2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༨)

 ལྕགས་རིགས་མཱའེ་གཅིག་འགྲིལ་ཅན་དེ་སྐབས་དང་པོར་ཐོན་ཚད་དུ་བསླེབས་པ་དང་ཚད་གཞིར་བསླེབས་སུ་བཅུག་ནས། སྐབས་གཉིས་པའི་ལས་གཞིར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་རྒྱུ་དང་། མཱའེ་རིགས་ཀྱི་ཐོན་རྫས་གོང་དུ་སྤེལ་ཏེ། ལས་སྣོན་ཞིབ་ཕྲ་ཅན་གྱི་ཐོན་ལས་འདུས་འཛོམས་མྱུར་དུ་གསོ་སྤེལ་བྱ་རྒྱུ། ཚ་ལ་དང་ལིས་ཐོན་ཁུངས་ཀྱི་སྨད་རྒྱུད་ཡུན་བསྲིང་མཐོ་གྲས་ཐོན་རྫས་དང་སྐྱེ་ལྡན་བྱེད་ནུས་རྒྱུ་ཆ་གོང་དུ་སྤེལ་རྒྱུ། མདོག་ལྡན་ལྕགས་རིགས།རྒྱལ་ནང་གི་གལ་ཆེ་བའི་མདོག་ལྡན་ལྕགས་རིགས་དང་གཞན་ད་རུང་སྨད་རྒྱུད་ལས་སྣོན་ཐོན་ལས་འདུས་འཛོམས་དང་ནུབ་རྒྱུད་སྤུས་ལེགས་ཁྱད་ལྡན་ལྕགས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུ། ཁེ་ལས་ཀྱི་ནུས་པའི་ཟད་གྲོན་དང་དངོས་པོའི་ཟད་གྲོན། ཕྱིར་གཏོང་ཚད་གཞི་བཅས་ཇེ་དམའ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས། ཐོན་སྐྱེད་བཟོ་རྩལ་དང་ལག་རྩལ་བསྟུད་མར་ལེགས་བསྒྱུར་བྱ་དགོས་པ་དང་། ཧ་ཡང་སྐབས་ཐོག་ཏུ་ལས་སྣོན་བྱེད་པའི་བསྡུར་ཚད་དང་ལས་སྣོན་ཞིབ་ཕྲ་བྱེད་པའི་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ། ལྕགས་དང་ཟངས། ཞ། ཏི་ཚ། ནིག ཁོབ། ཐེ། མོལ། གསེར་སོགས་ཀྱི་སྔོག་འདེམ་བཙོ་སྦྱང་ལག་རྩལ་དང་བཟོ་རྩལ་ཆུ་ཚད་ཇེ་མཐོར་བཏང་ནས། གཙོ་བོ་ཞོར་ཐོན་ཐོན་རྫས་ཕྱིར་སྡུད་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨད་རྒྱུད་ཀྱི་ལས་སྣོན་ཞིབ་མོའི་ཐོན་ལས་ཡུན་བསྲིང་བ་དང་འཕེལ་རྒྱས་སུ་གཏོང་རྒྱུ། སྔོན་ཐོན་ལྕགས་རིགས་ཀྱི་རྒྱུ་ཆ་ཐོན་སྐྱེད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དམག་ཆས་བཟང་པོ་དང་དམག་དོན་བཟོ་ལས། ཉིང་རྡུལ་གློག་གི་ཐད་སྤྱོད་པའི་ཁྱད་ལྡན་ལྕགས་རིགས། བྱེད་ནུས་མཐོ་བའི་ཨར་ལས་ལྕགས་རིགས་དང་ཁྱད་ལྡན་ཧ་ཅང་ལྕགས་བསྲེས་མ་བཅས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏོང་བ་དང་། སྤུས་ལེགས་ཅན་གྱི་ཁྱད་ལྡན་ལྕགས་རིགས་ཐོན་རྫས་ཀྱི་རིམ་པ་དང་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ། ཧུར་བརྩོན་གྱིས་ཧ་ཡང་ལྕགས་བསྲེས་མའི་ལས་རིགས་ཀྱི་ཕྱིར་སྡུད་བཀོལ་སྤྱོད་དང་རང་འགུལ་ཅན་གྱི་རམ་འདེགས་མ་ལག་ལག་རྩལ་བསྒྱུར་བཀོད་བྱ་རྒྱུ།ནུས་ཁུངས་རྫས་འགྱུར་བཟོ་ལས།སྣུམ་རླངས་ཐོན་ཁུངས་རྩད་གཅོད་དང་གསར་སྤེལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཏུན་བྱེ་བ་རིམ་པའི་སྣུམ་རླངས་ཞིང་ཆགས་སུ་འཇུག་པ། རྡོ་སྣུམ་བཙོ་སྦྱང་དང་སྣུམ་རླངས་རྫས་འགྱུར་བཟོ་ལས་བྱེད་ཚད་ཇེ་མཐོ་དང་བསྒྱུར་བཀོད་བཅས་བྱས་ཏེ། རྣམ་པ་གསར་བའི་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ན་གོར་མོ་གྲོང་ཁྱེར་གྱི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་ནུས་ཁུངས་རྒྱ་སྐྱེད་པ་དང་བསྒྱུར་བཀོད་བྱེད་པའི་ལས་གཞི་ཧུར་བརྩོན་གྱིས་ལག་བསྟར་བྱ་རྒྱུ། སྣུམ་རླངས་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་དང་ཚྭ་མཚེའུ་རྫས་འགྱུར་ཐོན་ལས། རྡོ་སོལ་རྫས་འགྱུར་བཟོ་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མྱུར་དུ་སྐུལ་འདེད་བཏང་ནས། སྨད་རྒྱུད་ཟུར་མཐོ་རིན་འཕར་ཐོན་རྫས་གསར་སྤེལ་བྱ་རྒྱུ། ཁྱད་ཆོས་ཅན་གྱི་ཡང་པའི་བཟོ་ལས། སྤུས་ཀ་དང་སྤུས་རྟགས་སྐྲུན་པར་ཤུགས་སྣོན་པ་དང་། མཚོ་སྔོན་གྱིས་བཟོས་པའི་སྤུས་རྟགས་ཀྱི་སྣང་བརྙན་བཟང་པོ་སྐྲུན་ཏེ། ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་ལྡན་ཞིང་མཐོ་སྒང་གི་ཁྱད་ཆོས་འབུར་དུ་དོད་པའི་ཡང་བའི་བཟོ་ལས་ཀྱི་ཐོན་ལས་མ་ལག་འཛུགས་རྒྱུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྤུས་རྟགས་ལ་བརྟེན་པ་དང་། ལོ་ངོ་སྟོང་ཕྲག་གི་འཁྱགས་རིམ་དང་ལོ་ངོ་ཁྲི་ཕྲག་གི་གངས་རིའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། རང་བྱུང་འཐུང་ཆུའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཁེ་ལས་དང་སྤུས་རྟགས་བཟང་པོ་སྐོར་ཞིག་སྐྲུན་དགོས། བོད་ཀྱི་ས་གདན་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། བོད་ཀྱི་ས་གདན་ཞིབ་འཇུག་དང་ལས་སྣོན། འགྲེམ་འཚོང་། ཐོག་མའི་རྒྱུ་ཆ་ཉོ་ཚོང་བཅས་དང་གཞན་ད་རུང་བཙོང་རྗེས་ཀྱི་ཞབས་ཞུ་དང་ཉམས་གསོ་སོགས་གཅིག་ཏུ་འགྲིལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་ལུགས་ས་གདན་གྱི་གྲོང་ཁྱེར་ཞིག་འཛུགས་རྒྱུ། གྱོན་ཆས་དང་རྒྱན་གོས་ཐོན་ལས་ཀྱི་སྤུས་རྟགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མི་རིགས་གྱོན་ཆས་ལས་རིགས་དང་མི་རིགས་ཆེད་མཁོ་དངོས་རྫས་ཀྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