ཆས་ཆ་རྐྱེན་ལེགས་བསྒྱུར་བྱེད་རྒྱུ། གློ་བུར་བའི་སྤྱི་སྤྱོད་འཕྲོད་བསྟེན་དོན་རྐྱེན་མྱུར་བསྟུན་བཀོད་སྒྲིག་བྱེད་ནུས་ཇེ་མཐོར་བཏང་སྟེ་མྱུར་སྐྱོབ་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ། མི་རིགས་ཀྱི་གསོ་བ་རིག་པ་སྲུང་སྐྱོབ་དང་གོང་འཕེལ་དུ་བཏང་སྟེ་ཀྲུང་གོའི་བོད་སྨན་དང་སོག་སྨནགསོ་རིགས་དང་འཚམས་པའི་ལག་རྩལ་དར་སྤེལ་དུ་གཏོང་རྒྱུ། གསོ་རིག་ཀུན་རྟོགས་ཀྱི་སྨན་པ་སྐྱེད་སྲིང་བྱེད་པ་ཤུགས་སྣོན་བྱེད་པ་དང་། ཚད་ལྡན་ཅན་གྱི་གསོ་སྐྱོང་གནས་གཞི་འཛུགས་སྐྲུན་བྱེད་ཅིང་། ཤུགས་གང་ཡོད་བཏོན་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། མི་ཆིག་ཁྲི་རེར་གསོ་རིག་ཀུན་རྟོགས་གཉིས་ཡོད་པ་མངོན་འགྱུར་བྱེད་རྒྱུ། གསོ་རིག་ཀུན་རྟོགས་སྨན་པ་དང་སྡོད་དམངས་བར་དུ་གན་རྒྱའི་ཞབས་ཞུའི་འབྲེལ་བ་དེ་འཐུས་ཚང་དུ་གཏོང་རྒྱུ། སྡོད་ཁུལ་སྨན་པཞིང་སྡེའི་སྨན་པདང་སྡོད་དམངས་བར་དུ་བདེ་ཐང་བདག་གཉེར་གྱི་ཞབས་ཞུ་གན་རྒྱ་འཇོག་པ་ལག་བསྟར་བྱེད་རྒྱུ། རྒྱང་རིང་སྨན་བཅོས་དང་ཁྱིམ་ཚང་སྨན་པ་སོགས་ཀྱི་གསར་བྱུང་སྨན་བཅོས་ཞབས་ཞུ་དར་སྤེལ་དུ་གཏོང་རྒྱུ། ཤུགས་གང་ཡོད་ཀྱིས་དམངས་ཡོངས་ལ་བདེ་ཐང་སློབ་གསོ་དང་བདེ་རང་སྐུལ་བྱ་འགུལ་སྤེལ་དགོས། གསུམ།དོ་མཉམ་སྒོས་མི་གྲངས་གོང་དུ་འཕེལ་བར་སྐུལ་འདེད་བྱེད་རྒྱུ། གལ་ཆེ་བའི་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་མི་གྲངས་ཤན་ཤུགས་ལ་དཔྱད་འཇོག་དར་སྤེལ་དུ་གཏོང་བ་དང་། མི་གྲངས་བདེ་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཁྱོ་ཤུག་གཉིས་ཀྱིས་བྱིས་པ་གཉིས་བཙས་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། ལེགས་བཙའ་ལེགས་གསོའི་གོ་རིམ་ཡོངས་ལ་ཞབས་ཞུ་བྱེད་པར་སྐུལ་འདེད་བྱས་ཤིང་། སྦྲུམ་མར་ལེགས་བཙའ་བདེ་ཐང་ཞིབ་བཤེར་བྱེད་པ་དོན་ཐོག་ཏུ་འབབ་པར་བྱས་ཏེ། དབང་བོ་མི་ཚང་བའི་བྱིས་པ་བཙའ་བར་སྣ་འཛོམས་འགོག་བཅོས་བྱེད་པར་ཤུགས་སྣོན་བྱེད་རྒྱུ། སྐྱེ་འཕེལ་བདེ་ཐང་དང་མ་བུའི་བདེ་ཐང་། བུ་བཅོལ་སོགས་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཁྱིམ་ཚང་གོང་འཕེལ་དུ་གཏོང་བར་མཐོང