2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༤)

  ས་བཅད་དང་པོ།འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ།ངལ་རྩོལ་པ་དང་མ་རྩ། ས་ཞིང་། ལག་རྩལ། དོ་དམ་སོགས་རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག་ལེགས་པོ་དང་། གསར་སྐྲུན་ལས་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་དང་དགོས་མཁོ་གསར་བ་ལྷོད་འགྲོལ་དུ་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ནུས་སྤོ་སྒྱུར་བྱེད་པ་མགྱོགས་མྱུར་གྱིས་མངོན་འགྱུར་བྱ་རྒྱུ།གཅིགཕན་ནུས་ལྡན་པའི་དངུལ་གཏོང་མུ་མཐུད་དུ་རྒྱ་བསྐྱེད་པ།དངུལ་གཏོང་གིས་འཕར་ཚུལ་ལ་གནད་འགག་གི་ནུས་པ་ཐོན་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། དངུལ་གཏོང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་གཙིགས་སུ་འཛིན་པ། གཙོ་གནད་ལས་གཞིས་སྣེ་ཁྲིད་པ་བཅས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་སྲུང་སྐྱོང་། གཞི་རྩའི་སྤྱི་པའི་ཞབས་ཞུ། ཐོན་ལས་རིམ་འཕར། གྲོང་རྡལ་ཅན་གསར་བ་སོགས་ཁྱབ་ཁོངས་ལ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། ཐོན་ལས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་ཁྲིད་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་དངུལ་གཏོང་ཐོན་རྫས་ཀྱི་མཁོ་འདོན་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས། རང་ཞིང་གི་དངུལ་གཏོང་ཚད་མཐོ་ནའང་། ཕྱོགས་བསྡུས་སྐུལ་འཐེན་གྱི་ཕན་ནུས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ། དཔལ་འབྱོར་བསྟུད་མར་འཕར་བར་འདེགས་སྐྱོར་བྱེད་པའི་ནུས་པ་ཆགས་སུ་འཇུག་རྒྱུ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་དང་། ས་གནས་ནོར་སྲིད་ཀྱི་མ་དངུལ་ཧྲག་སྡེབ་དང་བེད་སྤྱོད་ལེགས་པོ་བྱས་ཏེ། སྲིད་གཞུང་གིས་མ་དངུལ་གཏོང་བའི་འདེགས་ཤིང་ལྟ་བུའི་ནུས་པ་སྔར་ལས་འདོན་སྤེལ་དང་། རྨང་གཞིའི་སྒྲིག་བཀོད་སོགས་དངུལ་ལོར་གཏོང་བའི་སྟེགས་བུའི་རྩོལ་ནུས་འཐུས་ཚང་དུ་གཏོང་བ། གནས་སྐོར་དང་དབུལ་སྐྱོར་སོགས་ཆེད་ལས་ཅན་གྱི་དངུལ་ལོར་གཏོང་བའི་སྟེགས་བུ་འཛུགས་པ། མུ་མཐུད་དུ་ཚོང་ར་ཅན་གྱི་རྣམ་པས་ཆེད་དོན་འཛུགས་སྐྲུན་ཐེབས་རྩ་གྲབས་གསོག་བཅས་བྱ་རྒྱ། དམངས་ཁྲོད་ཀྱི་དངུལ་གཏོང་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་སོགས་དངོས་རྫས་དང་རྒྱུ་ནོར་དངུལ་འཛིན་ཅན་དུ་གཏོང་བ་འཚོལ་ཞིབ་བྱེད་པ། དངུལ་གཏོང་ཀུང་སི་དང་ཐོན་ལས་ཐེབས་རྩ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མ་རྐང་གི་དབང་ཆ་སྤྱི་གསོག་དང་ཉེན་ཁའི་དངུལ་གཏོང་། ཐེན་ཧྲི་དངུལ་གཏོང་སོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏོང་རྒྱུ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས(PPP)བྱེད་པའི་རྣམ་པ་ཁྱབ་གདལ་དུ་གཏོང་བ་དང་། ནོར་སྲིད་དང་དངུལ་ལོར། ཁྲལ་སྡུད་སོགས་ཀྱི་ཕྱོགས་ནས་དམངས་ཁྲོད་ཀྱི་དངུལ་གཏོང་སྐྱོན་བྲལ་ངང་འཕེལ་བའི་སྲིད་ཇུས་དངོས་གནས་དངོས་འབེབས་བྱས་ཏེ། དམངས་ཁྲོད་ཀྱི་མ་རྩ་དང་དངུལ་ལོརའི་མ་རྩ། སྲིད་གཞུང་གི་དངུལ་གཏོང་བཅས་ཕན་ནུས་ལྡན་པའི་སྒོ་ནས་མཉམ་ལས་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ། དངུལ་ཁང་དང་དངུལ་ལོར། ཉེན་སྲུང་དང་སྤྱི་ཚོགས་ཀྱི་མ་རྩ་སྣ་ཚོགས་མཉམ་ལས་དང་མཐུད་འབྲེལ་བྱེད་པའི་རྐྱེན་སྲོལ་ཞིབ་འཇུག་བྱས་ནས་འཛུགས་རྒྱུ།གཉིས།འཛད་སྤྱོད་ཀྱི་གཞི་ཁྱོན་ཤུགས་ཆེན་པོ་རྒྱ་བསྐྱེད་པ།ཕན་ནུས་ལྡན་པའི་འདོན་སྤྲོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། འདོན་སྤྲོད་གསར་བ་གསར་སྐྲུན་དང་འདོན་སྤྲོད་ཀྱི་སྤུས་ཚད་ཇེ་མཐོར་བཏང་བརྒྱུད། འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་བསྐྱེད་རྒྱུ། འཛད་སྤྱོད་གྲུབ་ཚུལ་གྱི་རིམ་པ་འཕར་བ་ཇེ་མགྱོགས་སུ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པ། རིགས་གསར་བའི་འཛད་སྤྱོད་ཧུར་ཐག་གིས་སྐྱེད་སྲིང་དང་སྲོལ་རྒྱུན་འཛད་སྤྱོད་རྒྱ་བསྐྱེད་པ། འཛད་སྤྱོད་བྱེད་སྟངས་གསར་བ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། འཛད་སྤྱོད་དང་འདོན་སྤྲོད་ཀྱིས་ཕན་ཚུན་སྐུལ་འདེད་བཟང་བོ་བྱེད་པ་དང་། དགོས་མཁོའི་རིམ་པ་འཕར་བ། ཐོན་ལས་ཀྱི་རིམ་པ་འཕར་བ་བཅས་མཉམ་དུ་འཕེལ་བའི་རྣམ་པ་ཆགས་སུ་འཇུག་རྒྱུ། རང་ས་གནས་ཀྱི་འཛད་སྤྱོད་དངོས་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་ལེགས་འཛིན་བྱས་ཏེ། སྤུས་ཚད་དང་ཚོང་རའི་ཟིན་ཚད་མཐོར་འདེགས་བྱ་རྒྱུ། འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་སྣ་ཚོགས་ནན་ཏན་གྱིས་དངོས་འབེབས་དང་། འཛད་སྤྱོད་རང་བཞིན་གྱི་ཞབས་ཞུ་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ། འབྲིང་མཐོ་གྲས་ཀྱི་སློབ་གསོ་དང་སྨན་བཅོས། རིག་གནས། ལུས་རྩལ་སོགས་ཞབས་ཞུ་འདོན་སྤྲོད་ཇེ་མང་དུ་གཏོང་རྒྱུ། རླངས་འཁོར་སོགས་འཛད་སྤྱོད་འབོར་ཆེན་ལ་སྐུལ་ཁྲིད་བྱས་ཏེ། ཕྱིར་ཕུད་ཚད་ཆུང་བའི་རླངས་འཁོར་དང་ནུས་ཁུངས་གསར་བའི་རླངས་འཁོར་ལ་ཁྲལ་སྡུད་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱ་རྒྱུ། དྲ་བ་ནས་དངོས་པོ་ཉོ་བ་དང་ལྗང་མདོག་ཕྱིར་བགྲོད། སྤྱི་ཚོགས་རྒན་གསོ། སྨན་བཅོས་དང་ལུས་ཁམས་བདེ་སྲུང་སོགས་གསར་དུ་དར་བའི་འཛད་སྤྱོད་གླེང་གནད་དང་འཛད་སྤྱོད་རྣམ་པ་ཧུར་ཐག་གིས་སྐྱེད་སྲིང་བྱས་ཏེ། འཛད་སྤྱོད་ཀྱི་རིམ་པ་མཐོར་འདེགས་དང་། འཛད་སྤྱོད་དེ་རིག་ནུས་ཅན་དང་ལྗང་མདོག སྐྱོན་བྲལ། བདེ་འཇགས་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་ཁྲིད་བྱ་རྒྱུ། དངུལ་གཏོང་དངོས་རྫས་དང་འཛད་སྤྱོད་དངོས་རྫས་ཀྱི་རིན་གོང་གི་སྤྱིའི་ཆུ་ཚད་ཕལ་ཆེར་བརྟན་རླིང་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ།