་རྒྱུ། དབྱི་སི་ལན་ཟས་རིགས་ཀྱི་ཐོན་ལས་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་སྨད་རྒྱུད་ནས་ལེགས་པར་འདེམ་པ་དང་ཕྱི་ཐུམ་ལེགས་པོར་བརྒྱག་པ། ལས་སྣོན་ཞིབ་མོ་བཅས་བྱེད་པ་དང་། ས་གནས་ཀྱི་སྤུས་རྟགས་ཐོན་རྫས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་རྒྱུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རི་བོ། ཚ་འདམ་གཞོང་བཅས་ཀྱི་སྐྱེ་ཁམས་སྤུས་རྟགས་ཆེན་པོ་བཞི་ལ་བརྟེན་ནས། འཕང་འབྲས་དང་སྐམས་ལུག་ཤ། འབྲི་འོ་སོགས་གདོད་མའི་སྐྱེ་ཁམས་ཀྱི་སྐྱེ་དངོས་ཐོན་ཁུངས་དེ་སྤུས་རྟགས་མིང་གྲགས་ཅན་གྱི་འཛད་སྤྱོད་དངོས་པོར་བསྒྱུར་རྒྱུ། ཁུ་ནུ་གཡང་ཏྲི་དང་ཐང་ག བོད་ཀྱི་རྒྱན་ཆ་སོགས་མི་རིགས་བཟོ་རྩལ་དངོས་པོ་དང་གནས་སྐོར་དྲན་རྟེན་དངོས་པོའི་ཐོན་ལས་ཀྱི་འདུས་འཛོམས་འཕེལ་རྒྱས་དང་ཇེ་མཐོར་གཏོང་རྒྱུ། འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས།ཁྱད་ལྡན་ཨར་འདམ་དང་སྤུས་ལེགས་ཨར་འདམ། གཞན་ད་རུང་གྲུབ་ཆའི་ཐོན་རྫས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། ཁེ་ལས་ཀྱིས་ཤེལ་སྒོ་སྲ་མཁྲེགས་ཅན་དང་ཤེལ་སྒོ་ཁོག་སྟོང་ཅན། ཤེལ་སྒོ་ཝུ་བ་ཅན། ཤེལ་སྒོ་འཁྲབ་ཡོལ་ཅན་སོགས་ཀྱི་ཟུར་མཐོ་རིན་འཕར་ཐོན་རྫས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ལིས་དང་ཧ་ཡང་། སྭེལ་བཅས་ཀྱི་ཤེལ་སྒོ་དང་། ཚ་ལ་དང་སྭེལ་གྱི་ཤེལ་སྒོ། ཉི་འོད་འོད་ཧྥུ་འོད་དྲོ་ཤེལ་སྒོ་སོགས་ཀྱི་ཁྱད་པར་ཅན་གྱི་ཤེལ་སྒོ་ཞིབ་འཇུག་དང་གསར་སྐྲུན་བྱ་རྒྱུ། སྭེལ་རྡུལ་རྡོའི་རྨ་འབྲི་རྫ་ཁང་ལུས་འཁྲུ་ཐོན་རྫས་ཀྱི་ཚོང་ར་རྒྱ་སྐྱེད་གཏོང་རྒྱུ། PVCམ་ལག་གི་ཧ་ཡང་སྤོས་འགྱིག་རྒྱུ་ཆ་དང་སྤུས་ལེགས་དཀར་རག ཤོག་ངོས་དཀར་རག དཀར་རག་ལས་སྣོན་ཐོན་རྫས་སོགས་ཀྱི་རྣམ་པ་གསར་བའི་འཛུགས་སྐྲུན་རྒྱུ་ཆ་གོང་དུ་སྤེལ་རྒྱུ། ཅིན་དབྱངས་མཱའེ་འགྱུར་དང་གློག་གིས་མཱའེ་བཞུ་བ་སོགས་ཀྱི་མེ་འགོག་ནུས་ཤུགས་ལྡན་པའི་ཐོན་རྫས་ཀྱི་སྤུས་ཀ་ཇེ་མཐོར་བཏང་ནས། ཏུན་ས་ཡ་རིམ་པའི་ཐོན་ལས་གཞི་ཁྱོན་ཆགས་སུ་འཇུག་རྒྱུ།གཉིས།འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་སྐྱེད་གཏོང་རྒྱུ། ཁྱད་ཆོས་ལྡན་པ་དང་རྣམ་པ་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་མནོན་བཙན་ས་བདག་ཏུ་འཛིན་པ་དམིགས་འབེན་བྱེད་པ་དང་། "གསར་སྐྲུན་འགག་སྒྲོལ་ལས་གྲྭ་བརྒྱའི"ལས་གཞི་མུ་མཐུད་དེ་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་སྒོར་དུར་ཕྱུར་གྱི་ལིས་གློག་དང་འོད་ཧྥུ་འོད་དྲོ། རྒྱུ་ཆ་གསར་བ་བཅས་ཀྱི་ཐོན་ལས་འདུས་འཛོམས་འཛུགས་པ་དང་། ཐོན་ལས་གསར་བ་དེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་རིགས་བསྒྱུར་རིམ་སྤར་དང་གསར་སྐྲུན་འཕེལ་རྒྱས་ཡོར་བར་སྐུལ་ཁྲིད་བྱེད་པའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་དུ་འཇུག་རྒྱུ། ནུས་ཁུངས་གསར་བའི་བཟོ་སྐྲུན་ལས་རིགས། རྒྱལ་ཡོངས་སུ་ཤུགས་རྐྱེན་ཡོད་པའི་ལིས་གློག་ཐོན་ལས་རྟེན་གཞི་དང་འོད་ཧྥུ་འོད་དྲོ་བཟོ་སྐྲུན་རྟེན་གཞི་གལ་ཆེན་འཛུགས་རྒྱུ། ཉི་འོད་འོད་ཧྥུ་གློག་འདོན་དང་འོད་དྲོ་བེད་སྤྱོད་མ་ལག་གི་ཐོན་རྫས། རླུང་འཁོར་སྒྲིག་འཁོར་བཟོ་སྐྲུན་དང་ལྷུ་ལག་ཆེ་ཆུང་སོགས་ཀྱི་ཆ་སྡེབ་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་རྒྱུ། སྣུམ་གསོག་གློག་ཚགས་གཙོ་བྱས་ཏེ། དངོས་ལྡོག་མཐའ་སྣེ་དང་ཁྱད་པར་ཅན་གྱི་བར་ཁེབས། གློག་འབྱེད་བཤེར་རྩི་སོགས་ཀྱི་ཐོན་རྫས་ཐོན་ནུས་རྒྱ་སྐྱེད་པ་དང་། ནུས་ཚད་མཐོ་བའི་སྟུག་ཚད་དང་བདེ་འཇགས་རང་བཞིན་མཐོ་བའི་གློག་ཚགས་རྐྱང་མ། ཕན་ནུས་མཐོ་བའི་གློག་ཤོང་ཚད་དང་གློག་ཚགས་མ་ལག་འདུས་རྩལ་ལས་བརྒལ་བར་བརྩོན་པ་བྱ་རྒྱུ་ཡིན་པར་མ་ཟད། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་བཀོལ་སྤྱོད་བྱ་རྒྱུ། རྒྱུ་ཆ་གསར་བའི་ཐོན་ལས།གློག་རྡུལ་ཆ་འཕྲིན་གྱི་རྒྱུ་ཆ་དང་རྣམ་པ་གསར་བའི་རྫས་འགྱུར་བཟོ་ལས་རྒྱུ་ཆ། རྣམ་པ་གསར་བའི་ལྕགས་བསྲེས་རྒྱུ་ཆ་སོགས་ཁ་ཕྱོགས་གཙོ་བོ་བྱས་ཏེ། གཙོ་བོ་ཧ་ཡང་གཞི་དང་མཱའེ་གཞི། ཐེ་གཞི། ལིས་ལྕགས་བསྲེས་མ་སོགས་ཀྱི་རྣམ་པ་གསར་བའི་ལྕགས་རིགས་ལྕགས་བསྲེས་རྒྱུ་ཆ་ཡང་མོ་འཕེལ་རྒྱས་སུ་གཏོང་བ་དང་། ནིག་གཞི་སྨད་རྒྱུད་མཐོ་གྲས་ལྕགས་བསྲེས་དང་བྱེད་ནུས་རྒྱུ་ཆ་འཕེལ་རྒྱས་སུ་གཏོང་རྒྱུ། སྔོན་ཐོན་འདུས་རྡུལ་མཐོ་བའི་རྒྱུ་ཆ་དང་ཁྱར་པར་ཅན་གྱི་ཚི་སྣ། གཞན་ད་རུང་དེའི་མཉམ་བསྲེས་རྒྱུ་ཆ་གཙོ་ཡིན་པའི་རྣམ་པ་གསར་བའི་རྫས་འགྱུར་བཟོ་ལས་རྒྱུ་ཆ་གསར་སྤེལ་བྱ་རྒྱུ། LEDའོད་གློག་རྒྱུ་ཆ་དང་ཟགས་དང་ཧ་ཡང་གི་གློག་རྡུལ་གཞི་རྩའི་རྒྱུ་ཆ། གློག་རྡུལ་རིམ་པའི་ཐཱན་འགྱུར་སྭེལ། ཤེལ་གཟུགས་རྐྱང་མ་དང་ཁྱབ་བྱེད་ལེབ་མོ་སོགས་གློག་རྡུལ་རྒྱུ་ཆ་དང་། གཞན་ད་རུང་དབྱང་འགྱུར་ཧ་ཡང་རྐྱང་མ་དང་རིན་ཆེན་སྔོན་པོ། རིམ་འདས་ཐཱན་རྒྱུ་ཆ་སོགས་མིས་བཟོས་ཤེལ་གཟུགས་རྒྱུ་ཆ་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་སྐྱེད་པ་དང་། རྡོ་སྣག་ཞི་སོགས་ཀྱི་རྒྱུ་ཆ་གསར་བ་འཕེལ་རྒྱས་སུ་གཏོང་རྒྱུ།གློག་རྡུལ་ཆ་འཕྲིན་ཐོན་ལས།རྒྱལ་ཁབ་ཕྱི་ནང་གི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལེགས་པའི་ཁེ་ལས་ཧུར་བརྩོན་གྱིས་ནང་འདྲེན་བྱས་ཏེ། གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་དང་འོད་འབྱེད་ཚི་སྐུད་གློག་རྡུལ་ཆ་འཕྲིན་རྒྱུ་ཆའི་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། རིམ་གྱིས་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་དང་པར་རིས་དབྱེ་འབྱེད་སོགས་ཀྱི་གཞི་གྲངས་འཚོལ་བསྡུ་སྒྲིག་ཆས་འཕེལ་རྒྱས་སུ་བཏང་ནས། བྱེད་ནུས་མཐོ་ཞིང་ཟད་ཚད་དམའ་བའི་གསོག་ཉར་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་རྒྱུ། ཆ་འཕྲིན་ཐོན་ལས་ར་བར་བརྟེན་ནས། གཞི་གྲངས་ཆེན་མོའི་རིག་ནུས་མཐའ་སྣེ་སྒྲིག་ཆས་ལྷུ་ལག་ཆ་སྡེབ་ཐོན་སྐྱེད་བྱེད་པའི་ཁེ་ལས་སྐོར་ཞིག་གཅིག་བསྡུ་བྱེད་པ་དང་། མཐའ་སྣེ་ཐོན་རྫས་བཟོ་སྐྲུན་དང་གཞི་གྲངས་ཆེན་མོ་བཀོལ་སྤྱོད་ཞབས་ཞུ་གཉིས་ཕན་ཚུན་སྐུལ་འདེད་དང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ། ཆ་འཕྲིན་བདེ་འཇགས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། བཀོལ་སྤྱོད་རྒྱལ་ཐོན་བཟོ་འཛིན་མཉེན་ཆས་མ་ལག་དང་སྒྲིག་ཆས་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དང་། གཙོ་གནད་ལག་རྩལ་རང་བདག་དང་ཚོད་འཛིན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ། སྐྱེ་དངོས་སྨན་ལས་ཐོན་རྫས།དེང་རབས་སྐྱེ་དངོས་བསྡུ་ལེན་ལག་རྩལ་ཧུར་བརྩོན་གྱིས་བེད་སྤྱོད་བྱེད་པ་དང་། བདེ་ཐང་བཟོ་རྫས་དང་སྨན་རྫས་ཀྱི་མ་ལག་ཆེན་པོ་གཉིས་ཁ་ཕྱོགས་བྱས་ཏེ། ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྒྱུད་དང་ཐོན་ལས་འདུས་འཛོམས་འཛུགས་རྒྱུ། རྒྱ་བོད་སྨན་རྒྱུད་འཛིན་དང་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། རྒྱ་བོད་སྨན་རྫསGAPའདེབས་འཛུགས་གཞི་ཁྱོན་རྒྱ་སྐྱེད་པ་དང་། གསར་སྐྲུན་ལག་རྩལ་བཀོལ་ཏེ། རྒྱུ་བོད་གསོ་རིག་གི་ཐོན་རྫས་གསར་བ་དང་སྦྱོར་སྡེབ་གསར་བ་སྐོར་ཞིག་གསར་སྤེལ་བྱེད་པ་དང་། མི་རིགས་གསོ་རིག་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུ། དབྱར་རྩྭ་དགུན་འབུ་དང་འཕང་འབྲས། སྟར་བུ། ཀླུ་བདུད་རྡོ་རྗེ། གཞན་ད་རུང་སྲོག་ཆགས་ཀྱི་ཁྲག་རྒྱུན་དང་ནང་ཁྲོལ་སོགས་ཁྱད་ལྡན་སྐྱེ་དངོས་ཐོན་ཁུལ་ལས་སྣོན་ཞིབ་མོ་བྱེད་པའི་ཐོན་ལས་ཧུར་བརྩོན་སྒོས་འཕེལ་རྒྱས་སུ་བཏང་ནས། སྐྱེ་དངོས་ཐོན་ལས་ཀྱི་གཞི་ཁྱོན་ཅན་ལས་སྣོན་ཞིབ་མོ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་མངོན་འགྱུར་བྱ་རྒྱུ། སྤུས་ལེགས་དམག་ཆས་བཟོ་སྐྲུན་ལས་རིགས།སྤུས་ལེགས་གྲངས་འཛིན་འཁོར་སྟེགས་མདུན་སའི་ལག་རྩལ་དང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མགྱོགས་བགྲོད་ལྕགས་ལམ་གྱི་ཆེད་སྤྱོད་འཁོར་སྟེགས་དང་འཁོར་མང་མཉམ་འགུལ་མ་ལག་གི་ལས་སྣོན་ལྟེ་གནས་སོགས་མཉམ་འདུས་རིག་ནུས་ཅན་དང་མྱུར་མཐོ་ཞིབ་ཚགས་ཅན་གྱི་ཐོན་རྫས་སྤུས་ལེགས་དང་ལྷུ་ལག་ཆེ་ཆུང་ཐོན་རྫས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ། ནུས་ཁུངས་གསར་བའི་རླངས་འཁོར་ནང་འདྲེན་དང་སྒྲིག་བཟོ་བྱས་ཏེ། རླངས་འཁོར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ། ཆེད་སྤྱོད་རླངས་འཁོར་དང་ཁོར་སྲུང་སྒྲིག་ཆས། དེང་རབས་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་རིམ་སྤར་སྐབས་བརྗེ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ། རྡོ་སྣུམ་འཕྲུལ་ཆས་དང་མནོན་ཤུགས་སྣོད་སྤྱད། ཚད་གཞི་མེད་པའི་སྒྲིག་ཆས། རྨང་གཞིའི་ལྷུ་ལག་ཆེ་ཆུང་སོགས་ཀྱི་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ། བྲེལ་བསྟུན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་རྒྱུ། ཁེ་ལས་ཀྱིས་དྲ་སྦྲེལ་ལག་རྩལ་བེད་སྤྱད་དེ་ཞིག་གསོ་དང་ཉམས་གསོ། འཁོར་སྐྱོད་ཞབས་ཞུ་མ་ལག་བཅས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དེ་ཨང་ཀི་ཅན་དང་དྲ་རྒྱ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།གསུམ།བཟོ་ལས་ཀྱི་ལས་ཚུལ་གསར་བ་ཤུགས་ཆེན་པོས་རྒྱ་སྐྱེད་རྒྱུ། རབས་གསར་བའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང"ཅན་གཉིས"མཉམ་འདྲེས་བྱེད་པ་དེ་འགག་སྒོ་གཏོར་ས་བྱས་ཏེ། སྤྱི་ཚོགས