་ཆེན་བྱེད་པ་དང་། "བདེ་སྐྱིད་ཁྱིམ་ཚང"གི་ལས་སྒོ་སྤེལ་དགོས། ཕྱོགས་བསྡུས་སྒོས་ན་རན་ངལ་ལས་པ་ཇེ་ཉུང་དུ་འགྲོ་བར་ཁ་གཏད་དེ་རིམ་བཞིན་དུ་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། ན་མཐོ་ངལ་རྩོལ་པའི་ལས་ཞུགས་བྱེད་ནུས་ཇེ་ཆེར་བཏང་སྟེ། ངལ་ལས་ཚོང་ར་ལས་ཕྱིར་འབུད་བྱེད་སྔ་བའི་གནས་ཚུལ་ལས་འབྱོལ་བར་བྱེད་རྒྱུ། ན་རྒས་ངལ་རྩོལ་པའི་ཐོན་ཁུངས་འདོན་སྤེལ་བྱེད་པར་ཤུགས་སྣོན་གཏོང་རྒྱུ། 
   ཆེད་བསྒྲིགས་ལེ་ཚན17བ།འཕྲོད་བསྟེན་འཆར་ལྡན་བུ་སྐྱེའི་གཙོ་གནད་ལས་གྲྭ།
            གཞི་རིམ་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན། རྫོང་དང་ཞངསྲང་ལམ སྡེ་བསྡེ་ཁུལསོགས་སྨན་བཅོས་འཕྲོད་བསྟེན་ཆེད་གཉེར་ལས་དོན་གྱི་ཁང་བ་དང་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།རྒྱ་བོད། སོག་གསུམ་སྨན་བཅོས་ཞབས་ཞུ་མ་ལག་འཛུགས་སྐྲུན། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་གི་མི་རིགས་སྨན་ཁང་གི་ཆེད་གཉེར་ལས་དོན་གྱི་ཁང་བ་དང་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་གི་གལ་ཆེ་བའི་ནད་གཞི་འགོག་སྲུང་ཚོད་འཛིན་མ་ལག་གམ་ཁྲག་དྲོད་ཚུར་ལེན་ཕར་སྤྲོད་མ་ལག གློ་བུར་ཁ་གཏོད་མ་ལག འཕྲོད་བསྟེན་ལྟ་རྟོག་ཁྲིམས་འཛིན་མ་ལག་ཆེད་གཉེར་ལས་དོན་ཁང་བ་དང་ཞོར་གཏོགས་སྒྲིག་་ཆས་འཛུགས་སྐྲུན་བྱེད་པ། ཁུལ་ལྗོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན། ཞིང་ཆེན་དང་གྲོང་ཁྱེར། ཁུལ་གྱི་སྣ་འཛོམས་སྨན་བཅོས་སམ་ཆེད་ཚན་སྨན་བཅོས་ལས་ཁུངས་ཀྱི་ཆེད་གཉེར་ལས་དོན་ཁང་བ་དང་ཞོར་གཏོགས་འཛུགས་བྱེད་པ། བདེ་ཐང་ཞབས་ཞུ་མ་ལག་འཛུགས་སྐྲུན། ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ལུས་ཕུང་བདེ་ཐང་ཞིབ་བཤེར་དང་ལུས་ཕུང་བདེ་སོས་ཆེད་ལས་གོན་གཉེར་ཁང་བ་དང་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།ཁུལ་དང་རྫོང་གི་མཐོ་གནོན་དབྱང་དབུགས་འཇུག་སྣོད་འཛུགས་སྐྲུན། རྫོང་རིམ་པའི་སྨན་ཁང་དང་རྒྱ་བོད་སྨན་ཁང་གི་མཐོ་གནོན་དབྱང་དབུགས་འཇུག་སྣོད་དང་དེར་གཏོགས་སྒྲིག་ཆས་གསར་སྐྲུན་ནམ་བསྒྱུར་སྐྲུན་བྱེད་རྒྱུ།