2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༥)

  མཚོ་སྔོན་གྱི་འཇོན་མི་སྟོང་ཕྲག་གསར་སྐྲུན་ཆེན་པོ་བྱེད་པའི་འཆར་གཞི། གནད་འགག་གི་ལག་རྩལ་ཐོད་བརྒལ་ཐུབ་པ་དང་། གསར་དར་ཐོན་ལས་ལ་སྣེ་ཁྲིད་ཐུབ་པ། གསར་དར་རིག་གཞུང་ཚན་ཁག་འཛུགས་སྐྲུན་ཐུབ་པའི་འཇོན་མི1000ཡས་མས་སྐྱེད་སྲིང་དང་ནང་འདྲེན་བྱ་རྒྱུ།འཇོན་མིའི"མཐོ་ས་ཆུང་བ"འཛུགས་སྐྲུན་བྱེད་པའི་ལས་གྲྭ། སློབ་གྲྭ་ཆེན་མོ་དང་ཁེ་དོན་ལས་ཀྱི་མི་བཀོལ་ལས་ཁུངས་སུ་འཇོན་མིའི་མཐོ་ས་ཆུང་བ50འཛུགས་པར་རོགས་སྐྱོར་བྱ་རྒྱུ།ཏང་སྲིད་འཇོན་མིའི་ནུས་པ་མཐོར་འདེགས་བྱེད་པའི་ལས་གྲྭ། ཞིང་ཆེན་དང་ཁུལ། རྫོང་དང་ཞང་བཅས་ཀྱི་སྤྱི་ཞབས་པ་དང་དོན་ལས་ལས་ཁུངས་ཀྱི་མི་སྣ"གཞི་གསུམ"འཛུགས་སྐྲུན་ལ་ཐུན་མོང་དུ་སྤྱོད་པའི་ནུས་པ་མཐོར་འདེགས་བྱ་རྒྱུ། ཆེད་ལས་ལག་རྩལ་འཇོན་མིའི་ཤེས་བྱ་གསར་སྐྲུན་བྱེད་པའི་ལས་གྲྭ། ལོ་རེར་ཆེད་ལས་ལག་རྩལ་མི་སྣ་ཁྲི6ཡས་མས་ལ་མུ་མཐུད་དུ་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུ།རྩལ་ནུས་འཇོན་མི་གསོ་སྦྱོང་དང་གསར་སྐྲུན་བྱེད་པའི་ལས་གྲྭ། ལས་ཞུགས་མ་བྱས་པའི་སློབ་གྲྭ་ཆེ་འབྲིང་ནས་མཐར་ཕྱིན་པའི་སློབ་མར་ལས་ཞུགས་གསོ་སྦྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་གི་ངལ་རྩོལ་པར་རྩལ་ནུས་གསོ་སྦྱོང་བྱེད་པ། དབུལ་ཕོངས་ངལ་རྩོལ་པར་རྩལ་ནུས་དབུལ་སྐྱོར་བྱེད་པའི་འགུལ་སྐྱོད་སོགས་སོ།སྤྱི་ཚོགས་བྱ་བའི་འཇོན་མི་སྐྱེད་སྲིང་བྱེད་པའི་འཆར་གཞི། ཆེད་ལས་ཅན་གྱི་སྤྱི་ཚོགས་བྱ་བ་གཉེར་མཁན4000དང་། མཐོ་རིམ་སྐུལ་ཁྲིད་འཇོན་མི100སྐྱེད་སྲིང་བྱ་རྒྱུ།

  ས་བཅད་བཞི་བ།མི་ཀུན་གྱིས་ལས་སྐྲུན་དང་མི་མང་པོས་གསར་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པ།
           2020ལོར་ཐོན་དུས། ཞིང་ཆེན་ཡོངས་སུ་ཀུན་གྱིས་གསར་སྐྲུན་བྱེད་པའི་བར་སྟོང50ཡན་འཛུགས་གང་ཐུབ་བྱ་རྒྱུ་དང་། ཆ་རྐྱེན་ཡོད་པའི་གྲོང་རྡལ་དང་ལས་རིགས་སློབ་གླིང་དུ་ཆ་སྙོམས་ཀྱིས་ཀུན་སྐྲུན་བར་སྟོང1ཡན་འཛུགས་རྒྱུ། གསར་སྐྲུན་ཐོན་ཁུངས་ཀྱི་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། "སྐྲུན་ཟུང"དང"འཕྲིན་སྦྲེལ་དྲ་བ+"ཀུན་གྱི་བློ་རིག་གི་ཤེས་སྟོབས་གཅིག་ཏུ་བསྡུ་བ་བཅས་བསྒྱུར་བྱེད་གྲངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ། བཟོ་ལས་གླིང་ཁུལ་དང་སློབ་གསོའི་ཚན་རྩལ་འདུས་ཁུལ། རིག་གནས་གསར་གཏོད་འདུས་ཁུལ། ཀུན་སྐྲུན་བར་སྟོང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་བྱས་ཏེ། གསར་སྐྲུན་ཅན་གྱི་ཁེ་ལས་ཆུང་བ་སྐོར་ཞིག་སྒོ་ང་རུམ་པ་ལྟར་སྐྱེད་སྲིང་བྱ་རྒྱུ་དང་། ཀུན་གྱིས་གསར་སྐྲུན་དང་ཀུན་གྱིས་འགན་ལེན། ཀུན་གྱིས་རོགས་སྐྱོར། ཀུན་གྱིས་གྲབས་གསོག་སོགས་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་རྐང་འཛིན་ཁེ་ལས་འཚར་ལོངས་འབྱུང་དུ་བཅུག་སྟེ། ཐོན་ལས་ལས་རྣམ་དང་དཔལ་འབྱོར་འཕར་གནས་གསར་བ་ཆགས་སུ་འཇུག་རྒྱུ།གཅིགགསར་སྐྲུན་དང་ལས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ།ཤེས་བྱར་བརྩི་མཐོང་དང་གསར་སྐྲུན་ལ་བརྩི་མཐོང་། ཤེས་རིག་ངལ་རྩོལ་གྱི་རིན་ཐང་གང་ལེགས་ཀྱིས་མཚོན་པའི་བགོ་བཤའི་ཕྱོགས་སྟོན་བཅས་ཇེ་དྲག་ཏུ་གཏོང་རྒྱུ། མཐོ་རིམ་སློབ་གྲྭས་གསར་སྐྲུན་ལས་སྐྲུན་མཐུན་ཚོགས་དང་། ལས་སྐྲུན་སྤྲོ་ཁང་སོགས་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ལས་སྐྲུན་སློབ་ཁང་ཆེན་མོ་དང་ལས་སྐྲུན་སྤྲོ་གླེང་ཁང་། ལས་སྐྲུན་སྦྱོང་བརྡར་དམག་སྒར། གསར་སྐྲུན་ལས་སྐྲུན་འགྲན་སྡུར་ཆེན་མོ། གསར་སྐྲུན་གྲུབ་འབྲས་དང་ལས་སྐྲུན་ལས་གཞི་འགྲེམ་སྟོན་དང་འོས་སྦྱོར་སོགས་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ལས་སྐྲུན་མཁན་ལ་བརྗེ་རེས་ཀྱི་སྟེགས་བུ་འཛུགས་རྒྱུ། ལས་སྐྲུན་རིག་གནས་སྐྱེད་སྲིང་དང་། གསར་སྐྲུན་ཕོད་པའི་སྤྱི་ཚོགས་ཀྱི་རིན་ཐང་འཕེལ་ཕྱོགས་དར་སྤེལ་གཏོང་བ། གསར་སྐྲུན་བརྩི་མཐོང་དར་སྤེལ་དང་ཕམ་ཁར་དཀྱེལ་ཡངས་སྒོམ་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་བཟང་བོ་བསྐྲུན་པ་བཅས་བྱས་ཏེ། མི་ཀུན་གྱིས་ལས་སྐྲུན་བྱེད་པ་དང་མི་མང་པོས་གསར་སྐྲུན་བྱེད་པའི་སྲོལ་བཟང་བོ་ཆགས་སུ་འཇུག་རྒྱུ།གཉིས།ཀུན་སྐྲུན་བར་སྟོང་འཛུགས་པ་ཇེ་མགྱོགས་སུ་གཏོང་བ།ལས་རིགས་སྣེ་ཁྲིད་ཁེ་ལས་དང་ལས་སྐྲུན་དངུལ་གཏོང་ལས་ཁུངས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ཏེ། གསར་སྐྲུན་དང་ལས་སྐྲུན་གྱི་རྒྱུ་ཆ་སྣ་ཚོགས་བེད་སྤྱོད་གང་ལེགས་དང་། གསར་སྐྲུན་དང་ཁེ་ལས། གོང་དང་འོག སྒོང་རུམ་དང་དངུལ་གཏོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱོད་པ། གསར་སྐྲུན་པའི་བར་སྟོང་དང་ལས་སྐྲུན་ཁོ་ཧྥེ། གསར་སྐྲུན་བཟོ་གྲྭ་སོགས་ཀུན་སྐྲུན་བར་སྟོང་གསར་བ་ནང་འདྲེན་དང་ཁྱབ་གདལ་དུ་གཏོང་བ་དང་། དངུལ་གཏོང་སྐུལ་འདེད་དང་སྐྱེད་སྲིང་ཟུར་ཁྲིད། སྨྱན་བྱད་མུ་བསྲིང་། གསར་སྐྲུན་པ་སྐྱེད་སྲིང་སོགས་ཆེད་ལས་ཞབས་ཞུ་འདོན་སྤྲོད་བཅས་བྱ་རྒྱུ། ལས་སྐྲུན་ལས་ཁུངས་སོ་སོས་ད་ཡོད་ཀྱི་བེད་མེད་དུ་བསྐྱུར་བའི་ར་བ་དང་བཟོ་གྲྭ་སོགས་བེད་སྤྱོད་བྱས་ཏེ་ཀུན་སྐྲུན་བར་སྟོང་བསྒྱུར་བཀོད་དང་འཛུགས་སྐྲུན་བྱ་རྒྱུ། གསར་སྐྲུན་ལས་སྐྲུན་སྒོང་རུམ་ལས་ཁུངས་ཀྱིས་འཕྲིན་སྦྲེལ་དྲ་བའི་ལག་རྩལ་བཀོལ་སྤྱོད་བྱས་ཏེ། དངོས་ལུགས་ཀྱི་བར་སྟོང་ཐོད་བརྒལ་བྱས་ནས། ལས་སྐྲུན་ཁེ་ལས་དང་ཡང་ན་ཚོགས་པར་བྱ་བའི་བར་སྟོང་དང་དྲ་བའི་བར་སྟོང་། སྤྱི་ཚོགས་བརྗེ་རེས་བར་སྟོང་། ཐོན་ཁུངས་མཉམ་སྤྱོད་བར་སྟོང་བཅས་འདུས་པའི་ལས་སྐྲུན་ཆ་རྐྱེན་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཚོང་ར་ཅན་དང་ཆེད་ལས་ཅན། གཅིག་འདུས་ཅན། དྲ་བ་ཅན་བཅས་ཀྱི་གསར་སྐྲུན་ལས་སྐྲུན་ཞབས་ཞུ་སྤེལ་རྒྱུ།གསུམ།སློབ་གྲྭ་ཆེན་མོ་པས་གསར་སྐྲུན་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་ལས་སྐྲུན་བྱེད་པར་སྣེ་ཁྲིད་པའི་འཆར་གཞི་དངོས་འབེབས་བྱས་ཏེ། ན་གཞོན་གྱིས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་ཁྲིད་བྱ་རྒྱུ། ད་ཡོད་ཀྱི་སློབ་གསོའི་ཐོན་ཁུངས་དང་སློབ་ཆེན་ཚན་རྩལ་གླིང་། ཐོན་སློབ་ཞིབ་གསུམ་མཉམ་ལས་རྟེན་གཞི། ལས་སྐྲུན་སྒོང་རུམ་རྟེན་གཞི་སོགས་བེད་སྤྱད་དེ་སྤྱི་ཕན་རང་བཞིན་གྱི་སློབ་གྲྭ་ཆེན་མོ་བའི་གསར་སྐྲུན་ལས་སྐྲུན་བྱེད་ཡུལ་འཛུགས་རྒྱུ། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་ལས་སྐྲུན་བརྒྱ་སྟོང་ལས་གྲྭ་ལག་བསྟར་བྱེད་པ་དང་། ལས་སྐྲུན་ཁྲིད་སྟོན་དགེ་རྒན་བརྒྱ་བདམས་ནས་ལས་སྐྲུན་སློབ་ཆེན་པ་སྟོང་སྐྱེད་སྲིང་བྱ་རྒྱུ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་བསྒྲུབས་པའི་ཁེ་ལས་ཆུང་རིགས་ལ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་གནང་རྒྱུ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཕུལ་བྱུང་འཇོན་མི་སྣ་ཚོགས་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་དང་། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེ་བའི་རོང་འབྲོག་ཁུལ་དེ་སློབ་ཆེན་པས་ལས་སྐྲུན་བྱེད་པའི་བར་སྟོང་ཆེན་པོར་འགྱུར་དུ་འཇུག་རྒྱུ།
      ས་བཅད་ལྔ་བ།གསར་སྐྲུན་ལས་སྐྲུན་གྱི་ཁོར་ཡུག་བཟང་བོ་སྐྲུན་པ།
         2020ལོར་ཐོན་དུས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་ཐད་ནས་ཐོད་བརྒལ་ལེན་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་མཐུན་ཞིང་། ཚོང་རའི་དཔལ་འབྱོར་ཆོས་ཉིད་དང་ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་གསར་སྐྲུན་མ་ལག་ཕལ་ཆེར་འཛུགས་རྒྱུ། སྲིད་གཞུང་གི་འགན་ནུས་དེ་དོ་དམ་ཞིབ་འཇུག་གསར་སྤེལ་བྱེད་པ་ནས་གསར་སྐྲུན་ཞབས་ཞུའི་ཕྱོགས་སུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། གསར་སྐྲུན་རྟེན་གཞི་དང་ཞིབ་འཇུག་སྟོབས་ཤུགས་ཁྱབ་ཚུལ་ལེགས་སྒྱུར་བྱེད་པ། ཚན་རྩལ་ཆེད་དོན་དང་སྐུལ་ཁྲིད་ཐེབས་རྩར་དོ་དམ་བྱེད་པ་འཐུས་ཚང་དུ་གཏོང་བ། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་བཅས་སོ།