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་སློང་དང་མང་ཚོགས་ཀྱིས་ལས་ཀ་སྐྲུན་པར་སྐུལ་འདེད་བྱེད་པ་དང་། ཐོན་ལས་གསར་བ་དང་ལས་ཚུལ་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས། བཟོ་ལས་ཀྱི་འཕར་ཚད་གསར་བ་ཆགས་སུ་འཇུག་རྒྱུ། ནུས་གྲོན་ཁོར་སྲུང་ཐོན་ལས།ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་རྫས་དང་དམག་ཆས་བཟོ་སྐྲུན། སྒྲིག་སྦྱོར་ལེགས་སྒྲིག་ཚོད་ལྟ། འཁོར་སྐྱོད་སྲུང་སྐྱོབ་དང་ཞབས་ཞུ་ནུས་གྲོན་ཐོན་ལས་རྒྱུད་མྱུར་དུ་འཛུགས་རྒྱུ། ནུས་མཐོ་ནུས་གྲོན་འབར་བ་དང་ཚ་ལྷག་མནོན་ལྷག་བེད་སྤྱོད། ཆུ་གློག་གྲོན་ཆུང་དང་ས་རྡུལ་བཅོས་སྐྱོང་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་རོགས་སྐྱོར་བྱེད་པའི་ཚད་ཇེ་ཆེར་གཏོང་རྒྱུ། གློག་ཆས་དང་འཕྲུལ་ཆས་སྒྲིག་ཆས་བཤིག་སྟེ་ཕྱིར་བསྡུ་བྱེད་པའི་ཐོན་ལས་རྒྱུད་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ། བསྐྱར་འབྱུང་ཐོན་ཁུངས་ཕྱིར་བསྡུ་དབྱེ་འདེམས་ལྟེ་གནས་རིམ་སྤར་བསྒྱུར་བཀོད་དང་བསྐྱར་འབྱུང་ཐོན་ཁུངས་ཉོ་ཚོང་བྱེད་པའི་ཚོང་ར་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཟི་ལིང་གི"གྲོང་ཁྱེར་གཏེར་ཁུངས"དཔེ་སྟོན་རྟེན་གཞི་འཛུགས་རྒྱུ། བཟོ་ལས་ར་བ་དང་ཁེ་ལས་འཁོར་སྐྱོད་ཅན་བསྒྱུར་བཀོད་བྱེད་པར་དམིགས་ཏེ། བཟོ་ལས་ཀྱི་གཏན་འཇགས་བེད་མེད་དངོས་པོ་དང་ཙོག་ཆུ། ཉེན་ཁ་ལྡན་པའི་བེད་མེད་དངོས་པོ་སོགས་གནོད་མེད་ཅན་ཐག་གཅོད་བྱེད་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ། གཏེར་འདོན་ལས་རིགས་ཀྱིས་ལག་རྩལ་གསར་པ་སྤྱད་དེ་སྔོག་འདོན་ཞིབ་མོ་དང་ཞོར་ཐོན་ཐོན་རྫས་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་རྒྱུ། ལྕི་བ་དང་རིལ་མ་གནོད་མེད་ཁོར་སྲུང་ཐག་གཅོད་བྱེད་པའི་ལག་རྩལ་སྒྲིག་ཆས་ཞིབ་འཇུག་དང་གསར་སྤེལ་བྱས་ཏེ། ཐག་གཅོད་ལག་རྩལ་སྒྲིག་ཆས་གསར་བ་དང་འཚོ་བའི་གད་སྙིགས་ཐག་གཅོད་ཆ་སྡེབ་ཅན་གྱི་སྒྲིག་ཆས་སོགས་ཀྱི་ཁོར་སྲུང་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་བཟོ་སྐྲུན་བྱེད་པའི་ཐོན་ལས་རྒྱ་སྐྱེད་རྒྱུ། ཆ་འཕྲིན་ལག་རྩལ་གྱི་བཀོལ་སྤྱོད།གཞི་གྲངས་ཆེན་མོའི་ཡུན་རྩིས་རྒྱག་སོགས་རབས་གསར་བའི་ཆ་འཕྲིན་ལག་རྩལ་དེ་གཙོ་གནད་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས། ཞབས་ཞུ་གསར་སྐྲུན་དང་ལག་རྩལ་གསར་སྐྲུན། དོ་དམ་གསར་སྐྲུན་བཅས་མཉམ་དུ་འཕེལ་རྒྱས་ཡོང་བའི་རྣམ་པ་ཐོག་མར་ཆགས་སུ་འཇུག་པ་དང་། འབྲེལ་ཡོད་ཐོན་ལས་མྱུར་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱ་རྒྱུ། གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་དང"སྤྲིན"ལས་གྲྭ་བཀོལ་སྤྱོད། ཐོན་ལས་རྒྱུད་སྐྱེད་སྲིང་བཅས་བྱེད་པར་དམིགས་ཏེ། གཞི་གྲངས་ཞབས་ཞུ་ཁེ་ལས་ཆེན་མོ་ནང་འདྲེན་དང་རྒྱལ་ནང་གི་གློག་རྡུལ་ཁེ་ལས་སྟོབས་ཆེན་བརྒྱ་རང་ཞིང་དུ་གཞིས་ཆགས་སུ་འཇུག་རྒྱུ། དྲ་འབྲེལ་ལ་བརྟེན་པའི་འཛད་སྤྱོད་དགོས་མཁོའི་འགུལ་ཚུལ་ཤེས་ཚོར་ཞིབ་འཇུག་གསར་སྤེལ་དང་རང་གཤིས་ཅན་དུ་བཟོ་བ། དམངས་མང་ཇུས་འགོད་དང་བཟོ་སྐྲུན་ཐོན་ལས་རྩ་འཛུགས་ཀྱི་རྣམ་པ་གསར་བ་འཕེལ་རྒྱས་སུ་བཏང་ནས། ཞབས་ཞུའི་ལས་ཚུལ་གསར་བ་འབྱུང་བར་བསྟུད་མར་སྐུལ་འདེད་གཏོང་རྒྱུ། རིག་ནུས་བཟོ་སྐྲུན་དང་རིག་ནུས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ། བཟོ་ལས་རང་འགུལ་ཅན་གྱི་ཚོད་འཛིན།འཕྲུལ་ཆས་ཀྱིས་མིས་ཚབ་བྱེད་པའི་ལས་གྲྭ་སོགས་དངོས་འབྲེལ་དྲ་བ་བཀོལ་སྤྱོད་བྱེད་པར་དམིགས་ཏེ། "ཅན་གཉིས"མཉམ་འདྲེས་དམ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། བཞི། བཟོ་ལས་ཐོན་སྐྱེད་ནུས་པའི་འགྲེམ་ཚུལ་ལེགས་སྒྱུར་བྱ་རྒྱུ། ས་ཁོངས་ཀྱི་ཐོན་ལས་ལས་བགོ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། གནས་ཐིག་གཏན་ཁེལ་གསལ་བོ་བྱས་ཏེ། ར་བ་ཆེན་པོ་གསུམ་གཙོ་བོ་དང་། རྫོང་ཁོངས་དཔལ་འབྱོར་ཁ་གསབ། རང་རང་གི་ལེགས་ཆ་ལྡན་པ། གནས་འཁྲུལ་འཕེལ་རྒྱས་ཅན་གྱི་ཐོན་སྐྱེད་ནུས་པའི་འགྲེམ་ཚུལ་ཆགས་སུ་འཇུག་རྒྱུ། ཟི་ལིང་གི་གསར་སྐྲུན་རྒྱུ་ཆ་འདུས་སྡོད་དང་མཚོ་ཤར་ཁུལ་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ།ཁྱད་ལྡན་བཟོ་ལས་ཡང་མོ།རྣམ་པ་གསར་བའི་རྒྱུ་ཆ། སྤུས་ལེགས་དམག་ཆས་བཟོ་སྐྲུན་སོགས་ཀྱི་ལག་རྩལ་ནང་འདྲེན་དང་ངལ་རྩོལ་འདུས་འཛོམས་ཅན་གྱི་ཐོན་ལས་དེ་ཟི་ལིང་དང་མཚོ་ཤར་ར་བ་གཉིས་ལ་ཁྱབ་ཏུ་འཇུག་པ་དང་། ཤར་རྒྱུད་ས་ཁུལ་གྱི་ཁོར་ཡུག་ཞུགས་ཆོག་སྒོ་ཐེམ་སྔར་ལས་ཇེ་མཐོར་བཏང་སྟེ། གསར་དུ་བྱུང་བའི་ནུས་ཐེག་མཐོ་བ་དང་སྦགས་བཙོག་མང་བའི་ལས་གཞི་གཏན་འགོག་བྱ་རྒྱུ། ཚ་འདམ་གཞོང་ས་ཁུལ་གྱི་ཐོན་ཁུངས་ནུས་ཁོངས་དང་ས་གཤིས