        གསུམ།ཕྱིར་གཏོང་བརྟན་རླིང་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ།ལེགས་འདྲེན་ལེགས་གཏོང་གི་འཐབ་ཇུས་ལག་བསྟར་དང་། རིགས་སྣ་གྲུབ་ཚུལ་དང་ཚོང་རའི་གྲུབ་ཚུལ་ལེགས་སྒྱུར། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས། ཞིང་ཕྱུགས་ལས་སྣོན་དང་རིག་གནས་ཐོན་རྫས་ཕྱིར་གཏོང་བའི་གཞི་ཁྱོན་རྒྱ་བསྐྱེད་པ། ཕྱིར་གཏོང་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་ཇེ་མང་དུ་གཏོང་བ། ལག་རྩལ་དང་ཚད་ལྡན། སྤུས་རྟགས། སྤུས་ཚད། ཞབས་ཞུ་བཅས་སྲོག་ཤིང་ཡིན་པའི་ཕྱི་ཕྱོགས་དཔལ་འབྱོར་གྱི་ཁྱད་སྟོབས་གསར་བ་སྐྱེད་སྲིང་བཅས་བྱས་ཏེ། ཁྱད་ལྡན་ཁྱད་སྟོབསའི་ཐོན་རྫས་ཀྱི་འགྲན་རྩོད་ནུས་ཤུགས་དང་རྒྱལ་སྤྱིའི་ཚོང་རའི་ཟིན་ཚད་ཇེ་མཐོར་གཏོང་བ་དང་། ནུས་ཁུངས་དང་སྒྲིག་སྦྱོར་གསར་བཟོ། ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་སོགས་ཐོན་ལས་རྒྱལ་སྤྱི་དང་མཉམ་ལས་ཡོང་བར་སྐུལ་སྤེལ་བྱ་རྒྱུ། ཕྱི་ཕྱོགས་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་ལོར། ཐོན་ལས། ཉོ་ཚོང་སོགས་སྲིད་ཇུས་བར་གྱི་མཐུད་འབྲེལ་དང་རོགས་འདེགས་ལ་ཤུགས་སྣོན་རྒྱུ།ས་བཅད་གཉིས་པ།ཤུགས་གང་ཡོད་བཏོན་ནས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།ཚན་རྩལ་གསར་སྐྲུན་བྱེད་པ་དེས་ཁྱོན་ཡོངས་ནས་གསར་སྐྲུན་བྱེད་པའི་ཁྲོད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། གདོད་མའི་གསར་སྐྲུན་དང་འདུས་གྲུབ་གསར་སྐྲུན། ནང་འདྲེན་འཇུ་སྡུད་དང་ཡང་བསྐྱར་གསར་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་རྒྱབ་སྐྱོར་དང་ཚོང་རས་གཙོ་ཁྲིད་བྱེད་པ། ཁེ་ལས་གཙོ་གཞི་ཡིན་པ་དང་ཚན་ཞིབ་གླིང་དང་སུའོ་ཧུར་ཐག་གིས་ཞུགས་པ། སྲིད་གཞུང་དང་ཐོན་ལས། སློབ་གླིང་། ཞིབ་འཇུག བེད་སྤྱོད་བཅས་ཟུང་དུ་འབྲེལ་བའི་གསར་སྐྲུན་གྱི་མ་ལག་ཆགས་སུ་འཇུག་རྒྱུ།
      གཅིག གསར་སྐྲུན་གྱི་རྨང་གཞིའི་ནུས་པ་མཐོར་འདེགས་བྱ་རྒྱུ།ཁེ་ལས་ལས་གྲྭ་ལག་རྩལ་ལྟེ་གནས་དང་གཙོ་གནད་ཚོད་ལྟ་ཁང100འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། ཚན་རྩལ་ཅན་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི"ལྡབ་འཕར་གཉིས"ལས་གྲྭ་དང་ཚན་རྩལ"གྱད་མི་ཆུང་བའི"འཆར་གཞི་ལག་བསྟར་བྱས་ཏེ། མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གྲངས་ཀ200དང་། ཚན་རྩལ་ཅན་ཁེ་ལས་ཀྱི་གྲངས་ཀ400ལ་བསླེབ་ཏུ་འཇུག་པ་དང་། ཐོན་རིན་སྒོར་དུང་ཕྱུར་ལས་བརྒལ་བའི་མཐོ་གསར་ལག་རྩལ་གྱི་ཁེ་ལས20གསར་དུ་སྐྱེད་སྲིང་བྱ་རྒྱུ། ཁེ་ལས་ཆེ་རིགས་ཀྱིས་གསར་སྐྲུན་རྐང་འཛིན་པའི་ནུས་པ་འདོན་པར་སྐུལ་མ་གཏོང་བ་དང་། འཛམ་གླིང་ཡོངས་ལ་ཁ་ཕྱོགས་ནས་ཚན་རྩལ་སྣེ་ཁྲིད་འཇོན་མི་དང་ཆུ་ཚད་མཐོ་བའི་གསར་སྐྲུན་ཚོགས་པ་ནང་འགུག་བྱས་ཏེ། ཐོན་ལས་ལག་རྩལ་དང་གསར་སྐྲུན་འཐབ་ཇུས་ཀྱི་མནའ་འབྲེལ་སྐོར་ཞིག་འཛུགས་རྒྱུ། ཁྱད་ལྡན་ཁྱད་སྟོབསའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྐང་ཚུགས་ནས། ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ལས་ཁུངས་དང་ཞིང་ཆེན་ཕྱི་ནང་གི་སློབ་ཆེན། ཁེ་ལས་ཚོགས་སྒྲིལ་ཆེ་རིགས་བཅས་ལ་མཉམ་འབྲེལ་བྱས་ཏེ་འགག་གནད་ལས་སྒྲོལ་བར་རྒྱབ་སྐྱོར་བྱ་རྒྱུ། ཞིང་ཆེན་དང་པུའུ(གླིང)མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང1ནས2འཛུགས་རྒྱུ། མཐོ་རིམ་སློབ་གླིང་དང་ཁེ་ལས་མཉམ་འབྲེལ་གྱིས་ཚན་ཞིབ་ཆེན་པོ་དང་ཁེ་ལས་ཀྱི་གནད་འགག་ལག་རྩལ་བཅོས་བསྒྱུར་ལས་གཞིའི་འགན་ཁུར་བར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ། གསར་དར་ཐོན་ལས་དང་གསར་སྐྲུན་ལ་སྐུལ་ཁྲིད་བྱེད་པའི་མ་རྩ་འཛུགས་པ་དང་། མཐོ་གསར་ལག་རྩལ་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་མགྱོགས་མྱུར་གྱིས་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱས་ཏེ། རང་བདག་ཤེས་བྱའི་ཐོན་དབང་ཡོད་པའི་སྤུས་རྟགས་མིང་གྲགས་སྐོར་ཞིག་ཆགས་གང་ཐུབ་ཀྱིས་འབྲེལ་ཡོད་ཐོན་ལས་གོང་དུ་སྤེལ་བའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱ་རྒྱུ། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སློབ་གླིང་དང་སུའོ་ཡི་ཚན་རྩལ་མི་སྣས་ཚན་རྩལ་ཅན་གྱི་ཁེ་ལས་བསྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ།

གཉིས།གཙོ་གནད་ཁྱབ་ཁོངས་ཀྱི་གསར་སྐྲུན་ལ་སྐུལ་སྤེལ་བྱ་རྒྱུ།ཐོན་ལས་རིམ་འཕར་དང་མུ་འབྲེལ་རྒྱ་བསྐྱེད་པར་ཤུགས་འདོན་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་གི་ལག་རྩལ་འགག་གནད་ལས་སྒྲོལ་བར་སྐུལ་ཁྲིད་དང་རྩ་འཛུགས་བྱས་ནས། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་མྱུར་དུ་ཐག་གཅོད་དགོས་པའི་གནད་འགག་དང་ལྟེ་བའི་ལག་རྩལ་སྐོར་ཞིག་འགག་སྒྲོལ་བྱས་ཏེ། ཁྱད་སྟོབས་ལྡན་པའི་ཐོན་ལས་ཁྱབ་ཁོངས་འགའ་ནས་ཚན་རྩལ་གྱི་མཐོ་ས་བཙན་འཛིན་བྱ་རྒྱུ། ཚྭ་མཚོའི་ལིས་ཚྭའི་བསྲེས་ཚད་ཆེས་ཉུང་ཅན་དུ་གཏོང་བ་དང་། ལིས་གྱེས་རྡུལ་གྱི་སྒུལ་ཤུགས་གློག་ཞུ་དང་དེའི་གནད་འགག་གི་རྒྱུ་ཆ་ཐོན་ལས་ཅན་དུ་འགྱུར་ཚད་མཐོར་འདེགས། ཧ་ཡང་དང་མེའི་བསྲེས་ལྕགས་ལས་སྣོན་བྱེད་པ། སྔོན་ཐོན་གྱི་ཤེལ་གཟུགས་རྒྱུ་ཆ་ཐོན་ལས་ཅན་དུ་བསྒྱུར་བ། ཕན་ཚུན་ཚ་ནུས་གསོག་པའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་བྱེད་པ། མེ་ཚྭའི་ཨར་ལས་རྒྱུ་ཆ་དང་བསྲེས་སྣོན་རྒྱུ་ཆ། མཐོ་སྒང་གི་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། རིག་ནུས་གསར་བཟོ། ཁོར་སྲུང་སྒྲིག་སྦྱོར་ཐོན་ལས་ཅན་དུ་བསྒྱུར་བ་སོགས་ཕྱོགས་ཀྱི་ལག་རྩལ་འགག་སྒྲོལ་གཙོ་གནད་དུ་བཞག་ནས་སྤེལ་ཏེ། ཐོན་ལས་དེ་རིན་ཐང་མུ་འབྲེལ་གྱི་རྩེ་གྲས་ལ་འཕར་བར་སྐུལ་འདེད་བྱས་ནས། རྒྱལ་ཡོངས་ནས་ཤུགས་རྐྱེན་ནུས་པ་ཅུང་ཆེན་པོ་ལྡན་པའི་གསར་སྐྲུན་རིགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་པ་སྐོར་ཞིག་ཆགས་