གཅིག   ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།སྲིད་གཞུང་གིས་རྨང་གཞི་རང་བཞིན་དང་མདུན་སྐྱོད་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཚན་རིག་ཞིབ་འཇུག་དང་སྤྱིའི་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཚན་རྩལ་འཆར་གཞི་དོ་དམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ད་ཡོད་ཀྱི་ཚན་རྩལ་འཆར་གཞི་ལེགས་སྒྱུར་ཧྲག་སྡེབ་བྱས་ཏེ། རིགས་བགོས་ནས་དོ་དམ་དང་རིགས་བགོས་ནས་རྒྱབ་སྐྱོར་བྱེད་པ་ལག་ཏུ་བསྟར་བ་དང་། ཚན་རྩལ་འཆར་གཞི་དོ་དམ་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ། ཆེད་ལས་ལས་ཁུངས་དོ་དམ་གྱི་ལས་གཞི་རྐྱེན་སྲོལ་ཁྱབ་སྤེལ་དུ་གཏོང་བ། ལྟ་སྐུལ་དཔྱད་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་རྒྱུ། གསར་སྐྲུན་ཐད་ཀྱི་སྲིད་ཇུས་ལ་མཐུན་སྦྱོར་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། གསར་སྐྲུན་གྱི་ཆོས་ཉིད་དང་འགལ་བ་དང་། གསར་དར་ཐོན་ལས་དང་གསར་དར་ལས་རྣམ་འཕེལ་རྒྱས་ལ་དགག་རྐྱེན་བཟོ་བའི་དོན་ཚན་མེད་པར་བཟོ་རྒྱུ། ཚན་ཞིང་གླིང་དང་སུའོ་ཡི་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། སྲིད་འཛིན་ཅན་དང་འཕེལ་རྒྱས་སྤྱི་ཚོགས་ཅན་གྱི་རིགས་གསར་བའི་ཞིབ་འཇུག་གསར་སྤེལ་དང་ཞབས་ཞུ་ལས་ཁུངས་འཚོལ་ཞིབ་བྱ་རྒྱུ། "དམངས་སྒྲུབ་དཔོན་རོགས"ཀྱི་ཁེ་སྤོགས་རང་བཞིན་མིན་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་བ་འཛུགས་རྒྱུ། ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭའི་གསར་སྐྲུན་ཡིབས་ཤུགས་སྐུལ་སྤེལ་བྱ་རྒྱུ་དང་། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སློབ་གླིང་དང་སུའོ་ཡིས་ལག་རྩལ་བསྒྱུར་བའི་ལས་ཁུངས་འཛུགས་པར་སྐུལ་མ་གཏོང་རྒྱུ། ཚན་ཞིབ་མི་སྣས་གོ་གནས་བསྐྱུར་ཏེ་ལས་སྐྲུན་དང་ལས་འགན་གསར་གཏོད་བྱེད་པ་སོགས་འབྲེལ་ཡོད་གཏན་ཁེལ་བཏོན་ནས། ལས་སྐྲུན་གསར་སྐྲུན་གྱི་ཡོང་འབབ་བགོ་བཤའ་རྒྱག་པའི་རྐྱེན་སྲོལ་ཆགས་སུ་འཇུག་པ་དང་། ཚོང་ར་ཚན་རྩལ་གྲུབ་འབྲས་ལ་བསྒྱུར་བའི་ཡིབས་ཤུགས་སྐུལ་སྤེལ་བྱ་རྒྱུ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ནན་མོ་ལག་བསྟར་བྱས་ཏེ། དབང་ཆར་བཙན་འཛུལ་ཐེབས་པར་རྩད་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། བཅོས་བསྒྱུར་ཚན་རྩལ་གྲུབ་འབྲས་ཀྱི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་དང་། མ་རྐང་དབང་ཆ་དང་དུས་བཅད་དབང་ཆའི་ཁྲལ་སྡུད་གཟིགས་སྐྱོང་སྲིད་ཇུས་དང་ཁེ་སྤོགས་བགོ་བ་དང་བྱ་དགའ་སྟེར་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུ། ཚན་རྩལ་བར་སྨྱན་ལས་ཁུངས་སྐྱེད་སྲིང་དང་ཇེ་རྒྱས་སུ་བཏང་སྟེ། ཚན་རྩལ་གྲུབ་འབྲས་དང་ཚོང་ར་ཕན་ཚུན་མཐུད་འབྲེལ་ཡོང་བའི་ཕྱོགས་གཉིས་ཀར་ཕན་ཚུན་སྐུལ་འདེད་དང་འཁོར་རྒྱུག་བཟང་བོ་ཡོང་བ་མངོན་འགྱུར་བྱ་རྒྱུ།
        གཉིས།གསར་སྐྲུན་གྱི་ལས་སྟེགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།2020ལོར་ཐོན་དུས། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་ལས་སྟེགས5གསར་དུ་བཙུགས་ཏེ། ཐོན་ལས་འཕེལ་རྒྱས་དང་ཕན་ཚུན་མཐུན་ཞིང་། གསར་སྐྲུན་ཐོན་ཁུངས་ཕན་ནུས་མཐོ་བའི་སྒོ་ནས་གཅིག་ཏུ་འདུས་པའི་གསར་སྐྲུན་ལས་སྟེགས་མ་ལག་འཛུགས་རྒྱུ། མཐོ་གསར་ཁུལ་གྱིས་གསར་སྐྲུན་ཐོན་ཁུངས་གཅིག་བསྡུས་དང་ཧྲག་སྡེབ་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཏེ། གསར་སྐྲུན་སྟེགས་བར་སྐུལ་ཁྲིད་བྱས་ཏེ་ཐོན་ཁུངས་མང་སྣོན་གྱི་ཁྱད་སྟོབས་དང་གསར་སྐྲུན་གཅིག་འདུས་ཀྱི་ཕན་ནུས་ཆགས་སུ་འཇུག་རྒྱུ། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ཁུལ་དང་མཚོ་སྔོན་སློབ་ཆེན་རྒྱལ་ཁབ་ཚན་རྩལ་གླིང་། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ། ཟི་ལིང་ཀྲུང་ཀོན་སྡེ་བའི་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་བའི་རྟེན་གཞི། མཚོ་ཤར་ཀྲུང་ཀོན་སྡེ་བའི་ཚན་རྩལ་གླིང་དང་ཟི་ལིང་། ན་གོར་མོའི་གསར་སྐྲུན་ཅན་གྱི་གྲོང་ཁྱེར་བཅས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱ་རྒྱུ། གསར་སྐྲུན་གྱི་ཐོན་ཁུངས་སྣ་ཚོགས་ཧྲག་སྡེབ་དང་བེད་སྤྱོད་བྱས་ཏེ། ཆེད་ལས་ལག་རྩལ་ལས་སྟེགས་དང་འཛུགས་པ་དང་། ཆེད་ལས་ཅན་གྱི་ཚན་རྩལ་ཞབས་ཞུ་ལས་ཁུངས་དང་ཚན་རྩལ་དངུལ་ལོར་ལས་ཁུངས་ཀྱི་མ་ལག་བཙུགས་ཏེ། གསར་སྐྲུན་རྟེན་གཞི་དང་གསར་སྐྲུན་འདུས་འཛོམས་མང་པོ་འཛུགས་སྐྲུན་དང་ཆགས་སུ་འཇུག་རྒྱུ།
        གསུམ།གསར་སྐྲུན་སྒོ་འབྱེད་དང་བརྗེ་རེས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།ཟབ་ཚད་མཉམ་འདྲེས་ཀྱི་སྒོ་འབྱེད་རྣམ་པའི་གསར་སྐྲུན་མཉམ་ལས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། ཁྱབ་ཁོངས་བརྒལ་བ་དང་ལས་རིགས་བརྒལ་བའི་མཐུན་སྦྱོར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་སྐྲུན་གྱི་ཐོན་ཁུངས་བེད་སྤྱོད་པའི་ནུས་པ་མཐོར་འདེགས་དང་སྡུད་ལེན་བྱ་རྒྱུ། ཚན་རྩལ་འཆར་གཞི་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཁྱད་སྟོབསར་བརྟེན་ནས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྟེན་གཞི་འཛུགས་རྒྱུ། འདྲེན་མཁོ་མཐུད་འབྲེལ་ཡོང་བ་རྒྱུན་འཁྱོངས་དང་། མཉེན་གཤིས་རིག་འདྲེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་མཐོ་རིམ་སློབ་གྲྭ སྨན་ཁང་དང་ཚན་ཞིབ་གླིང་དང་སུའོ་བཅས་ཀྱིས་ལས་གཞིས་སུས་འཇོན་དེ་འགུག་དང་ཚན་ཞིབ་མཉམ་ལས་བྱས་པ་བརྒྱུད་སྣེ་ཁྲིད་འཇོན་མི་སྡུད་ལེན་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ། "ཆེད་མཁས+ལས་གཞི+རྟེན་གཞི(ས་ཚིགས)"འི་ཞབས་ཞུ་རྣམ་པ་འཐུས་ཚང་དུ་གཏོང་རྒྱུ། ཚན་ཞིབ་སྒྲིག་བཀོད་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་དང་དཔྱད་ཆས། ཆེད་ཁེའི་རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་བཅས་སྤྱི་ཚོགས་ཀྱི་བཀོལ་མིར་སྒོ་འབྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་ཐོན་ཁུངས་ཕན་ནུས་ལྡན་པའི་སོ་ནས་བེད་སྤྱོད་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཐོན་ཁུངས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱ་རྒྱུ།

བཞི།གསར་སྐྲུན་ལ་དངུལ་ལོར་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ།ནོར་སྲིད་ཀྱི་མ་དངུལ་ལས་རྨང་གཞིའི་ཞིབ་འཇུག་དང་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག མདུན་སྐྱོད་དང་ལག་རྩལ་མཐོ་བའི་ཞིབ་འཇུག་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། ནོར་སྲིད་ལས་ཚན་རྩལ་གསར་སྐྲུན་ཐད་མ་དངུལ་གཏོང་སྟངས་ལེགས་སྒྱུར་བྱེད་པ་དང་། གསར་སྐྲུན་ལས་སྐྲུན་ཐད་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་ཁྲིད་བྱེད་པའི་ཐེབས་རྩ་དང་ཚན་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་པ་དང་། ཚན་རྩལ་ལས་སྐྲུན་གྱི་ཉེན་ཁར་མ་དངུལ་གཏོང་བ་དང་སྐུལ་ཁྲིད་བྱེད་པའི་ཐེབས་རྩའི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་རྒྱུ། ཞིང་ཆེན་ནོར་སྲིད་ཀྱི་ཡིད་རྟོན་དངུལ་བུན་ཉེན་ཁར་ཁ་གསབ་བྱེད་པའི་ཆེད་དོན་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། དངུལ་ལོར་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་པའི་སྐུལ་མ་གཏོང་བ་དང་། ཚན་རྩལ་ཅན་གྱི་འབོར་ཉུང་དངུལ་བུན་ཀུང་སིས་ཚན་རྩལ་ཁེ་ལས་ཆུང་བར་དངུལ་བུན་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་གཏོང་རྒྱུ། སྤྱི་ཕན་རང་བཞིན་གྱི་ནོར་ཁྲལ་རྒྱབ་སྐྱོར་སྲིད་ཇུས་ལག་ལེན་བྱེད་པ་དང་། སྲིད་གཞུང་གིས་གསར་སྐྲུན་ཐོན་རྫས་དང་ལྗང་མདོག་ཐོན་རྫས། ནུས་གྲོན་ཐོན་རྫས་བཅས་སྔོན་ལ་ཉོ་བ་དང་གདམ་གསེས་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་གྱི་གྲོན་གླ་མང་སྣོན་དང་གཅོག་འཐེན་བྱེད་ཚུལ་མཐོར་འདེགས་བྱ་རྒྱུ། ཚོད་ལྟ་བྱེད་སའི་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་དང་ཁུལ་རིམ་པའི་ཚན་རྩལ་གྲོན་དངུལ་གྱིས་མཉམ་འབྲེལ་སྒོས་ཁེ་ལས་ཀྱིས་ཚན་རྩལ་གསར་སྐྲུན་བྱེད་པའི་རྣམ་པར་རྒྱབ་སྐྱོར་བྱ་རྒྱུ། དངུལ་ཁང་ལས་རིགས་དང་དངུལ་ལོར་ལས་ཁུངས་ཀྱིས་ཚན་རྩལ་ཡན་ལག་དངུལ་ཁང་དང་ཡང་ན་ཚན་རྩལ་ཡིད་རྟོན་དངུལ་བུན་ལྟེ་གནས། ཚན་རྩལ་ཁེ་ལས་དངུལ་ལོར་ལས་དོན་པུའུ་སོགས་ཆེད་གཉེར་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཚན་རྩལ་དངུལ་ལོརའི་མཉམ་ལས་ལས་སྟེགས་བཙུགས་ཏེ། བུན་དངུལ་མཉམ་འགུལ་དང་ཉེན་འགོག་འགན་ལེན་མཉམ་འགུལ། བུན་འགན་མཉམ་འགུལ་སོགས་རྣམ་པ་གསར་བ་སྐུལ་འདེད་དང་འཕེལ་རྒྱས་སུ་གཏོང་རྒྱུ། ཆ་རྐྱེན་དང་མཐུན་པའི་ལས་སྐྲུན་གསར་སྐྲུན་ཁེ་ལས་ཀྱིས་ཡིད་རྟོན་ཚད་ཆེ་བའི་གཅིག་འདུས་དངུལ་བུན་དང་འབོར་ཉུང་མ་རྐང་དབང་ཆ་ཀུན་གྱིས་གྲབས་གསོག་བྱེད་པ་སོགས་ཡོ་བྱད་བེད་སྤྱད་དེ་ཐད་ཀར་མ་རྩ་བསྲེས་རྒྱུ། ལས་སྐྲུན་འགན་ལེན་དངུལ་བུན་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། ཉེན་ཁའི་མ་དངུལ་ལས་སྐྲུན་གསར་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། ཤེས་བྱའི་ཐོན་དབང་གི་མ་རྩ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།

  ཆེད་བསྒྲིགས་ལེ་ཚན5པ།ཚན་རྩལ་གསར་སྐྲུན་གྱི་ལས་གྲྭ་ཆེན་པོ། གཙོ་གནད་ཐོན་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ལས་གྲྭ། རྒྱུ་ཆ་གསར་བའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་རྟེན་གཞི། ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་རྟེན་གཞི། ཚྭ་མཚོའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་རྟེན་གཞི། ཁྱད་ལྡན་སྐྱེ་དངོས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་རྟེན་གཞི། གཞི་གྲངས་ཆེན་པོའི"འཕྲིན་སྦྲེལ་དྲ་བ+"ཡི་ཚན་རྩལ་གསར་སྐྲུན་རྟེན་གཞི་སོགས་སོ།ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་ལས་གྲྭ། ཟི་ལིང་དང་མཚོ་ཤར་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་ཞིང་སྡེའི་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ།གསར་སྐྲུན་ཅན་གྱི་ཁེ་ལས་སྐྱེད་སྲིང་ལས་གྲྭ། ཟི་ལིང་དང་ན་གོར་མོའི་གསར་འཛུགས་གསར་སྐྲུན་ཅན་གྱི་གྲོང་ཁྱེར་སྐུལ་སྤེལ་དང་། ལས་སྐྲུན་ཅན་གྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་བཅས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ།གསར་སྐྲུན་ཅན་གྱི་ཁེ་ལས་སྐྱེད་སྲིང་ལས་གྲྭ། གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭ་ལག་ཞིབ་འཇུག་ལྟེ་གནས་སོགས་ཁེ་ལས་ཁེ་ལས་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་སྟེགས་དང་། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་དང་། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་རུམ་སྒོང་རྟེན་གཞི། ཆེད་ལས་ཉིང་འདུས་དང་དམིགས་བསལ་གསར་དར་གྱི་ཁེ་ལས་བརྒྱ་སྐྱེད་སྲིང་བྱེད་པའི་ལས་གྲྭ་བཅས་སོ།ཚན་རྩལ་ཞབས་ཞུ་མཐོར་འདེགས་བྱེད་པའི་ལས་གྲྭ། ཚན་རྩལ་ཐད་ཀྱི་ཚད་ལྡན་ཡིག་ཆ་དང་གྲུབ་འབྲས་ཀྱི་ཆ་འཕྲིན་ཞབས་ཞུ་ལས་སྟེགས་དང་། ཚན་རིག་དཔྱད་ཆས་ཆེ་རིགས་མཉམ་སྤྱོད་བྱེད་པའི་ཞབས་ཞུ་ལས་སྟེགས། སྤྱི་པའི་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་སྟེགས་སོགས་འཛུགས་སྐྲུན་བྱ་རྒྱུ།ཀུན་སྐྲུན་བར་སྟོང་འཛུགས་སྐྲུན་བྱེད་པའི་ལས་གྲྭ། ཟི་ལིང་གྲོང་ཁྱེརiBiའཚར་སྐྱེ་ལྟེ་གནས་དང་། ཟི་ལིང་མཁར་བྱང་ཟུང་སྐྲུན་གཅིག་འདུས་ཁུལ། ཟི་ལིང་དང་མཚོ་ཤར། མཚོ་ནུབ་སོགས་ས་གནས་སུ་ཀུན་སྐྲུན་བར་སྟོང50འཛུགས་རྒྱུ།