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་རིགས་སོགས་རྨང་གཞི་གདོད་མའི་རྒྱུ་ཆའི་ཐོན་ལས་དང་རྣམ་མང་ཅན་གྱི་ནུས་ཁུངས་ཐོན་ལས་དམ་འཛིན་བྱ་རྒྱུ། མཚོ་ནུབ་དང་མཚོ་ལྷོ། མཚོ་ཤར་བཅས་དང་གཞན་ད་རུང་ཆ་རྐྱེན་འཛོམས་པའི་ས་ཁུལ་གཞན་དག་གིས་ས་རྒོད་དང་ཐང་སྟོང་། ས་སྟོང་། ལ་རྒོད།རི་རྒོད་བཅས་སུ་གོ་རིམ་ཡོད་པའི་སྒོ་ནས་འོད་ཧྥུ་འོད་དྲོད་རླུང་ཤུགས་གློག་འདོན་དང་མཐོ་སྒང་གི་སྐྱེ་དངོས་སོགས་ཀྱི་ཐོན་ལས་གསར་བ་གོང་དུ་སྤེལ་བར་སྐུལ་སློང་གཏོང་རྒྱུ། ས་ཆ་སོ་སོས་ཚོང་ར་འགག་རྩ་བྱེད་པ་དང་ས་བབ་དང་བསྟུན་ནས། གནས་འཁྲུལ་འཕེལ་རྒྱས་སུ་གཏོང་བ་དང་། ར་བ་བར་གྱི་ཐོན་ལས་སྐས་རིམ་སྤོ་བསྒྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཉེན་ཁ་ཅན་དུ་འགྱུར་བའི་ཁེ་ལས་ཀྱི་བདེ་འཇགས་དོ་དམ་དང་སྐྱེ་ཁམས་ཚོར་རྐྱེན་རང་བཞིན་གྱི་དགོས་མཁོ་ལྟར།གྲོང་ཁྱེར་གྱི་ཉེན་ཁ་ཅན་དུ་འགྱུར་བའི་ཁེ་ལས་མྱུར་དུ་གནས་སྤོ་བསྒྱུར་བཀོད་བྱ་རྒྱུ།

 ཆེད་བསྒྲིགས་ལེ་ཚན8པ།བཟོ་ལས་རིགས་བསྒྱུར་རིམ་སྤར་བྱེད་པའི་གཙོ་གནད་ལས་གྲྭ།

  སྲོལ་རྒྱུན་ཐོན་ལས། ཚྭ་མཚེའུ་རྫས་འགྱུར་བཟོ་ལས། ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་མཐོ་འདེགས་སུ་གཏོང་བའི་བསྒྱུར་བཀོད། ལྕགས་རིགས་མཱའེ་གཅིག་འགྲིལ་ཅན་དང་སྨད་རྒྱུད་ཐོན་རྫས་གསར་སྤེལ། ལེ་དབར་གཅིག་གི་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་ལས་གཞི། མདོག་ལྡན་ལྕགས་རིགས། ནིག་ཁོབ་གཏེར་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་། གསེར་གྱི་ཐོན་ལས་ར་བ། ཧ་ཡང་ལྕགས་བསྲེས་མ་ལས་སྣོན་ཞིབ་ཚགས་དང་ཧ་ཡང་འཁོར་མདའ་བརྒྱུ་སྣོད།ཐའེ་གཏེར་ཁུངས་གདམ་གསེས་བཅོ་སྦྱོང་དང་ལས་སྣོན་ཞིབ་ཚགས། མཱའེ་ལྕགས་བསྲེས་མ་དང་ལས་སྣོན་ཞིབ་ཚགས་སོགས་ཀྱི་ལས་གཞི། ནུས་ཁུངས་རྫས་འགྱུར་བཟོ་ལས། ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་རྡོ་སྣུམ་བཙོ་སྦྱང་རིམ་སྤར་རྒྱ་སྐྱེད་བྱེད་པ་དང་། ཅ་ཁྲོན་ཀྲི་ཞི་ཅིན། ཡུག་ཡའེ་ཡན་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་སྤེལ་སོགས་ཀྱི་ལས་གཞི།ཁྱད་ལྡན་བཟོ་ལས་ཡང་མོ། ཅིན་ཏུའུ་དང་ཁུ་ནུ་རི་བོ་སོགས་ཀྱི་གཏེར་ཆུའི་ནུས་པ་རྒྱ་སྐྱེད་པ་དང་། འཕྲུལ་ཆས་ཀྱིས་ས་གདན་བཏགས་པའི་ཐོན་སྐྱེད་རྟེན་གཞི། ནོར་ལུག་གི་ཁུ་ལུས་བཟོས་པའི་རས་དང་བལ་འཐག་སྟོད་ལྭའི་ལས་གཞི། མི་རིགས་ཀྱི་ལག་བཟོས་བཟོ་རྩལ་དང་གྱོན་ཆས། དབྱི་སི་ལན་ཟས་རིགས། གནས་སྐོར་དྲན་རྟེན་དངོས་པོ་ལས་སྣོན་སོགས་ཀྱི་ལས་གཞི། ཨར་ལས་རྒྱུ་ཆའི་ཐོན་ལས། རྣམ་པ་གསར་བའི་ཨར་ལས་སྐྱ་བཟོ་འདྲེས་སྦྱོར་རྒྱུ་ཆའི་ཐོན་སྐྱེད་རྐུད་ལམ་དང་གྲུབ་ཚུལ་ཤིང་ལེབ། ཤོག་ངོས་དཀར་རྩི་དང་དེ་འབྲེལ་གྱི་ཐོན་རྫས་རབས་དང་རིམ་པ། ཧ་ཡང་འགྱིག་ཤོག་མཉམ་བསྲེས་ལེབ་མོ་སྤུས་ལེགས་ཅན། PVCཤིང་ལེབ་རྒྱུ་དང་སྦུ་གུའི་རྒྱུ་ཆའམ་ཨར་ལས་སྒོ་དང་སྒེའུ་ཁུང་སོགས་ཡུན་བསྲིང་ལས་སྣོན་བྱེད་པ་སོགས་ཀྱི་ལས་གཞི།འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་བ། ནུས་ཁུངས་གསར་བ་བཟོ་སྐྲུན་བྱེད་པའི་ལས་རིགས། གློག་ཚགས་མཐའ་སྣེ་ཐཱན་སྐྱུར་ལིས་ཐོན་རྫས་དང་ལིས་གློག་ཚགས་དྲང་ཕྱོགས་རྒྱུ་ཆ། ནུས་གསོག་ནུས་འགུལ་གློག་ཚགས། ཉི་འོད་ནུས་པའི་འོད་དྲོད་གློག་འདོན་སྒྲིག་ཆས་བཟོ་སྐྲུན། རླུང་གློག་སྒྲིག་ཆས་བཟོ་སྐྲུན། ལྡབ་མཐོ་འོད་འདུས་འོད་ཧྥུ་གློག་འདོན་མ་ལག འོད་དྲོད་གྲོག་འདོན་དྲོད་གསོག་ཚྭ་བཞུ། གློག་ཚགས་འགེབ་སྲུང་རྒྱུ་ཆ་དང་ཧྥུལ་དྲུག་ལིན་སྐྱུར་ལས་གཞི་སོགས། རྒྱུ་ཆ་གསར་བའི་ཐོན་ལས། ཧ་ཡང་གཞི་དང་མཱའེ་གཞིའི་ལྕགས་རིགས་ཡང་མོ་ལྕགས་བསྲེས་རྒྱུ་ཆ་དང་གློག་རྡུལ་ཟངས་ལེབ། ཐཱན་ཚི་སྣ་འདྲེས་སྦྱོར་རྒྱུ་ཆ་དང་ཐཱན་འགྱུར་སེལ་ཤེལ་ལེབ་མོ་དང་ཁྱབ་བྱེད་ལེབ་མོ། ནོར་བུ་དབང་སྔོན་ཞུན་ཐིགས་ཐོན་སྐྱེད་དངLEDནོར་བུ་དབང་སྔོན་པང་ལེབ་ཐོན་སྐྱེད། འོད་འགྱེད་ཚི་སྐུད་སྔོན་བཟོ་དབྱུག་གུ་དང་འོད་འགྱེད་ཚི་སྐུད་འཐེན་པ། མཱེ་ལྕགས་གཏེར་རྡོ་ལྷད་མེད་དང་མཱེ་བཟོ་སྐྲུན་རྒྱུ་ཆ། སྐྱེ་དངོས་སྨན་རྫས།རྒྱ་བོད་སྨན་རྫས་ལས་སྣོན་ཞིབ་མོ་དང་འཕང་འབྲས་ལས་སྣོན་ཞིབ་མོ། ནས་ཀྱི་ཐོན་ཁུངས་གསར་སྤེལ་ཟབ་མོ་དང་ཐོན་ལས་ཅན་དཔེ་སྟོན། དབྱར་རྩྭ་དགུན་འབུ་ལས་སྣོན་ཞིབ་མོ་ནུས་སྐྱེད་བསྒྱུར་བཀོད་དང་སྨད་རྒྱུད་སྐྱེ་དངོས་རྫས་འགྱུར་ཐོན་ལས་གསར་སྤེལ། སྨན་སྤྱོད་སྐྱེ་དངོས་སྤྲི་དཀར་རྒྱུ་ཆ། མཐོ་བོད་མཐོ་སྒང་གི་སྲོག་ཆགས་ཁྲག་རྒྱུན་ཕྱོགས་བསྡུས་བེད་སྤྱོད་གསར་སྤེལ།ལོ་པུའུ་མ་སྐྱེ་དངོས་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ། སྤྱིན་རྒྱུ་སྤྲི་དཀར་རྒྱུ་ནག ཁྱད་ཆོས་ལྡན་པའི་སིལ་ཁུ་ལེན་པ་དང་སྐྱེ་དངོས་ཕྲ་རབ་ལས་གྲྭ་ཀྱི་ལས་གཞི།སྤུས་ལེགས་དམག་ཆས་བཟོ་སྐྲུན་ལས་རིགས། ནུས་ཁུངས་གསར་བའི་རླངས་འཁོར་དང་གློག་སྒུལ་རླངས་འཁོར་གྱི་་ལག་ཆེ་ཆུང་། བྱེད་ནུས་མང་བའི་དབོར་འདྲེན་རླངས་འཁོར་ཐོན་སྐྱེད། རྫས་འགྱུར་བཟོ་ལས་ཀྱི་དམག་ཆས་བཟོ་སྐྲུན་རིམ་སྤར་བསྒྱུར་བཀོད། གནོན་བཟོ་འཕྲུལ་འཁོར་ཆེན་མོའི་སྨད་རྒྱུད་བཟོ་དབྱིབས་མི་འདྲ་བའི་རྒྱུ་ཆ་དང་མཉམ་བསྲེས་ངར་ལྕགས་ལུགས་མ་དང་ཆ་ཚང་སྡེབ་སྒྲིག མཱེ་བསྲེས་ངར་ལྕགས་ལུགས་མ་ཐོན་སྐྱེད་སྒྲུབ་རིམ་ཀྱི་ལས་གཞི། ནུས་གྲོན་ཁོར་སྲུང་ཐོན་ལས། ཉི་འོད་ནུས་པའི་ཕྱིར་བསྡུ་གནམ་གྲུ་ཐཱན་ཚི་སྣ་ཚོད་ལྟའི་ལས་གྲྭ། "གྲོང་ཁྱེར་གཏེར་ཁུངས"ལས་གྲྭ། རླངས་འཁོར་རྙིང་བ་དང་། གློག་ཆས་རྙིང་བ་སོགས་བཤིག་ཏེ་ལས་སྣོན་དང་ཕྱིར་བསྡུ་བྱས་ཏེ་ཡང་བསྐྱར་བེད་སྤྱོད་པ། ཁིར་ལྕགས་བཙོ་སྦྱང་དང་དུ་རླངས་ཕྱོགས་བསྡུས་བཀོལ་སྤྱོད། ནུས་གྲོན་ཁོར་སྲུང་སྒྲིག་ཆས་བཟོ་སྐྲུན། དྲོད་དམའ་ཚ་ལྷག་གློག་འདོན་སྒྲིག་ཆས་བཟོ་སྐྲུན། ནུས་གྲོན་ཟད་ཚད་མཐོ་བའི་ཁེ་ལས་ཀྱི་ནུས་གྲོན་བསྒྱུར་བཀོད། བཟོ་ལས་ཀྱི་བེད་མེད་དངོས་པོ་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་སོགས་ཀྱི་ལས་གཞི།ཆ་འཕྲིན་ཐོན་ལས། གློག་རྡུལ་ཆ་འཕྲིན་རྒྱུ་ཆ་དང་ཐོན་རྫས་ཐོན་སྐྱེད། མཉེན་ཆས་ཞབས་ཞུ། ཆེད་སྤྱོད་སྡོང་བུ་དང་སྒྲིག་ཆས་བཟོ་སྐྲུན། ཆ་འཕྲིན་ཐོན་ལས་ར་བ། རིག་ནུས་གློག་རྡུལ་ཐོན་རྫས་སོགས་ཀྱི་ལས་གཞི།
    ས་བཅད་གསུམ་པ།ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་སྤེལ་བྱ་རྒྱུ།ཞབས་ཞུའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དཔལ་འབྱོར་རིགས་བསྒྱུར་རིམ་སྤར་བྱེད་པའི་འཐབ་ཇུས་ཀྱི་དམིགས་སར་བརྩིས་ཏེ། མགོ་རྩོམ་ས་གསར་བ་ནས་དེང་རབས་ཞབས་ཞུའི་ལས་རིགས་ལ་བཀོད་སྒྲིག་ཇུས་འགོད་བྱེད་རྒྱུ་དང་། ས་ཁོངས་སོ་སོའི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་རྨང་གཞི། བྱེད་ནུས་གཏན་ཁེལ་བཅས་གཞིར་བཟུང་ནས།ཞབས་ཞུའི་ལས་རིགས་ཀྱི་འདུས་སྡོད་ཁུལ་སྐོར་ཞིག་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ། མཐོ་སྒང་གནས་སྐོར་གྱི་ཞིང་ཆེན་མིང་གྲགས་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་རྒྱུད་མཐོ་གྲས་སུ་ཡུན་བསྲིང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཞིབ་ཚགས་ཅན་དང་སྤུས་ལེགས་ཅན་དུ་བསྒྱུར་ཏེ། རྒྱལ་དམངས་དཔལ་འབྱོར་ཁྲོད་ཞབས་ཞུའི་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད་དང་བྱས་རྗེས་བཞག་ཚད་ཇེ་མཐོར་གཏོང་རྒྱུ། གཅིག གནས་སྐོར་གྱི་སྲོག་ཤིང་ཐོན་ལས་ལེགས་པོར་སྒྲུབ་རྒྱུ།རབ་མཛེས་མཚོ་སྔོན་མུ་མཐུད་དུ་སྐྲུན་པ་དང་། "ར་བ་གཅིག་དང་ལམ་ཐིག་གསུམ་ཁྱམས་རིང་གསུམ་ས་རྒྱུད་གསུམ"གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོས་སྐྲུན་ཏེ། རང་རེའི་ཞིང་ཆེན་དེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་གནས་སྐོར་བྱ་ཡུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་གནས་སྐོར་བྱ་ཡུལ། རྒྱལ་ཁབ་ཀྱི་དར་གོས་གནའ་ལམ་འཐབ་ཇུས་དམིགས་སའི་སྟེང་གི་རྫོགས་ལྡན་གནས་སྐོར་བྱ་ཡུལ་བཅས་སུ་བསྐྲུན་པ་དང་། ཧུར་བརྩོན་གྱིས་མཐོ་སྒང་གི་གནས་སྐོར་ཞིང་ཆེན་གྲགས་ཅན་བསྐྲུན་རྒྱུ། 2020ལོའི་བར།ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་ཁྲི4000སྣེ་ལེན་བྱས་ཏེ། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར500མངོན་འགྱུར་བྱ་རྒྱུ།གནས་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ། གནས་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གནས་སྐོར་ཐོན་ཁུངས་ཚོང་ར་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། གནས་སྐོར་ཐད་མ་དངུལ་གཏོང་བ་དང་མ་དངུལ་རུབ་བསྡུ་བྱེད་པའི་སྟེགས་བུ་འཛུགས་པ་དང་། འཐབ་ཇུས་མཉམ་འབྲེལ་མཁན་ནང་འདྲེན་བྱ་རྒྱུ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་གཙོ་གནད་ཡུལ་ལྗོངས་དང་ཆ་སྡེབ་རྨང་གཞིའི་སྒྲིག་བཀོད་བཙུགས་ནས། ཡུལ་ལྗོངས་ཀྱི་སྤྱི་ཡོངས་སྤུས་ཀ་དང་མཚན་སྙན་ནུས་ལྡན་སྒོས་ཇེ་མཐོར་གཏོང་རྒྱུ། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། གྲོང་ཁྱེར་འགྲིམ་འགྲུལ་བཅས་ཀྱི་བརྗེ་སྤོ་ནུས་པ་ཇེ་མཐོར་གཏོང་བ་དང་། འགྲིམ་འགྲུལ་མ་ལམ་དང3Aརིམ་པ་ཡན་གྱི་ཡུལ་ལྗོངས་འབྲེལ་མཐུད་ཤར་བགྲོད་ལས་གྲྭ་ལག་བསྟར་བྱ་རྒྱུ།ཟི་ལིང་དང་ན་གོར་མོ། ཡུས་ཧྲུའུ་སོགས་གནས་སྐོར་བསྡུ་འགྲེམ་ལྟེ་གནས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྐོར་བློ་འདྲི་དང་ཞབས་ཞུ། རོགས་སྐྱོར་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། མཚོ་སྔོན་པོ་དང་སྐུ་འབུམ། ཁམ་བུ་ར། གཉན་པོ་གཡུ་རྩེ། ཧུའུ་ཀྲོའུ་བྱང་རི་སོགས་ཡུལ་ལྗོངས་གལ་ཆེན་གྱི་སྤུས་ཀ་དང་རིམ་པ་ཇེ་མཐོ་དང་ཚད་ལྡན་དུ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྐོར་ཁུལ་དང་མདོ་ལ་རི་བོའི་ཡུལ་ལྗོངས་གནས་སྐོར་ཁུལ་སོགས་ཀྱི་རྒྱལ་སྤྱིའི་གནས་སྐོར་བྱ་ཡུལ་སྐྲུན་པ་དང་། རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་ཡུལ་ལྗོངས་ཁུལ5གསར་དུ་སྣོན་པར་འབད་བརྩོན་བྱ་རྒྱུ།གནས་སྐོར་ཐོན་རྫས་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་རྒྱུ། ས་ཁོངས་ཡོངས་དང་དུས་ཚིགས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་དང་། གནས་སྐོར་དང་མི་རིགས་གོམས་སྲོལ་གཉིས་མཉམ་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། གནས་སྐོར་ཆེད་དམིགས་བྱ་འགུལ་ཕུན་ཚོགས་སུ་གཏོང་བ་བཅས་བྱས་ཏེ།རང་ཞིང་གི་གནས་སྐོར་དེ"ཡོང་ཐག་རིང་ཞིང་སྐོར་ཐག་ཐུང་བ"ནས"ཡོང་ཐག་ཐུང་ཞིང་སྐོར་ཐག་རིང་བར"བསྒྱུར་བ་དང་། ལྟ་སྐོར་ནས་ལྟ་སྐོར་དང་སྤྲོ་གསེང་། ངལ་གསོ་བཅས་མཉམ་དུ་འདུས་པར་བསྒྱུར་རྒྱུ། སྤྲོ་གསེང་ལྟ་སྐོར་དང་མཐར་སོན་འགྲན་སློང་། རླངས་འཁོར་རང་བསྐོར། ཡང་རྩེར་མྱུལ་དཔྱད། བརྙན་འཕྲིན་པར་ལེན། གྲོང་གསེབ་ཏུ་བསྐོར་བ། དགུན་དཔྱིད་གནས་སྐོར། རྒན་པའི་གནས་སྐོར་བཅས་དང་གཞན་ད་རུང་རྒྱ་བོད་སྨན་རྫས་བདེ་ཐང་གནས་སྐོར་སོགས་ཀྱི་གནས་སྐོར་ཐོན་རྫས་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ། ཁྱད་ཆོས་ལྡན་པའི་ནགས་ཚལ་དང་བརླན་ས། ས་རྒོད་ཐང་སྟོང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སོགས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། ནགས་ཚལ་གནས་སྐོར་དང་བརླན་སའི་གནས་སྐོར་སོགས་ཀྱི་སྐྱེ་ཁམས་གནས་སྐོར་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་རྒྱུ། མགྱོགས་བགྲོད་ལྕགས་ལམ་གྱི་ཁྱད་ལྡན་གནས་སྐོར་ལམ་ཐིག་བཟོས་ཏེ། ལམ་རྒྱུད་གནས་སྐོར་ཐོན་རྫས་གསར་སྤེལ་བྱ་རྒྱུ། གསར་བརྗེ་གནས་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་རྒྱུ། གནས་སྐོར་དང་ཞིང་ལས། བཟོ་ལས། རིག་གནས་ལུས་རྩལ་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། དམིགས་བསལ་གྱི་ཁྱད་ཆོས་དང་འགུག་ཤུགས་ལྡན་པའི་གནས་སྐོར་ལས་ཚུལ་སྐྱེད་སྲིང་བྱ་རྒྱུ། གོང་འོག་སྐྱེ་ལྡན་མཉམ་འབྲེལ་ཡོང་བའི་གནས་སྐོར་ཞབས་ཞུའི་ཐོན་རྫས་གསར་སྤེལ་བྱེད་པ་དང་། གནས་སྐོར་གཏན་ཁེལ་ཞབས་ཞུ་ལ་སྐུལ་འདེད་བཏང་སྟེ། རང་གཤིས་ཅན་གྱི་དགོས་མཁོ་བསྐང་བ་དང་གནས་སྐོར་མྱོང་ཚོར་ཇེ་ཟབ་ཏུ་གཏོང་རྒྱུ། གནས་སྐོར་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། དར་གོས་གནའ་ལམ་གྱི་དཔལ་འབྱོར་རྒྱུད་དང་མཚོ་བོད་ལྕགས་ལམ་གྱི་འགྲམ་རྒྱུད། ཀྲུང་གོའི་འབྲི་ཆུ་དང་རྨ་ཆུ་བཅས་ཀྱི་གནས་སྐོར་ཁྱབ་གདལ་དང་མནའ་འབྲེལ་ཡོང་བར་དམིགས་ཏེ། གནས་སྐོར་ཕྱི་འབྲེལ་བགྲོད་ལམ་མྱུར་དུ་འཛུགས་སྐྲུན་བྱ་རྒྱུ། ས་ཁོངས་གནས་སྐོར་གྱི་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཚོ་བོད་གནས་སྐོར་གཅིག་འགྲིལ་ཅན་ཡོང་བར་སྐུལ་འདེད་བཏང་ནས། མཉམ་དུ་སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་རྒྱལ་སྤྱིའི་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པ་དང་། "རྨ་ཆུའི་སྟོད་རྒྱུད་ཀྱི་རྩྭ་ཐང་ཆེན་མོ"དང"སེམས་ཀྱི་ཉི་ཟླ་ཆེན་མོ"། "གཟུ་ཚ་སྡེ་དགུ་ཆེན་མོ"། རྨ་འབྲི་རྫ་གསུམ་འབྱུང་ཡུལ། "གཉན་པོ་གཡུ་རྩེ་ཆེན་མོ"བཅས་ཀྱི་གནས་སྐོར་དཔལ་འབྱོར་ཁུལ་མཉམ་འབྲེལ་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། གནས་སྐོར་ཐོན་ཁུངས་མཉམ་སྤྱོད་དང་སྤུས་རྟགས་མཉམ་སྐྲུན། ལམ་ཐིག་ཕན་ཚུན་སྦྲེལ་བ། འདུ་ཚོགས་ལ་ཕན་ཚུན་ཞུགས་པ། ཚོང་རར་ཕན་ཚུན་ཡར་སྐུལ་བཅས་ཡོང་བ་མངོན་འགྱུར་བྱ་རྒྱུ། རྒྱལ་ཁོངས་སུ་ཡོང་བའི་གནས་སྐོར་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་བཏང་ནས། རྒྱལ་སྤྱིའི་ཚོང་ར་དང་མཐའ་འཁོར་ཞིང་ཆེན(ཆུས)ལ་ཁ་གཏད་པའི་འཁོར་ལམ་གནས་སྐོར་ཁྱབ་གདལ་དུ་གཏོང་རྒྱུ། གཉིས།ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་ཆེད་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུ།དེང་རབས་དངུལ་རྩ། 