སུ་འཇུག་རྒྱུ། སྐྱེ་ཁམས་རྩོལ་ནུས་ཤུལ་གཙོ་བོའི་སྐྱེ་དངོས་སྣ་མང་ཅན་གྱི་འགུལ་ཚུལ་དང་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་མ་ལག་བསྐྱར་གསོ་སོགས་ལག་རྩལ་ཁྱབ་གདལ་དུ་གཏོང་རྒྱུ། "དགུ་ཚིགས་ལས་གྲྭ"སོགས་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་མདུན་སའི་རྨང་གཞིའི་ཞིབ་འཇུག་སྤེལ་རྒྱུ། མཐོ་སྒང་གི་ཁྱད་ལྡན་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་དང་བེད་སྤྱོད་པའི་ལག་རྩལ་ལ་ཞིབ་འཇུག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ཐང་སྟོང་ཚོད་ལྟ་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱས་ཏེ། འཇིག་ཉེན་ཆེ་བའི་སྨན་རྫས་མཐུད་མུར་བེད་སྤྱོད་པའི་གནད་དོན་ཐག་གཅོད་རྒྱུ། མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི"1020"ཡི་ཚན་རྩལ་འདེགས་སྐྱོར་ཆེན་མོའི་ལས་གྲྭ་ལག་བསྟར་བྱ་རྒྱུ། ལྗང་མདོག་འགྲིམ་འགྲུལ་དང་ནུས་ཁུངས་གཙང་མ། ཐོན་སྐྱེད་གཙང་མ། ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒྲོལ་དང་གཅིག་འདུས་བེད་སྤྱོད་པར་ཤུགས་སྣོན་རྒྱུ།

གསུམ།ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ།2020ལོར་ཐོན་དུས། ཞིང་ཆེན་ཡོངས་སུ་ཚན་རྩལ་ཞབས་ཞུ་ལས་ཁུངས1000ལས་བརྒལ་ཏེ། མི་ཁྲི་རེར་ཕན་ནུས་ལྡན་པའི་གསར་གཏོད་ཆེད་ཁེ2རེ་ཡོད་པར་བྱ་རྒྱུ། ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ས་གནས་ཀྱི་ཁྲིམས་སྲོལ་བཟོ་བ་དང་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་ཚན་ཞིབ་སློབ་གླིང་། ཁེ་ལས་ཚན་རྩལ་གྲུབ་འབྲས་བཅས་ཀྱི་གྲུབ་འབྲས་དེ་མཚོ་སྔོན་ཅན་དུ་བསྒྱུར་བ་དང་སྤོ་སྒྱུར་བྱེད་པར་སྐུལ་འདེད་ཤུགས་ཆེན་བྱ་རྒྱུ། མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་ཞིང་ལས་ཚན་རྩལ་གླིང་ཁུལ། ཚན་རྩལ་ཁེ་ལས་སྒོང་རུམ་འཕྲུལ་ཆས། སློབ་ཆེན་ཚན་རྩལ་གླིང་སོགས་སྟེགས་བུ་བསྒྱུར་བཀོད་དང་མཐོར་འདེགས་བྱས་ཏེ། སྒོང་རུམ་བྱེད་སྟངས་གསར་བ་ཁྱབ་གདལ་དུ་གཏོང་བ་དང་། ལས་ཀ་དབྱེ་བགོ་དང་མཉམ་ལས་ཀྱི་ཆུ་ཚད་དང་ཐོན་སྐྱེད་ཕན་འབྲས་མཐོར་འདེགས་བྱ་རྒྱུ། ལག་རྩལ་དང་མ་རྐང་དབང་ཆ། དུས་བཅད་དབང་ཆ་བཅས་ཀྱི་ཚོང་ར་སྐྱེད་སྲིང་བྱས་ཏེ། ལག་རྩལ་དང་ཤེས་བྱའི་ཐོན་དབང་བརྗེ་སྤེལ་བྱེད་པའི་སྟེགས་བུ་རྒྱ་བསྐྱེད་པ་དང་། ལག་རྩལ་གན་རྒྱ་བརྗེ་སྤེལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར50ཡན་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ།