           ལེའུ་བཞི་བ།  མངའ་ཁོངས་མཐུན་སྦྱོར་ངང་འཕེལ་བར་སྐུལ་སྤེལ་ཟབ་མོ་བྱ་རྒྱུ།བར་སྟོང་ལེགས་སྒྱུར་དང་མངའ་ཁོངས་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བཅས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་མཐོ་བའི་རིམ་པ་དང་སྔར་ལས་ཡངས་པའི་མཐོང་རྒྱ་སྤྱད་དེ"ཁུལ་བཞི་རྒྱུད་གཉིས་ཐིག་གཅིག"གི་མངའ་ཁོངས་འཕེལ་རྒྱས་འཐབ་ཇུས་སྐུལ་སྤེལ་བྱེད་པ་དང་། མངའ་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཧེ་བག་ཆེ་བ་དང་། གྲོང་རྡལ་ཅན་གསར་བའི་ཆུ་ཚད་དམའ་བ། མངའ་ཁོངས་ཕན་ཚུན་སྒུལ་བ་དང་འཕེལ་རྒྱས་སུ་གཏོང་ཚད་མི་མཐོ་བ་སོགས་གནད་དོན་གཙོ་གནད་དུ་བཞག་ནས་ཐག་བཅད་དེ། རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པ་དང་རང་མོས་སྒོས་སྐོར་སྐྱོད་བྱེད་པ་དང་། རྩོལ་ནུས་གཙོ་བོའི་ཚོད་འཛིན་ཕན་ནུས་དང་ལྡན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ། ཐོན་ཁུངས་ཁོར་ཡུག་གི་ཐེག་ཐུབ་མངའ་ཁོངས་མཐུན་སྦྱོར་ངང་འཕེལ་བ་བཅས་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུ།ས་བཅད་དང་པོ།རྩོལ་ནུས་ཁུལ་གཙོ་བོའི་འགྲེམ་ཚུལ་མགྱོགས་མྱུར་གྱིས་ཆགས་སུ་འཇུག་རྒྱུ།རང་བྱུང་ཆོས་ཉིད་དང་དཔལ་འབྱོར་ཆོས་ཉིད། སྤྱི་ཚོགས་ཆོས་ཉིད་བཅས་ལ་བརྩི་འཇོག་བྱས་ཏེ། རྩོལ་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། རྩོལ་ནུས་ཁུལ་གཙོ་བོའི་འཛུགས་སྐྲུན་ལ་ཕན་པའི་སྒྲིག་བཀོད་ཆ་ཚང་གི་སྲིད་ཇུས་མ་ལག་མགྱོགས་མྱུར་གྱིས་ཞིབ་འཇུག་དང་གཏན་ཁེལ་བྱེད་པ། རིགས་བགོས་ནས་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་སོ་སོས་མངའ་ཁོངས་ཀྱི་རྩོལ་ནུས་ཁུལ་གཙོ་བོའི་གནས་གཏན་ཁེལ་ལྟར་གསར་སྤེལ་ནན་མོ་བྱེད་པའི་བྱ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བར་སྟོང་ལ་གོ་རིམ་ལྡན་པ་དང་ཐོན་སྐྱེད་ཀྱི་ཕན་ནུས་མཐོ་བ། འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་བཟང་ཞིང་སྤྱི་ཚོགས་འཆམ་མཐུན་ཡིན་པའི་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་རྒྱུ།གཅིགརྒྱལ་ཁོངས་ཀྱི་བར་སྟོང་གསར་སྤེལ་བྱེད་པའི་རྣམ་པ་ལེགས་སྒྱུར་བྱ་རྒྱུ།བར་སྟོང་སྙོམས་ཡོང་བའི་འདུ་ཤེས་བཞེངས་ཏེ། དོ་མཉམ་འོས་འཚམ་ཡོང་བའི"ཁུལ་གསུམ་རྒྱུད་གཅིག"གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་དང་། "འཛིན་གཅིག་ཚོགས་གཉིས(ཁུལ)"གཙོ་ཡིན་པའི་གྲོང་རྡལ་ཅན་དང་བཟོ་ལས་ཅན་གྱི་རྣམ་པ་ཧུར་ཐག་གིས་གསར་འཛུགས་དང་། ཐོན་ལས་གཅིག་འདུས་འགྲེམ་ཚུལ་དང་མི་འབོར་གཅིག་ཏུ་འདུས་ནས་སྡོད་པ། གྲོང་རྡལ་འདུས་འཛོམས་བྱེད་པའི་ཁྱབ་ཚུལ་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ཀྱི་བར་སྟོང་བེད་སྤྱོད་པའི་ཕན་འབྲས་མཐོར་འདེགས་བྱ་རྒྱུ། འཚོ་བའི་བར་སྟོང་དང་སྐྱེ་ཁམས་ཞིང་སྤྱོད་འོས་འཚམ་སྒོས་ཇེ་མང་དུ་གཏོང་བ་དང་། རི་ཆུ་རྩྭ་གསུམ་དང་ནགས་ཞིང་མཚེའུ་བཅས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱས་ཏེ། རང་བྱུང་ཁམས་ལ་བསྐྱར་གསོ་འི་བར་སྟོང་མང་པོ་བསྐྱུར་རྒྱུ། ཞིང་ཆེན་རིམ་པའི་ངོས་ཀྱི་བར་སྟོང་འགྲེམ་ཚུལ་གྱི"སྟེང་རིམ་པའི་འཆར་འགོད"འཚོལ་ཞིབ་བྱས་ནས་སྒྲིག་བཟོ་བྱེད་པ་དང་། གྲོང་ཁྱེར་དང་རྫོང་གི་རིམ་ངོས་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ས་ཞིང་བེད་སྤྱོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་འཆར་འགོད་ཀྱི"སྲོལ་མང་ཟུང་འབྲེལ"ཡོང་བར་སྐུལ་འདེད་གང་ལེགས་བྱས་ཏེ། འཆར་འགོད་སྣ་ཚོགས་ཀྱི་རྩ་དོན་གྱི་གོ་དོན་དང་མ་ཐིག་གི་བླང་བྱ་དེ། "ཁ་དོག"མི་གཅིག་པས་ས་ཁྲ་གཅིག་ཏུ་བརྩེགས་ཏེ། འཆར་འགོད་ཀྱི་མཐུན་སྦྱོར་རང་བཞིན་དང་གཅིག་ལྕོགས་རང་བཞིན། ཕན་ཚུན་ཁ་གསབ་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ་མ་ཟད། ཆེད་དོན་འཆར་འགོད་ལས་རང་སོ་སོར་ཁྱད་དུ་མངའ་བའི་ནུས་པ་འདོན་སྤེལ་བྱེད་པར་ཡང་སྐུལ་ཁྲིད་བྱས་ནས། སྤྱི་ཡོངས་ནས་བྱེ་བྲག་དང་གོང་ནས་འོག་བར་གཅིག་གྱུར་ཡོང་བའི་བར་སྟོང་འཆར་འགོད་མ་ལག་རིམ་བཞིན་འཛུགས་རྒྱུ།གཉིས།རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོ་དང་རྩིས་སྤྲོད་དོ་དམ་ལམ་ལུགས་ཇེ་དྲག་ཏུ་གཏོང་རྒྱུ།ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོང་རྩིས་སྤྲོད་དོ་དམ་བྱེད་པའི་དབྱེ་མཚམས་གསལ་བོར་དབྱེ་སྟེ། སྐྱེ་ཁམས་དམར་ཐོག་དང་ཁོར་ཡུག་ཤོངས་ཚད་ཀྱི་མ་ཐིག་ནན་སྲུང་དང་། གཅིག་འདུས་གསར་སྤེལ་དང་རིགས་དབྱེ་སྲུང་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁོངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་རྒྱུ། "འཚོ་གནས་ཀྱི་མ་ཐིག"དབྱེ་སྟེ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་། ཡུན་གནས་གཞི་རྩའི་ས་ཞིང་དབྱེ་བགོ། རྨོ་འདེབས་ཁག་ཐེག་ཚད་དེ་མུའུ་ཁྲི831རྒྱུན་འཁྱོངས་བཅས་བྱ་རྒྱུ། "སྐྱེ་ཁམས་མ་ཐིག"དབྱེ་བགོ་བྱས་ཏེ། ཁོར་ཡུག་རྩོལ་ནུས་ཁུལ་དབྱེ་བགོ་བྱེད་པ་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱུར་ཁུལ་དང་སྐྱེ་ཁམས་རྩོལ་ནུས་སྐྱེད་སྲིང་ཁུལ། བཟའ་བཏུང་ཁོར་ཡུག་བདེ་འཇགས་འགན་སྲུང་ཁུལ། འདུས་སྡོད་ཁོར་ཡུག་སྲུང་སྐྱོབ་ཁུལ། ཐོན་ཁུངས་གསར་སྤེལ་ཁོར་ཡུག་སྐུལ་ཁྲིད་ཁུལ་བཅས་ལུགས་མཐུན་གྱིས་དབྱེ་བགོ་བྱས་ཏེ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔོག་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་རྒྱུ། "འགན་སྲུང་མ་ཐིག"དབྱེ་བགོ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ནུས་ཁུངས་དང་ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་ཆེན་པོ། བཟོ་ལས་ཐོན་སྐྱེད་དང་འཚོ་བའི་སྡོད་གནས་བཅས་ལ་འགན་སྲུང་བྱེད་པ་དང་། ཚན་རིག་དང་མཐུན་པར་གྲོང་ཁྱེར་དང་གྲོང་གསེབ་གསར་སྤེལ་བྱེད་པའི་ས་མཚམས་དབྱེ་བགོ་བྱེད་པ། བཟོ་ལས་དང་གྲོང་རྡལ་གྱི་མངའ་ཁོངས་ལུགས་མཐུན་སྒོས་བཀོད་སྒྲིག་བཅས་བྱས་ཏེ། རྒྱལ་ཁོངས་གསར་སྤེལ་གྱི་ཕན་འབྲས་མཐོར་འདེགས་བྱ་རྒྱུ།གསུམ།སྐྱེ་ཁམས་རྩོལ་ནུས་ཁུལ་གལ་ཆེན་ལ་སྲུང་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་བྱ་རྒྱུ།རློན་ས་གལ་ཆེན་དང་ཡུལ་ལྗོངས་གྲགས་ཅན་ཁུལ། ནགས་ཚལ་སྤྱི་གླིང་། བྱེ་ཐང་སྤྱི་གླིང་། ས་གཤིས་སྤྱི་གླིང་། ཆུ་ཐོན་ཁུངས་སྲུང་སྐྱོང་བྱེད་གནས་དང་འཛམ་གླིང་རིག་གནས་ཤུལ་བཞག་བཅས་ལ་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ཏེ། མིས་བཟོས་རྒྱུ་རྐྱེན་གྱིས་རང་བྱུང་སྐྱེ་ཁམས་དང་རིག་གནས་རང་བྱུང་ཤུལ་ནོར་གྱི་གདོད་མའི་རང་བཞིན་དང་ཆ་ཚང་བ་ཅན་ལ་གཏོར་བརླག་ཐེབས་པ་ཚོད་འཛིན་ནན་མོ་བྱ་རྒྱུ། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། སྲུང་སྐྱོང་ཁུལ་གྱི་རིམ་པ་དང་རྒྱ་ཁྱོན། སྐྱེ་ཁམས་ཁུལ་གནས་བཅས་ལྟར། དོ་དམ་ལས་ཁུངས་དང་བདག་སྐྱོང་དཔུང་སྡེ། ལྟ་ཞིབ་ཚད་ལེན་མ་ལག རྨང་གཞིའི་སྒྲིག་བཀོད་དང་ཚན་ཞིབ་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱ་རྒྱུ། སྲུང་སྐྱོང་ཁུལ་སོ་སོར་རྩ་དོན་སྟེང་ནས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བའི་སྤྱི་ཕན་རང་བཞིན་གྱི་ས་གཤིས་གཏེར་ཐོན་རྩད་ཞིབ་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་ནང་དུ་འདྲེས་པ་གཏན་འགོག་བྱ་རྒྱུ་དང་། སྲུང་སྐྱོང་ཁུལ་དུ་གཏེར་ཐོན་ཐོན་ཁུངས་རྩད་ཆོད་པའི་འཐབ་ཇུས་གསོག་འཇོག་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་བྱ་བ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་གང་ཐུབ་བྱ་རྒྱུ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་ལ་སྲུང་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་དང་སྲུང་སྐྱོང་། སྐྱེད་སྲིང་། བརྗེ་སྤེལ་བཅས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འབྲི་གཡག་དང་གཙོད། དགོད་སྐྱ། གསའ་སོགས་སྲོག་ཆགས་རྩ་ཆེན་ལ་སྲུང་སྐྱོང་བྱེད་པ་གཙོ་ཡིན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

ས་བཅད་གཉིས་པ།ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་དབྱེ་བགོ་བྱེད་ཚུལ་ལེགས་སྒྱུར་བྱ་རྒྱུ།  ལུགས་དང་མཐུན་པར་ཁྱབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ཧེ་བག་ཅན་གྱི་འཕེལ་རྒྱས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། "ཁུལ་བཞིའི"མངའ་ཁོངས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཁྱད་སྟོབས་ཕན་ཚུན་གསབ་པ་དང་རང་སོ་སོར་ཁྱད་ཆོས་ལྡན་པ། སྐྱེ་སྟོབས་ཀྱིས་ཁེངས་པ། མཉམ་དུ་ཡར་ཐོན་འབྱུང་བ་བཅས་ཀྱི་འཕེལ་རྒྱས་བར་སྟོང་བསྟུད་མར་རྒྱ་བསྐྱེད་པ་བཅས་བྱས་ཏེ། "རྒྱུད་གཉིས་ཐིག་གཅིག"དེ་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཁྱམས་རིང་དང་བཟོ་ལས་ཁྱམས་རིང་གསར་བ། ཆུ་གློག་གསར་སྤེལ་ཁྱམས་རིང་། སྐྱེ་ཁམས་གནས་སྐོར་ཁྱམས་རིང་། དར་གོས་གནའ་ལམ་གྱི་སྒོ་འབྱེད་མུ་རྒྱུད། གྲོང་རྡལ་ཅན་གྱི་འཕེལ་རྒྱས་མུ་རྒྱུད་བཅས་སུ་བསྐྲུན་རྒྱུ།གཅིག   ཟི་ལིང་དང་མཚོ་ཤར་མཐུན་སྦྱོར་དང་གཅིག་འདུས་ཅན་དུ་འཕེལ་བ་མངོན་འགྱུར་བྱ་རྒྱུ།  ཟི་ལིང་གི་ཚོང་རའི་མ་ལག་འཐུས་ཚང་བ་དང་ཐོན་ལས་རྨང་གཞི་བརྟན་པོ་ཡིན་པ། གྲོང་རྡལ་གྱི་མ་ལག་ཆ་ཚང་བ། སྒོ་འབྱེད་ཚད་མཐོ་བ་སོགས་ཁྱད་སྟོབས་སྔར་ལས་འདོན་སྤེལ་བྱས་ཏེ། དེས་གསར་སྐྲུན་སྐུལ་འདེད་དང་གྲུབ་ཚུལ་རིམ་འཕར་སོགས་ཀྱི་ཕྱོགས་ནས་སྔོན་ལ་ཐོད་བརྒལ་བླངས་པར་སྐུལ་འདེད་དང་། མཁར་ཁུལ་རྙིང་བ་བསྒྱུར་བཀོད་དང་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས། དེ་རང་ཞིང་གི་དེང་རབས་ཅན་གྱི་ལྟེ་བའི་གྲོང་ཁྱེར་དང་དར་གོས་གནའ་ལམ་གྱི་དཔལ་འབྱོར་མུ་རྒྱུད་གལ་ཆེན་གྱི་གྲོང་ཁྱེར། མཚོ་བོད་མཐོ་སྒང་གི་ཡུལ་མཆོག་དང་གནས་སྐོར་གྲོང་ཁྱེར་བཅས་སུ་བསྐྲུན་རྒྱུ། མཚོ་ཤར་གྲོང་ཁྱེར་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་གླིང་ཁུལ། གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་དོ་དམ། དབུལ་སྐྱོར་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཕྱོགས་ནས་ཐོད་བརྒལ་ཆེན་པོ་བླངས་ཏེ། རང་ཞིང་གི་རྩོལ་ནུས་ལེགས་སྒྱུར་ཅན་གྱི་གྲོང་ཁྱེར་གལ་ཆེན་དང་། ལན་ཀྲོའུ་དང་ཟི་ལིང་གི་དཔལ་འབྱོར་ཁུལ་གྱི་ཐོན་ལས་རྟེན་གཞི་གལ་ཆེན། ཤར་ཕྱོགས་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འདེགས་སྐྱོར་གལ་ཆེན་དང་། མཐོ་སྒང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་ཚན་རིག་འཕེལ་རྒྱས་ཀྱི་འཕར་སྣེ་གསར་བཅས་སུ་འགྱུར་གང་ཐུབ་བྱས་ཏེ། ལན་ཀྲིག་དང་ཟི་ལིང་། གྲོང་ཁྱེར་ཁྱུ་ཚོགས་བཅས་ཀྱི་དབུས་རྒྱུད་དར་འཕེལ་འབྱུང་བ་མངོན་འགྱུར་བྱ་རྒྱུ།"འཆར་འགོད་དང་ཕྱོགས་བསྡུས་འགྲིམ་འགྲུལ། ཆུའི་ཐོན་ཁུངས་བེད་སྤྱོད། ནུས་ཁུངས་འདོན་སྤྲོད། གློག་འཕྲིན་འཕྲིན་སྐྱེལ། སྐྱེ་ཁམས་ཁོར་སྲུང་། དངུལ་ལོརའི་ཞབས་ཞུ། གཞི་རྩའི་སྤྱི་པའི་ཞབས་ཞུ"བཅས་གཅིག་འདུས་ཅན་བརྒྱད་ཀྱི་དམིགས་འབེན་ལྟར། རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་ཆེན་པོ་སྐོར་ཞིག་གཅིག་གྱུར་འཆར་འགོད་བྱས་ཏེ། ཟི་ལིང-མཚོ་ཤར་གྱི་ཆུ་ཚོད1གི་དཔལ་འབྱོར་འཁོར་རྒྱ་དང་དངོས་ཟིག་འཁོར་རྒྱུག་འཁོར་རྒྱ། གནས་སྐོར་འཁོར་རྒྱ། འཚོ་བའི་འཁོར་རྒྱ་བཅས་ཆགས་སུ་འཇུག་རྒྱུ། མངའ་ཁོངས་དབྱེ་བགོ་དང་ཐོན་ལས་ཁྱབ་ཚུལ་སྔར་ལས་ལེགས་སྒྱུར་བྱས་ཏེ། ཐོན་ལས་ཁྱབ་ཚུལ་སྣ་གཅིག་ཅན་དང་ཐོན་ལས་གྲུབ་ཚུལ་ཕྱོགས་གཅིག་ཅན་དུ་འགྱུར་བ་མེད་པར་བཟོ་རྒྱུ།གཉིས།མཚོ་ནུབ་ཀྱིས་རིགས་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱ་རྒྱུ།རྒྱལ་ཡོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་གཙོ་བོ་དང་། བཟོ་ལས་ཅན་གྱི་རྟེན་གཞི་གསར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་འདུས་ཅན་གྱི་དཔེ་སྟོན་ཁུལ་གསར་བ་བཅས་འཛུགས་རྒྱུ།