2020ལོའི་བར། དངུལ་རྩའི་ལས་རིགས་ཀྱི་འཕར་རིན་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་ནང་ཟིན་པའི་བསྡུར་ཚད10%ཡས་མས་སུ་ཐོན་པར་བྱས་ཏེ། ཚོང་ལས་རང་བཞིན་དང་གསར་སྤེལ་རང་བཞིན། སྲིད་ཇུས་རང་བཞིན། མཉམ་འབྲེལ་རང་བཞིན་བཅས་ཀྱི་དངུལ་རྩ་ལས་བགོ་ལུགས་མཐུན་རྐྱེན་སྲོལ་སྒྲིག་གཞི་མྱུར་དུ་འཐུས་ཚང་དུ་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་བཏང་ནས། མ་རྐང་དབང་ཆའི་གྲུབ་ཚུལ་ལེགས་སྒྲིག་དང་ཀུང་སིའི་བཅོས་སྐྱོང་འཐུས་ཚང་གཏོང་རྒྱུ། དམངས་ཁྲོད་ཀྱི་རྒྱུ་ནོར་དངུལ་ཁང་ལས་རིགས་སུ་ཞུགས་ཚད་རྒྱ་སྐྱེད་དེ། དམངས་ཁྲོད་རྒྱུ་ནོར་གྱིས་མ་རྐང་ལ་ཚོད་འཛིན་བྱེད་པའི་ཚོང་ལས་དངུལ་ཁང་སྐོར་ཞིག་འཕེལ་རྒྱས་སུ་གཏོང་བ་དང་། ནང་ཞུགས་སྒོ་ཐེམ་ཇེ་དམའ་རུ་བཏང་ནས། དམངས་གཉེར་དངུལ་ཁང་འཛུགས་པ་རྒྱུན་རྣམ་ཅན་འགྱུར་དུ་འཇུག་རྒྱུ། དངུལ་རྩའི་ཞབས་ཞུ་བྱེད་སྟངས་དང་ཐོན་རྫས་གསར་སྐྲུན་བྱས་ཏེ། དངུལ་རྩའི་ཞབས་ཞུ་དངོས་པོའི་དཔལ་འབྱོར་གྱི་ལས་ཆོད་ཇེ་མཐོ་དང་ཁེ་ལས་ཀྱི་མ་དངུལ་རུབ་བསྡུ་མ་རྩ་ཇེ་དམའ་རུ་གཏོང་རྒྱུ། ཡོངས་ཁྱབ་ལ་ཕན་ཐོགས་པའི་དངུལ་རྩ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཁེ་ལས་ཆུང་འབྲིང་དང་རོང་འབྲོག་ཁུལ། ནང་སྒོས་སུ་དབུལ་ཕོངས་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་རྒྱུ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ཏེ། ལྗང་མདོག་ཡིད་རྟོན་དངུལ་བུན་སྐུལ་སྤེལ་དང་། ཐཱན་འགྱུར་དངུལ་རྩའི་ཐོན་རྫས་འཕེལ་རྒྱས་སུ་གཏོང་རྒྱུ། ཕྱོགས་གསུམ་པ་ནས་དངུལ་སྤྲོད་པ་སོགས་ཀྱི་དྲ་སྦྲེལ་དངུལ་རྩའི་ལས་ཚུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད་ཚད་ལྡན་དུ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་ཁེ་ལས་ཚོང་རར་ཞུགས་པ་དང་སྒོ་བྱང་འགེལ་བར་མྱུར་དུ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་རིམ་པ་མང་བའི་མ་རྩ་ཚོང་ར་བེད་སྤྱད་དེ་དངུལ་རྩའི་བསྡུར་ཚད་ཐད་ཀར་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ལས་སྐྲུན་དངུལ་གཏོང་དང་ཉེན་སྲུང་དངུལ་གཏོང་སོགས་ཀྱི་གཞུང་བསྡུ་སྒེར་བསྡུ་དངུལ་གཏོང་ཐེབས་རྩ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཐབས་ལམ་མང་པོའི་སྒོ་ནས་རྐང་དབང་དང་བུན་དབང་དངུལ་གཏོང་ལ་སྐུལ་འདེད་གཏོང་རྒྱུ། དེང་རབས་འགན་བཅོལ་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཚོང་ལས་གྱིས་སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཞབས་ཞུའི་དོ་དམ་བྱེད་ནུས་ཇེ་མཐོར་གཏོང་རྒྱུ། འགན་བཅོལ་དཔལ་འབྱོར་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གནོད་འཚེ་ཆེན་པོའི་འགན་བཅོལ་ལམ་ལུགས་འཛུགས་པ་དང་། ཉེན་ཁ་ཆེ་བའི་ཁོར་ཡུག་ཁྱབ་ཁོངས་ནང་ཁོར་ཡུག་སྦགས་བཙོག་འགན་འཁྲིའི་བཙན་ཤེད་འགན་བཅོལ་ལམ་ལུགས་འཛུགས་རྒྱུ། གསོག་དངུལ་འགན་བཅོལ་ལམ་ལུགས་དངོས་འབེབས་བྱས་ཏེ། དངུལ་རྩའི་ལས་ཁུངས་ཚོང་ར་ཅན་ནས་ཕྱིར་འབུད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དེང་རབས་ཟོང་སྐྱེལ།ཟོང་སྐྱེལ་ར་བ་མྱུར་དུ་ཧྲག་སྡེབ་དང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ།གཞི་གྲངས་ཆེན་པོ་དང་སྤྲིན་ཡུན་རྩིས་སོགས་ཟོང་སྐྱེལ་ཁྱབ་ཁོངས་ནང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། རིག་ནུས་གསོག་ཉར་མ་ལག་འཛུགས་སྐྲུན་བྱས་ཏེ། ཟོང་སྐྱེལ་འཁོར་སྐྱོད་འབབ་རྒྱུན་ཇེ་ལེགས་དང་ཟོང་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་རྒྱུ། ཟི་ལིང་གྲོང་ཁྱེར་ནི་དར་གོས་གནའ་ལམ་དཔལ་འབྱོར་མུ་རྒྱུད་སྟེང་གི་རྒྱལ་ཁབ་རིམ་པའི་ས་ཁོངས་རང་བཞིན་གྱི་ཟོང་སྐྱེལ་ས་གནས་སུ་སྐྲུན་པ་དང་། མཚོ་ཤར་དང་མཚོ་ནུབ་གཉིས་ས་ཁོངས་རིམ་པའི་འཁོར་རྒྱུག་ས་གནས་སུ་སྐྲུན་རྒྱུ། ཚོ་ཅཱ་པའོ་ཕྱོགས་བསྡུས་དཔྱ་ཁྲལ་ཁག་ཐེག་ཟོང་སྐྱེལ་ལྟེ་གནས་དང་ཁྲའོ་ཡང་དེང་རབས་འཚོ་བའི་རྒྱུ་ཆའི་ཟོང་སྐྱེལ་ར་བ། ན་གོར་མོ་ཕྱོགས་བསྡུས་ར་བ། ཆབ་ཆ་ཞིང་ཕྱུགས་ཐོན་རྫས་ཟོང་སྐྱེལ་ར་བ་སོགས་ཀྱི་ཟོང་སྐྱེལ་ར་བ་སྐོར་ཞིག་འཛུགས་རྒྱུ། མཁར་གྲོང་ཟོང་སྐྱེལ་ས་གནས་གལ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་གཏོང་རྒྱུ། ཟོང་སྐྱེལ་ལས་རིགས་དང་ཐོན་ལས་ར་བ་གལ་ཆེན་སྐྱེ་ལྡན་མཉམ་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཟོང་སྐྱེལ་ཁེ་ལས་དེ་བཟོ་སྐྲུན་ལས་རིགས་ཀྱི་འདོན་སྤྲོད་ཐག་པའི་དོ་དམ་དུ་ཞུགས་པར་སྐུལ་སློང་བྱེད་པ་དང་། ཕྱོགས་གསུམ་པའི་ཟོང་སྐྱེལ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། གཙོ་བོ་འཁྱགས་ཐག་ཟོང་སྐྱེལ་དང་བྲེལ་བསྟུན་ཟོང་སྐྱེལ། དཔྱད་ཁྲལ་ཁག་ཐེག་ཟོང་སྐྱེལ། མཚོ་ཁ་སྟོང་བའི་ཟོང་སྐྱེལ་བཅས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། རྣམ་པ་མང་བའི་སྦྲེལ་མཐུད་སྐྱེལ་འདྲེན་དང་སྐྱུར་བཞག་སྐྱེལ་འདྲེན་སོགས་ཀྱི་དེང་རབས་སྐྱེལ་འདྲེན་བྱེད་སྟངས་ཧུར་བརྩོན་སྒོས་འཕེལ་རྒྱས་སུ་བཏང་ནས། ཟོང་སྐྱེལ་མ་ལག་གི་ཕྱོགས་བསྡུས་ནུས་པ་ཇེ་མཐོར་གཏོང་རྒྱུ། མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མྱུར་སྐྱེལ་ཆེད་ལས་རིགས་ཀྱི་ཟོང་སྐྱེལ་ར་བ་འཛུགས་རྒྱུ