       ས་བཅད་གསུམ་པ།འཇོན་མི་གསར་སྐྲུན་དང་གསར་བཟོའི་ཡིབས་ཤུགས་སྐུལ་སྤེལ་བྱ་རྒྱུ།2020ལོར་ཐོན་དུས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མི་སྣ་མི་ཁྲི3ཡས་མས་ལ་བསླེབ་པར་བྱ་རྒྱུ། "མཚོ་སྔོན་དུ་འཇོན་མི་སྟོང་ཕྲག་གསར་སྐྲུན་བྱེད་པའི་འཆར་གཞི"ལག་བསྟར་བྱེད་མགོ་བརྩམས་ཏེ། "ཁུ་ནུའི་འཇོན་མི"དང"ཁུ་ནུའི་རིག་གནས་པ"། འཇོན་མིའི་མཐོ་ས་ཆུང་བ་སོགས་འཆར་གཞི་སྔར་ལས་ཧྲག་སྡེབ་དང་མཐུད་འབྲེལ་བྱས་ནས། གཞི་ཁྱོན་ངེས་ཅན་ལྡན་པ་དང་གསར་སྐྲུན་གྱི་སྙིང་སྟོབས་ལྡན་པ། ཉེན་ཁའི་འགན་ཁུར་སྤོབས་པ་བཅས་ཀྱི་འཇོན་མིའི་དཔུང་སྡེ་གསར་བ་བཙུགས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མྱུར་བའི་མཁོ་བའི་འཇོན་མི་དང་ཤེས་རིག་གིས་མི་འདང་བའི་གནད་དོན་ཐག་གཅོད་རྒྱུ།
     གཅིགཁེ་ལས་པའི་དཔུང་སྡེ་ཇེ་ཆེར་གཏོང་རྒྱུ།ལས་རིགས་སྤྱི་གཉེར་པའི་ལམ་ལུགས་ཁྱབ་སྤེལ་དུ་གཏོང་བ་དང་། ཁེ་ལས་ཀྱི་རིམ་པ་མཐོ་བའི་བདག་གཉེར་དོ་དམ་གྱི་འཇོན་མི་སྐྱེད་སྲིང་དང་། འདེམ་བསྐོ། ནང་འདྲེན། གདེང་འཇོག འོས་སྦྱོར་བཅས་བྱེད་པའི་སྤྱི་པའི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། ཁེ་ལས་ཀྱི་བདག་གཉེར་དོ་དམ་པ་ལས་རིགས་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཁེ་ལས་པའི་དཔུང་སྡེའི་སྤྱིའི་བྱང་ཚད་མཐོར་འདེགས་བྱ་རྒྱུ། ཁེ་ལས་པ་གསར་སྐྲུན་དང་གསོ་སྦྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ཏེ། དུས་བཅད་ལྟར་གསོ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། བརྗེ་སྤེལ་སྟེགས་བུ་འཛུགས་པ། ཁེ་ལས་པའི་གསར་སྐྲུན་ལས་སྐྲུན་ནུས་པ་སྐྱེད་སྲིང་བཅས་བྱ་རྒྱུ། ཁེ་ལས་རྒྱལ་ཁབ་ཕྱི་ནང་གི་ཚོགས་པ་ཆེན་པོ་དང་ཁེ་ལས་ཆེན་པོར་སོང་ནས་མྱུར་བར་མཁོ་བའི་བདག་གཉེར་དོ་དམ་འཇོན་མི་ནང་འདྲེན་བྱས་ཏེ། འཇོན་མི་འགྲན་སློང་དང་སྐོར་སྐྱོད་ཀྱི་རྐྱེན་སྲོལ་ཆགས་སུ་འཇུག་རྒྱུ། སྲིད་འཛིན་ལས་ཁུངས་དང་དོན་ལས་ལས་ཁུངས་ཀྱི་འཇོན་མི་སྣ་ཚོགས་ཁེ་ལས་སུ་སོང་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏོང་རྒྱུ། ཁེ་ལས་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཁེ་ལས་པར་སྐྱེ་བོ་ཀུན་ནས་བརྩི་འཇོག་དང་ག་ས་གང་དུ་གཅེས་སྐྱོང་ཐོབ་པའི་མཁའ་དབུགས་བསྐྲུན་རྒྱུ།
       གཉིས།ཆེད་ལས་རྩལ་ནུས་ལྡན་པའི་འཇོན་མིའི་དཔུང་སྡེ་བསྐྲུན་པ།ཕྱི་ཕྱོགས་ནས་ནང་འདྲེན་དང་རང་སྟེང་ནས་གསོ་སྦྱོང་བྱས་པ་བརྒྱུད། གཙོ་བོར་ཚན་རྩལ་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས། ཁེ་ལས་དོ་དམ་སོགས་ཁྱབ་ཁོངས་སུ་རྩེར་བུད་སྣེ་ཁྲིད་འཇོན་མི1000ཡས་གཅིག་ཏུ་བསྡུ་རྒྱུ། འབུམ་རམས་པ་ཐོབ་རྗེས་ཀྱི་ཞིབ་མཇུག་མཁན་གྱི་བྱ་བའི་ས་ཚིགས་དང་སྐོར་སྐྱོད་དོ་དམ་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། བྱ་བའི་ས་ཚིགས2དང་སྐོར་སྐྱོད་ས་ཚིགས1གསར་དུ་བསྣན་རྒྱུ། རྩེར་སོན་འཇོན་མི་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་པའི་མཚུངས་སུ། འབྲིང་གྲས་དང་ཐོག་རིམ་གྲས་ཀྱི་འཇོན་མི་ཁྲི་ལ་ཉེ་བ་སྐྱེད་སྲིང་གང་ཐུབ་བྱ་རྒྱུ། རྒྱལ་ཁབ་ཀྱི་རྩལ་ནུས་འཇོན་མི་སྐྱེད་སྲིང་དང་གསར་སྐྲུན་ལས་གཞི་དངོས་འབེབས་བྱས་ཏེ། རྩལ་ནུས་མཐོ་བའི་འཇོན་མི་གསོ་སྦྱོང་བྱེད་པའི་རྟེན་གཞི་དང་རྩལ་ནུས་སློབ་དཔོན་གྱི་ལས་སྒྲུབ་ཁང་། ངལ་རྩོལ་དཔེ་ལེགས་པའི་གསར་སྐྲུན་ལས་སྒྲུབ་ཁང་བཅས་འཛུགས་རྒྱུ། རྒྱལ་ཁབ་ཕྱི་ནས་རིམ་པ་མཐོ་བའི་ཆེད་དོན་འཇོན་མི་ནང་འདྲེན་བྱས་ཏེ། རྒྱལ་ཁབ་ཕྱི་ལ་སློབ་གཉེར་དུ་སོང་མཁན་གྱིས་ཚན་རྩལ་ལས་གཞི་ལེགས་པོ་བདམས་པར་རོགས་དངུལ་སྤྲོད་པ་དང་། ཕྱིར་རང་རྒྱལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཕྱི་རུ་ཡོད་པའི་ལྷད་མེད་སེམས་དཀར་རྣམས་ཀྱིས་རྒྱལ་ཁབ་ལ་ཞབས་ཞུ་བྱེད་པའི་འགུལ་སྐྱོད་སོགས་འཆར་གཞི་རྩ་འཛུགས་དང་ལག་བསྟར་བྱ་རྒྱུ། ཁེ་ལས་ཆེ་རིགས་ཀྱིས་དམིགས་གཏད་རང་བཞིན་དྲག་པའི་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་མངའ་ཁོངས་ཕྱིའི་འབྲེལ་ཡོད་ཁེ་ལས་ལ་སོང་ནས་ཡུལ་དངོས་སུ་གསོ་སྦྱོང་བྱེད་དུ་འཇུག་པར་སྐུལ་ཁྲིད་བྱ་རྒྱུ། གཞི་རིམ་གྱི་ཆེད་ལས་ལག་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཇོན་མི་གཞི་རིམ་དང་བོད་ཁུལ། དཀའ་སྡུག་ཆེ་བའི་མཐའ་འཁོབ་ས་ཁུལ་དུ་སྐོར་སྐྱོད་བྱེད་པའི་རྐྱེན་སྲོལ་དང་འཐབ་ཕྱོགས་དང་པོ་རུ་ལས་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཆེད་མཁས་པ་ཁྲི་ཡིས་གཞི་རིམ་ལ་ཞབས་ཞུ་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། འཇོན་མི་སྣ་ཚོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་གསར་སྐྲུན་ལས་སྐྲུན་བྱེད་པར་སྐུལ་ཁྲིད་བྱ་རྒྱུ།
      གསུམ།སྤྱི་ཚོགས་དོ་དམ་བྱེད་པའི་འཇོན་མིའི་དཔུང་སྡེ་ལེགས་སྒྱུར་བྱ་རྒྱུ།གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་གང་ལེགས་བྱས་ཏེ། གཞུང་ཞབས་པ་རྒྱུགས་སྤྲོད་སྡུད་ལེན་བྱེད་པའི་སྲིད་ཇུས་དང་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། གཞུང་ཞབས་པ་གསོ་སྦྱོང་འདེམ་བསྐོ་བྱེད་པའི་རྐྱེན་སྲོལ་དང་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞུང་ཞབས་པ་གདན་ཞུ་བྱེད་པའི་ལམ་ལུགས་ཚོད་ལྟ་བྱེད་པ། ཆེད་ལས་ལག་རྩལ་རིགས་དང་སྲིད་འཛིན་ཁྲིམས་སྐྱོང་རིགས་ཀྱི་གཞུང་ཞབས་པའི་དོ་དམ་ལམ་ལུགས་རིམ་བཞིན་འཛུགས་རྒྱུ། ལས་དོན་ལས་ཁུངས་ཀྱི་མི་དོན་དོ་དམ་ཁྲིམས་སྲོལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གང་མགྱོགས་བྱས་ཏེ། ལས་གནས་འཛུགས་པ་དང་གདན་ཞུ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། སྡེ་ཁུལ་བཅོས་སྐྱོང་དང་སྤྱི་ཚོགས་བྱ་བའི་ཆེད་ལས་མི་སྣ། སྤྱི་ཚོགས་བྱ་བའི་དང་བླངས་པ་སོགས་སྤྱི་ཚོགས་ཀྱི་བྱ་བ་གཉེར་མཁན་གཞན་པའི་དཔུང་སྡེ་འཛུགས་པར་ཤུགས་སྣོན་པ་དང་། ལས་ཞུགས་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་བྱ་བའི་འཇོན་མིའི་ཐོབ་ཆ་ལམ་ལུགས་ཞིབ་འཇུག་བྱས་ནས་འཛུགས་པ། སྤྱི་ཚོགས་བྱ་བའི་ཆེད་ལས་ལས་གནས་གསར་སྤེལ་བྱེད་པ་དང་། སྤྱི་ཚོགས་བྱ་བའི་འཇོན་མི་ལས་ཁུངས་དོན་ལས་སྡེ་ཚན་དུ་བསྐྱོད་པའི་མཐུད་ཁ་འཛུགས་རྒྱུ།
      བཞི།འཇོན་མི་གཅིག་བསྡུས་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ།ཤེས་བྱར་བརྩི་མཐོང་དང་འཇོན་མིར་བརྩི་འཇོག གསར་སྐྲུན་གཙིགས་སུ་འཛིན་པ་བཅས་ཀྱི་དར་སྲོལ་བཟང་བོ་དང་གྲུབ་འབྲས་སྨིན་པར་ཕན་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་ཆགས་སུ་འཇུག་རྒྱུ། སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ཕན་ཚུན་སྡེབ་སྒྲིག་དང་། ཞིང་ཆེན་ནང་ཁུལ་ནས་གསོ་སྦྱོང་དང་ཞིང་ཆེན་ཕྱི་ནང་ནས་བརྗེ་སྤེལ་མཉམ་ལས་བྱེད་པ་ཕན་ཚུན་མཐུད་འབྲེལ་ཡོང་བའི་གསར་སྤེལ་ཅན་གྱི་གསོ་སྦྱོང་མ་ལག་འཛུགས་པ་དང་། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སློབ་གླིང་། ཁེ་དོན་ལས་ལས་ཁུངས་བཅས་ཀྱིས་ཐོན་ལས་གླིང་ཁུལ་ནས་དངོས་སྦྱོང་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པ། གསར་སྐྲུན་ལས་སྐྲུན་འཇོན་མི་རྒྱལ་ནང་གི་གཙོ་གནད་སློབ་གླིང་དང་ཚན་ཞིབ་སློབ་གླིང་དུ་སོང་ནས་ཟབ་སྦྱོང་བྱེད་པར་རྒྱབ་སྐྱོར་བཅས་བྱ་རྒྱུ། ལས་གནས་ལ་བརྟེན་ནས་འགན་འཁྲིའི་བླང་བྱ་འདོན་པ་རྨང་གཞི་དང་། ཀུན་སྤྱོད་དང་ནུས་པ། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་བཟུང་སྟེ། ཚན་རིག་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་སྒོ་ནས་འཇོན་མིར་གདེང་འཇོག་དང་སྐུལ་སྤེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཕན་བདེའི་ཐོབ་ཆ་དང་ལས་འགན་དང་གོ་མིང་། སྡོད་ཁང་གི་ཁ་གསབ་རོགས་སྐྱོར། སྨན་བཅོས་འགན་སྲུང་། བུ་བུ་མོ་སློབ་གྲྭར་འགྲིམས་པ་སོགས་ཕྱོགས་ཀྱི་གཟིགས་སྐྱོང་ཆ་རྐྱེན་བཟོས་ཏེ། ཤེས་བྱའི་རིན་ཐང་ཇེ་མཐོར་གཏོང་བ་ཕྱོགས་སྟོན་དུ་བརྩི་བའི་བགོ་བཤའི་སྲིད་ཇུས་ལག་ལེན་དང་། གྲུབ་འབྲས་བསྒྱུར་བ་དང་ཡོང་འབབ་ལོངས་སྤྱོད་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། གསར་སྐྲུན་སྣེ་ཁྲིད་འཇོན་མིར་མི་དང་རྒྱུ་དངོས་བཀོད་གཏོང་བྱེད་པའི་དབང་ཆ་དང་ལག་རྩལ་ལམ་རྒྱུད་ཇུས་ཐག་གཅོད་པའི་དབང་ཆ་ཁྲིམས་ལྟར་སྟེར་རྒྱུ། ཁེ་ལས་དང་མཐོ་རིམ་སློབ་གྲྭ སྨན་ཁང་དང་ཚན་ཞིབ་གླིང་དང་སུའོ་སོགས་ཀྱིས་ལས་གཞི་སུས་འཇོན་དེ་འགུག་དང་ཚན་ཞིབ་མཉམ་ལས་བྱས་པ་བརྒྱུད་སྣེ་ཁྲིད་འཇོན་མི་སྡུད་ལེན་བྱས་ཏེ། "ཆེད་མཁས་པ+ལས་གཞི+རྟེན་གཞི(ས་ཚིགས)"ཡི་ཞབས་ཞུའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། "མཚོ་སྔོན་འཇོན་མི་བྱ་བའི་མཛངས་སྤྱོད་བྱ་དགའ"ཞེས་པ་བཙུགས་ཏེ། མགོ་ཁྲིད་ལས་བྱེད་པས་ཆེད་མཁས་པར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དངོས་འབེབས་བྱ་རྒྱུ། དཀོན་པོ་མྱུར་མཁོའི་འཇོན་མིའི་དཀར་ཆག་བཟོས་ནས་ཁྱབ་བསྒྲགས་བྱ་རྒྱུ། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པའི་རྟོག་ཞིབ་ངལ་གསོའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ།  ཆེད་བསྒྲིགས4པ།འཇོན་མི་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ།