2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༢)

  བཅོས་བསྒྱུར་སྒོ་འབྱེད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མཐུད་མུར་ཇེ་དྲག་ཏུ་བཏང་བ། མཚོ་སྔོན་གྱི་འཕེལ་རྒྱས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ནའང་བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་ལུས་མི་རུང་བའི་འདུ་ཤེས་བརྟན་པོ་བཅངས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ཚོང་རའི་ཆགས་ཚུལ་ཆེན་པོའི་ཁྲོད་འཕེལ་རྒྱས་ཀྱི་གོ་གནས་སྙེག་པ་རྒྱུན་འཁྱོངས་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ་ཆེས་འབུར་དུ་ཐོན་པའི་གནད་དོན་དངོས་གནས་ལེགས་སྒྱུར་བྱེད་པ་དང་། འབངས་མི་སེར་གྱིས་ཆེས་རེ་སྒུག་བྱེད་པའི་ཁྱབ་ཁོངས་ནས་དམ་འཛིན་བྱས་ཏེ། བཅོས་བསྒྱུར་གྱི་ཁེ་སྤོགས་ལས་ཞན་ཆར་ཁ་གསབ་པ་དང་། སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་རྒྱུན་མི་ཆད་པར་འཕེལ་རྒྱས་ཀྱི་མི་འདང་ས་གསབ་སྟེ། ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གསར་བཏོད་བྱས།མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་རྨང་རྡོ་སྲ་བརྟན་དུ་བཏང་སྟེ། སྤྱི་ཚོགས་དུས་ཡུན་རིང་བོར་འཆམ་མཐུན་བརྟན་འཇགས་ཡོང་བར་ཁག་ཐེག་བྱས་པ། ད་ལྟའི་དུས་རིམ་གྱི་མཚོ་སྔོན་སྤྱི་ཚོགས་ཀྱི་རྩ་བའི་འགལ་བ་དང་དམིགས་བསལ་གྱི་འགལ་བ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་ཤུགས་ཆེན་པོས་གསར་འཛུགས་དང་། "གཞི་གསུམ"འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། "བདེ་འཇགས་དང་དར་སྤེལ་ལས་གྲྭ"སོགས་ཕན་ལྡན་སྒོས་ཟུང་འབྲེལ་བྱས་ཤིང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་མིག་སྔར་ལ་དོ་དམ་ཐུབ་པ་དང་ཡུན་རིང་ལ་ཡང་ཕན་པའི་བྱེད་ཐབས་ཆེན་པོ་བཏོན་ནས། ཁྲིམས་སྐྱོང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་མཐུན་འགྲིག་བཅས་ཀྱི་རྣམ་པ་བཟང་བོ་རྒྱུན་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་།གསར་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་པའི་རིགས་ལམ་གསར་བ་དང་བྱེད་ཐབས་གསར་བ་རྒྱུན་མི་ཆད་པར་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་བ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེ་ཡིན་པ་སོགས་ཉེན་ཁའི་འགྲན་སློང་ལ་ཁ་གཏད་འོས་འཚམ་བྱས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་དང་འཕེལ་རྒྱས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། "ཁུལ་གསུམ"ཧུར་ཐག་གིས་བསྐྲུན་པ་དང་། འབྱོར་འབྲིང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་སོགས་མཚོ་སྔོན་གྱི་མིག་སྔར་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བའི་འཐབ་ཇུས་རབས་དང་རིམ་པ་བཏོན་པ་དང་། མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་པའི་རིགས་ལམ་གསར་བ་དང་བྱེད་ཐབས་གསར་བ་རྒྱུན་མི་ཆད་པར་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་མཚོ་སྔོན་ནས་རྒྱུན་འཁྱོངས་ཡོང་བ་མ་ཟད་རྒྱ་བསྐྱེད་ལེགས་པོ་ཐུབ་པར་ཤུགས་དང་ལྡན་པའི་མཛུབ་སྟོན་དང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།ཁྱིཐཾ ཁྱིཐཾ

  གཉིས།འཕེལ་རྒྱས་ཀྱི་ཁོར་ཡུགདེང་སྐབས། འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་ཟབ་མོ་བྱེད་པའི་ཁྲོད་ཀྱག་ཀྱོག་དང་རྙོག་འཛིང་ཆེ་ཞིང་། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་གྱི་ཤུགས་རྐྱེན་ཟབ་མོ་དེ་དུས་ཡུན་རིང་བོ་ཞིག་ཏུ་ད་རུང་ཡོད་ངེས་ལ། ཕྱི་རོལ་གྱི་ཁོར་ཡུག་བརྟན་བརླིང་དང་བརྟན་འཇགས་མིན་པའི་རྒྱུ་རྐྱེན་སྔར་ལས་ཇེ་མང་རེད། རྒྱལ་ནང་གི་དཔལ་འབྱོར་དེ་གཏིང་ཟབ་པའི་ཟུར་ཕྱོགས་སུ་འདོན་པ་དང་། གྲུབ་ཚུལ་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་འགལ་བར་གདོང་གཏད་དེ། དཔལ་འབྱོར་ཇེ་དལ་དུ་འགྲོ་བ་དེ་ད་དུང་མཐའ་ལ་ཐུག་མེད་པ་དང་། མར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེ། དུས་མཚུངས་སུ། སྐོར་གསར་བའི་ལག་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཐད་ནས་གསར་གཏོད་བྱེད་གྲབས་ཡོད་པ་དང་། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་མུ་མཐུད་འཚར་ལོངས་འབྱུང་བཞིན་ཡོད། རང་ཞིང་གི་འཕེལ་རྒྱས་ཐད་ནས་ཀྱང་དུས་འཁོར་རང་བཞིན་གྱི་དུས་རིམ་གྱི་ཁྱད་ཆོས་གསར་བ་ཞིག་མངོན་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཐག་གཅོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་འཕར་བའི་དུས་རིམ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་བསྒྱུར་བའི་དུས་རིམ། རིགས་གསར་བའི་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་བྱེད་པའི་དུས་རིམ། བཅོས་བསྒྱུར་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བའི་དུས་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་གནད་འགག་གི་དུས་རིམ་དུ་ཐོན་ཡོད།འཕེལ་རྒྱས་ཀྱི་གོ་སྐབས་དང་ཕན་ཡོད་ཆ་རྐྱེན།-རྒྱལ་ཁབ་ཀྱིས་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་དང་ལམ་ལུགས། ཚན་རྩལ། རིག་གནས་སོགས་ཕྱོགས་སོ་སོའི་གསར་སྐྲུན་མུ་མཐུད་སྐུལ་སྤེལ་བྱེད་རྒྱུ། འཕེལ་རྒྱས་མཐོར་འདེགས་སུ་གཏོང་བའི་སྤུས་ཚད་དང་ཕན་འབྲས་ལ་ལྷག་ཏུ་དོ་སྣང་བྱེད་པ། མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་ལྷག་ཏུ་དོ་སྣང་བྱེད་པ། ང་ཚོའི་མདུན་དུ་རྒྱལ་ཡོངས་དཔལ་འབྱོར་འབྲིང་མཐོའི་མྱུར་ཚད་ལྟར་འཕར་བ་རྒྱུན་སྲུང་བྱེད་པའི་གཏན་བརླིང་གིས་སྐུལ་ཁྲིད་བྱེད་པའི་གོ་སྐབས་ལྷགས་ཡོད་ལ། ཤུགས་ཆེན་གྱིས་འདོན་མཁོ་ཕྱོགས་གཉིས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་དང་། ཁྱོན་ཡོངས་ནས་གྲུབ་ཚུལ་ལེགས་སྒྱུར་སྐུལ་འདེད་བྱེད་པའང་མདུན་དུ་ལྷགས་ཡོད། དཀའ་སྤྱད་འབད་བརྩོན་བྱེད་པར་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྔར་ལས་ཁྱད་ཆོས་ཡོད་པ་དང་སྤུས་ཚད་སྔར་ལས་མཐོ་བ། ཕན་འབྲས་སྔར་ལས་བཟང་བའི་འཕེལ་རྒྱས་ཐབས་ལམ་སྟེང་དུ་སྐྱོད་པའི་ཆ་རྐྱེན་ལྡན་ཡོད། -རྒྱལ་ཁབ་ཀྱིས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་རྒྱུན་འཁྱོངས་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་དམིགས་སུ་བཀར་ནས་སྐུལ་འདེད་བྱེད་པ། བོད་ཁུལ་གྱི་རྒྱབ་སྐྱོར་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། གཙོ་བོར་ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། རང་ཞིང་གི་འཕེལ་རྒྱས་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་སྤེལ་བར་སྐུལ་འདེད་དང་མཁར་གྲོང་གསར་བ་ཅན་དུ་སྤེལ་བའི་གོ་རིམ་སྐུལ་འདེད་བྱ་རྒྱུ། འཕར་སྣེ་གསར་བ་སྐྱེད་སྲིང་བྱས་ནས་རང་ཉིད་སྤེལ་ནུས་མུ་མཐུད་ཇེ་དྲག་ཏུ་གཏོང་རྒྱུ། -རྒྱལ་ཁབ་ཀྱིས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཕན་ཡོད་ཀྱིས་སྐུལ་འདེད་བྱེད་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བའི་བར་སྟོང་གཞི་ཁྱོན་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བའི་རོལ་སྟངས་བཅས་སྐྲུན་པར་ཇེ་མགྱོགས་སུ་གཏོང་རྒྱུ། ལྗང་མདོག་དང་ཐཱན་དམའ་བ། འཁོར་སྐྱོད་བཅས་ཀྱི་སྔོན་སྤེལ་ཁྱད་སྟོབས་དང་དེང་རབས་ཐོན་ལས་མ་ལག་སྐྲུན་པ་དང་། སྐྱེ་ཁམས་མཛེས་བཟང་དང་དཔལ་འབྱོར་འཕེལ་རྒྱས། འབངས་མི་ཕྱུག་པོ་བཅས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་རྒྱུ།-རྒྱལ་ཁབ་ཀྱིས་སྒོ་འབྱེད་གོང་སྤེལ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་སྐུལ་འདེད་དང་། རང་ཞིང་གིས་ནང་ལོག་སྐམ་ས་ནས་སྒོ་འབྱེད་པའི་མདུན་གྲལ་དུ་སྒྱུར་བར་བཅུག་ན། རང་ཞིང་གིས་གཏིང་ཟབ་སྒོས"རྒྱུད་གཅིག་ལམ་གཅིག"གི་འཕེལ་རྒྱས་ནང་འདྲེས་པ་དང་། ཕྱི་ཕྱོགས་སུ་ཉོ་ཚོང་སྤེལ་བ་ཇེ་མགྱོགས་གཏོང་བ་དང་། ཚོང་དང་མ་རྩ་འདྲེན་འགུགས་རྒྱ་ཇེ་ཆེར་གཏོང་བ། ཕྱོགས་གང་མང་དང་རིམ་པ་གང་མང་། ཆུ་ཚད་མཐོ་བ་བཅས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་སྐྲུན་བྱེད་རྒྱུ།-རྒྱལ་ཁབ་ཀྱིས་མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་ཞབས་ཞུམཁོ་སྤྲོད་སྣོན་རྒྱུ་དང་དབུལ་ཐར་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱེད་པ། སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ལས་སྐྲུན་ལས་ཞུགས་སྐུལ་སྤེལ་བྱེད་པ། ཡོང་སྒོའི་མང་ཉུང་ཇེ་ཆུང་གཏོང་བ། འགན་སྲུང་ལམ་ལུགས་འཐུས་ཚང་གཏོང་བ། བདེ་ཐང་ཀྲུང་གོ་སྐུལ་སྤེལ་བྱེད་པ་སོགས་ཐད་ལ་རབ་དང་རིམ་པའི་བྱེད་ཐབས་གསར་བ་བཀོལ་ན། རང་ཞིང་གིས་ཞན་ཆ་ཁ་སྐོང་བ་དང་དམངས་འཚོར་ཕན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱེད་པར་ཕན་པ་ཡོད་པ་དང་། ལས་གཞི་སོ་སོའི་དམངས་འཚོ་ལས་དོན་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱེད་པ་དང་། སྒོ་ཀུན་ནས་འབྱོར་འབྲིང་མཉམ་དུ་སྐྲུན་རྒྱུ།-ལོ་ངོ་མང་པོར་འབད་བརྩོན་བྱས་བརྒྱུད། རང་ཞིང་གི་དཔལ་འབྱོར་སྤྱི་འབོར་དང་དངོས་ཤུགས་རྒྱུན་མི་ཆད་པར་མཐོར་འདེགས་བྱུང་ཞིང་། འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་གྱིས་བསྒྱུར་བ་དང་། འཕར་བའི་འགུལ་ནུས་གསར་བ་ཆགས་པའི་སྒང་ཡིན་ལ། རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཡིན་པ་དང་། ནང་སྒོས་སུ་ལོ་མང་པོར་འཚོལ་ཞིབ་དང་ལག་བསྟར་བྱས་པ་བརྒྱུད། རིམ་བཞིན་ཆ་ཚང་བའི་རྒྱུན་རྣམ་གསར་བར་འཕྲོད་པ་དང་རྒྱུན་རྣམ་གསར་བར་སྣེ་ཁྲིད་པའི་འདུ་ཤེས་དང་བསམ་ཕྱོགས། བྱེད་ཐབས་བཅས་ཆགས་ཏེ། མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།མདུན་དུ་ལྷགས་པའི་འགྲན་སློང་དང་དཀའ་ཁག-འགུལ་ནུས་སྤོ་སྒྱུར་གྱི་འཕེལ་རྒྱས་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། རང་ཞིང་གི་ཁྱད་ལྡན་ཐོན་ཁུངས་དང་གློག་རིན་དམའ་བའི་རྨང་གཞིའི་སྟེང་གོང་དུ་འཕེལ་བའི་བཟོ་ལས་དཔལ་འབྱོར་དེ། རྒྱུན་རྣམ་གསར་བའི་འོག་ལྟོས་བཅས་ཀྱི་ཁྱད་སྟོབས་ཇེ་གཉོམ་དུ་འགྲོ་བཞིན་ཡོད་པ་དང་། ད་ཡོད་ཀྱི་རྨང་གཞིས་མགྱོགས་མྱུར་ངང་འཕར་བར་སྔར་ལས་མང་བའི་དགེ་མཚན་འདོན་དཀའ་བ། ཐོན་ལས་གྲུབ་ཚུལ་གྱི་རིམ་པ་མི་མཐོ་བ་དང་འགྲན་རྩོད་ནུས་པ་མི་དྲག་པའི་གནད་དོན་འབུར་དུ་ཐོན་ལ། གྲུབ་ཚུལ་ལུགས་དང་མི་མཐུན་པའི་གནད་དོན་ལ་ད་དུང་རྩ་བའི་འགྱུར་ལྡོག་བྱུང་མེད། ཞིང་ཆེན་ནང་ཁུལ་གྱི་ལག་རྩལ་གསར་བ་དང་ཐོན་ལས་གསར་བ། ལས་རྣམ་གསར་བ། དཔེ་དབྱིབས་གསར་བ་བཅས་ཀྱི་འཕེལ་ཚུལ་ཅུང་བཟང་ནའང་། བོངས་ཚད་ཆུང་བ་དང་བསྡུར་ཚད་དམའ་བ། སྣེ་ཁྲིད་ཀྱི་ནུས་པ་ཞན་ལ། དུས་ཡུན་ཐུང་ངུའི་ནང་ད་དུང་འདེགས་སྐྱོར་ནུས་ལྡན་ཞིག་ཆགས་དཀའ་བ། འགུལ་ནུས་གསར་རྙིང་གི"སྐྱ་ཟད་སྔོ་གཏུག"གི་གནད་དོན་ཧ་ཅང་འབུར་ཐོན་རེད།-སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གཏིང་རིམ་པའི་འགལ་བ་ད་དུང་ཞི་ལྷོད་དུ་གཏོང་དགོས། ཉེ་བའི་ལོ་འགར་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་ནས་བྱ་བ་མང་པོ་བསྒྲུབས་ཏེ། གྲུབ་འབྲས་མི་དམན་པ་བླངས་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ཆ་ཤས་ཉམས་ཞན་དུ་འགྱུར་བའི་གནས་ཚུལ་ལ་རྩ་བའི་འགྱུར་ལྡོག་ཅི་ཡང་བྱུང་མེད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་འགན་སྔར་བཞིན་ལྕི། དུས་མཚུངས་སུ། འཕེལ་རྒྱས་ཀྱི་དུས་རིམ་དང་དཔལ་འབྱོར་སྒྲིག་བཀོད། ཐོན་ལས་གྲུབ་ཚུལ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས། མི་འབོར་དང་ཐོན་ཁུངས། ཁོར་ཡུག་བཅས་ཀྱི་འགལ་བ་སྔར་བཞིན་འབུར་དུ་ཐོན་ལ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར་བཅས་ལ་སྔར་བཞིན་དཀའ་ངལ་གྱི་བྱ་བ་གང་མང་སྒྲུབ་དགོས།-འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་སློང་གསར་བར་སྐུལ་འདེད་མཐུན་སྦྱོར་བྱ་དགོས། ཚོང་རའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད། ཐོན་སྐྱེད་རྒྱུ་ཆ་སྣ་ཚོགས་གང་མགྱོགས་སྒོས་ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་ལའདུས་པས། ཞིང་ཆེན་ནང་གི་ས་ཁུལ་མི་འདྲ་བ་དང་རྩོལ་ནུས་ཁུལ་མི་འདྲ་བ། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་བཅས་བར་གྱི་འཕེལ་རྒྱས་རྨང་གཞི་དང་ཆ་རྐྱེན་དོ་སྙོམ་མི་ཡོང་བའི་འགལ་བ་ཇེ་སྡུག་ཏུ་འགྱུར་བཞིན་ཡོད། འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་། དབུལ་ཐར་སྲ་བརྟན་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཀ་ཇེ་མཐོར་གཏོང་བ་སོགས་ཀྱི་ལས་འགན་ཡང་སྔར་བཞིན་ལྗིད་མོ་རེད།-འཕེལ་རྒྱས་སྒོ་འབྱེད་ཀྱི་རྨང་གཞི་དང་ནུས་པའི་ཤུགས་མི་འདང་བ། ཞིང་ཆེན་ཡོངས་སུ་ས་ཁུལ་ཁ་ཤས་ད་དུང་སྒོ་འབྱེད་མེད་པས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཕན་ཚུན་འགྲོ་འོང་གི་རྨང་གཞི་ཞན་པ་དང་། ཕྱི་ཕྱོགས་ལ་མཉམ་ལས་བརྗེ་རེས་བྱེད་པའི་རིམ་པ་མི་མཐོ་བ་དང་གཞི་ཁྱོན་ཆུང་ལ། རྒྱལ་སྤྱིའི་ཐོན་ལས་དབྱེ་བགོ་ནང་ཞུགས་པའི་ཁེ་ལས་དང་ཐོན་རྫས། འཇོན་མིའི་འདེགས་སྐྱོར་ནུས་པ་བཅས་མངོན་གསལ་གྱིས་མི་འདང་བ་རེད།-སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ལས་འགན་སྔར་བཞིན་ལྗིད་མོ་རེད། དཔལ་འབྱོར་རིགས་བསྒྱུར་བའི་དུས་སྐབས་སུ་ཁེ་སྤོགས་ལེགས་སྒྲིག་བྱས་པ་ལས་བསླངས་པའི་སྤྱི་ཚོགས་ཀྱི་འགལ་བ་ཇེ་མང་དང་། ཐོན་ནུས་དང་འདེགས་སྐྱོར། མཛོད་ཉར་སོགས་ལེན་པའི་བརྒྱུད་རིམ་ཁྲོད་ལས་ཞུགས་དང་དངུལ་ལོར་ཉེན་ཁ་སོགས་གནད་དོན་མངོན་པར་གསལ་བས། སྤྱི་ཚོགས་འཕེལ་རྒྱས་བརྟན་རླིང་ཡོང་བར་གནོན་ཤུགས་གསར་བ་ཆགས་པ་རེད། དེ་དང་ཆབས་ཅིག་ཏུ། ཁ་བྲལ་ལ་རྒོལ་བྱེད་པའི་འཐབ་རྩོད་ལས་འགན་ལྕི་ཞིང་གནས་བབ་ཛ་དྲག་ཆེ་བས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་གནོན་ཤུགས་སྔར་བཞིན་ཇེ་ཆེ་རེད།མདོར་བསྡུས་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ནི། རང་ཞིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་དང་། གནོན་ཤུགས་དང་སྒུལ་ཤུགས་མཉམ་དུ་སྐྱེ་བའི་དུས་སྐབས་ཤིག་རེད། དཀའ་ཁག་ལ་གདོང་གཏོད་ཕོད་པ་དང་ཡིད་ཆེས་ཇེ་བརྟན། གོ་སྐབས་དམ་འཛིན་དང་ཧུར་བརྩོན་འབད་སྒྲུབ་བཅས་ཀྱིས། སྔར་ལས"གྲུབ་ཚུལ་ལེགས་སྒྱུར་དང་རྣམ་པ་བསྒྱུར་བ། སྒུལ་ཤུགས་འཕར་སྣོན"བཅས་བྱས་པ་དང་། ཤུགས་གང་ཡོད་བཏོན་ནས་སྐུལ་སྤེལ་དང་ཡུན་རིང་བོར་ཤུགས་བཏོན་ནས། དུས་ཡུན་ལོ3ནས5ཡི་ནང། དཀྱོགས་མཚམས་ཀྱི་འགག་སྒོ་བརྒལ་བ་དང་། འགྱུར་ལྡོག་གཏིང་ཟབ་པ་ཞིག་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པ་དང་། སྔར་ལས་རྒྱ་ཆེ་བའི་ཡུལ་ཁམས་གསར་བ་ཞིག་གཏོད་པར་བརྩོན་ལེན་བྱེད་རྒྱུ། ས་བཅད་གཉིས་པ།མཛུབ་སྟོན་བསམ་བློ་དང་རྩ་དོན། གཅིགམཛུབ་སྟོན་བསམ་བློ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་་ལུགས་ཀྱི་རླབས་ཆེན་དར་ཆ་མཐོ་པོར་བསྒྲེངས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། "ཁྱོན་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་བྱེད་པ་བཅས་ཀྱིས། རྒྱལ་ཁབ་ཀྱི་རྩོལ་ནུས་ཁུལ་གཙོ་བོའི་འཆར་འགོད་ལྟར། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དམིགས་སུ་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པ་དང་། དཔལ་འབྱོར་དང་འཕེལ་རྒྱས་ཐད་ཀྱི་རྒྱུན་ཚུལ་གསར་བར་འཕྲོད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ། འཕེལ་སྟངས་བཅས་མྱུར་དུ་ཆགས་སུ་འཇུག་ཅིང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ། མཚོ་སྔོན་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ཅན་དུ་བསྐྲུན་པར་ཁག་ཐེག་བྱ་རྒྱུ།གཉིས།རྩ་བའི་རྩ་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ན། ངེས་པར་མི་དམངས་ཀྱི་གཙོ་གཞིའི་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བཅས་བྱ་དགོས་པ་དང་། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་འཛུགས་པ་དང་སྲ་བརྟན་དུ་གཏོང་དགོས། "རྒྱུན་འཁྱོངས་དྲུག"ནི་ང་ཚོས་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་ཆེན་པོ་ཡིན་པ་དང་། "འཕེལ་རྒྱས་ཆེན་པོ་ལྔ"ནི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་བསྒྱུར་བཅོས་གཏིང་ཟབ་མོ་ཞིག་ཡིན་པ་དང་། རྗེས་ཕྱོགས་ཀྱི་དུས་རིམ་ཤིག་གི་རང་ཞིང་གི་འཕེལ་རྒྱས་རིགས་ལམ་དང་འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་འདོན་ས་བཅས་གཅིག་བསྡུས་ཀྱིས་མཚོན་པ་ཡིན་པས། ཆ་ཚང་བ་དང་བརྒྱུད་རིམ་ལྡན་པ། ཡང་དག་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ལག་བསྟར་བརྒྱུད་དགོས།-སྐྱེ་ཁམས་སྲུང་སྐྱོང་བྱེད་པར་སྔར་ལས་དོ་སྣང་བྱ་རྒྱུ། ངེས་པར་སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་བསྟར་ལ་བརྒྱུ་དགོས་པ་དང་། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་བ་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དངོས་གནས་ལག་བསྟར་བཟང་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་ཁེ་ཕན་ལ་ཞབས་འདེགས་ཞུ་བ་དང་། བསྟུད་མར་འཕེལ་འཐུས་པ་མངོན་འགྱུར་བྱ་རྒྱུ།-འཕེལ་སྟངས་བསྒྱུར་བར་སྔར་ལས་དོ་སྣང་བྱ་རྒྱུ། ངེས་པར་དེང་རབས་ཀྱི་ཚན་རྩལ་དང་ཐོན་ལས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་དང་བསྟུན་ནས། འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་དང་། གསར་སྐྲུན་དེ་སྒུལ་ཤུགས་སུ་བསྒྱུར་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པར་མྱུར་དུ་ཡར་སྐུལ་བྱེད་པ། ཐོན་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཀ་དང་ཕན་འབྲས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ།-འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྔར་ལས་དོ་སྣང་བྱ་རྒྱུ། ངེས་པར་མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་སྣོན་པ་དེ་རྐང་འཛུགས་ས་དང་ཤུགས་འདོན་སར་བརྩིས་ནས་རྒྱུན་འཁྱོངས་བྱས་ཏེ། ནུས་ལྡན་སྒོས་དྲང་ཕྱོགས་ཀྱི་ནུས་པ་གཅིག་བསྡུ་དང་། སྤྱི་ཚོགས་སྟེང་གི་ཉེན་ཁ་སྣ་ཚོགས་འགོག་སྲུང་དང་ཞི་ལྷོད། ཚོད་འཛིན་བཅས་བྱ་དགོས་པ་དང་། མི་རིགས་སོ་སོས་མཉམ་དུ་འབད་བརྩོན་ལྷོད་མེད་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱ་རྒྱུ།-དམངས་འཚོའི་བདེ་སྐྱིད་ལ་སྔར་ལས་དོ་སྣང་བྱ་རྒྱུ། ངེས་པར་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་སྒྱུར་དང་མི་སེམས་གཅིག་ཏུ་བསྡུ་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་བཅས་བྱས་ཏེ། རིགས་སོ་སོའི་མི་དམངས་ལ་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་པ་དང་། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་རྒྱུ།-བཅོས་བསྒྱུར་སྒོ་འབྱེད་བྱེད་པར་སྔར་ལས་དོ་སྣང་བྱ་རྒྱུ། རང་ཞིང་ནི་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་དུ་ཡོད་པ་དང་། ལྟོས་བཅས་ཀྱིས་བཀག་སྡོམ་ཡིན་པས། ངེས་པར་བཅོས་བསྒྱུར་གྱི་ཁེ་སྤོགས་ཀྱིས་གནས་ཡུལ་གྱི་ཞན་ཆར་ཁ་གསབ་བྱེད་པ་དང་། སྒོ་འབྱེད་ཀྱི་འདུ་ཤེས་བཟུང་སྟེ་རང་འགུལ་གྱིས་འཛམ་གླིང་ཅན་གྱི་འཕེལ་རྒྱས་ཚ་རླབས་ཁྲོད་འདྲེས་པ་རྒྱུན་འཁྱོངས་བྱ་རྒྱུ། བསམ་བློ་བཅིངས་འགྲོལ་བྱེད་པ་རྒྱུན་འཁྱོངས་དང་གནས་བབ་དང་མི་མཐུན་པའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་རྐྱེན་སྲོལ་གྱི་བཀག་རྒྱ་མཐའ་གཅིག་ཏུ་མེད་པར་བཟོས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྟུད་མར་ཇེ་དྲག་ཏུ་གཏོང་རྒྱུ།-གཞི་རིམ་སྲ་བརྟན་དུ་གཏོང་བར་སྔར་ལས་དོ་སྣང་བྱ་རྒྱུ། ངེས་པར"གཞི་རིམ་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ"བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱོགས་ཞེན་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས། ཉམས་ཞན་ས་བསྟུད་མར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཏང་གིས་མི་རིགས་མང་པོའི་ས་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ། ས་བཅད་གསུམ་པ།འཕེལ་རྒྱས་ཀྱི་དམིགས་འབེན།ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱིའི་བླང་བྱ་ནི"གོམ་སྟབས་གཅིག"མངོན་དུ་བསྒྱུར་བ་དང་འབད་བརྩོན་སྒོས"ཁུལ་གསུམ"འཛུགས་སྐྲུན་བྱེད་པ། "མཐོ་ས་གཅིག"བསྐྲུན་དགོས་པ་སྟེ། ཀྲུང་དབྱང་གིས་བཏོན་པའི་ཚད་གཞི་དང་བླང་བྱ་ཡིད་ལ་དམ་པོར་བཟུང་ནས། 2020ལོར་ཐོན་དུས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་བསྐྲུན་ནས་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱ་རྒྱུ། འཕེལ་སྟངས་མྱུར་དུ་བསྒྱུར་ནས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱ་རྒྱུ། མངོན་གསལ་སྒོས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་རྒྱུ། ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་མཚོ་སྔོན་གྱི་བསམ་པའི་མཐོ་ས་བསྐྲུན་རྒྱུ་བཅས་སོ། སྤྱིའི་བླང་བྱ་འདི་གཏན་ཁེལ་བྱས་པ་ནི། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་མང་ཚོགས་ཀྱི་རེ་སྒུག་ལ་ལན་སྟེར་བ་དང་། བསྡུར་བའི་ཁྱད་སྟོབས་འབུར་དུ་ཐོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་ངར་ཤུགས་ལ་སྐུལ་མ་བཏང་བས། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་བ་གསར་སྐྲུན་བྱ་ཐུབ་ངེས།ཕྱིན་ཆད་ཀྱི་ལོ་ལྔའི་ནང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་དགོས་ན་གཏན་ལ་ཕབ་པའི་དམིགས་འབེན་དང་བླང་བྱའི་རྨང་གཞིའི་ཐོག་ནས་གཤམ་གྱི་དམིགས་འབེན་དང་བླང་བྱ་གསར་བ་མངོན་དུ་འགྱུར་བར་འབད་བརྩོན་བྱ་དགོས་པ་སྟེ། -སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བ་ཞིག་ཏུ་འབུད་རྒྱུ། རྒྱལ་ཡོངས་དང་རང་ཞིང་གི་རྩོལ་ནུས་ཁུལ་གཙོ་བོའི་འཆར་འགོད་དང་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། བཀག་སྡོམ་གསར་སྤེལ་ཁུལ་ནས་དོ་དམ་གྱི་རྩ་དོན་ནན་སྲུང་དང་། ཚོད་འཛིན་གསར་སྤེལ་ཁུལ་ནས་ཚོད་འཛིན་རྩ་དོན་ནན་སྲུང་བྱ་རྒྱུ། གནད་ཆེའི་གསར་སྤེལ་ཁུལ་ནས་གསར་སྤེལ་བྱེད་པའི་རྩ་དོན་ནན་སྲུང་བྱ་རྒྱུ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་འཕེལ་ཚད་ཆེན་པོ་འབྱུང་བ་དང་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ། ཐོན་ཁུངས་འཁོར་སྐྱོད་སྒོས་བེད་སྤྱོད་པའི་མ་ལག་ཐོག་མར་འཛུགས་པ། ནུས་ཁུངས་བེད་སྤྱོད་པའི་ཚད་ཇེ་མཐོར་གཏོང་བ། བཙོག་དངོས་ཕྱིར་འབུད་པའི་ཚད་ལུགས་དང་མཐུན་པར་ཚོད་འཛིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བ་དང་མཐུན་པའི་སྒྲིག་སྲོལ་དང་རྐྱེན་སྲོལ། བར་གསེང་གི་རྣམ་པ། ཐོན་ལས་གྲུབ་ཚུལ་དང་ཐོན་སྐྱེད་དང་འཚོ་བའི་བྱེད་སྟངས་བཅས་ཐོག་མར་ཆགས་སུ་འཇུག་པར་མ་ཟད། ལྗང་མདོག་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་བསླེབ་ཏུ་འཇུག་རྒྱུ། མི་རྣམས་ལ་གནམ་ངོ་དྭངས་ཤིང་ས་གཞིར་ལྗང་མདོག་གིས་བརྒྱན་ལ། ཆུ་བོ་དྭངས་གཙང་ཡིན་པའི་མཛེས་སྡུག་གི་ཁྱིམ་གཞིས་ཡོད་པར་བྱ་རྒྱུ།

-དཔལ་འབྱོར་འཕར་ཚད་མཐོ་འབྲིང་རྒྱུན་སྲུང་བྱ་རྒྱུ། རྒྱུན་ཚུལ་གསར་བར་རང་འགུལ་གྱིས་འཕྲོད་ཐབས་དང་སྐུལ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་ཁོང་ཡངས་རང་བཞིན། བསྟུད་མར་འཕེལ་འཐུས་པ་ཇེ་མཐོར་གཏོང་བའི་རྨང་གཞིའི་ཐོག2020ལོར་ཐོན་དུས། རྒྱལ་ནང་གི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ2011ལོ་ལས་ལྡབ་གཅིག་འཕར་བ་དང་། མི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་བསྡུར་ན་ལྟོས་བཅས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་རྒྱུ་དང་། ནོར་སྲིད་དངུལ་ལོརར་གྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་ཇེ་ལེགས་སུ་བཏང་ནས། དངུལ་གཏོང་ལས་ཕྱོད་དང་ཁེ་ལས་ཀྱི་ལས་ཕྱོད་ཇེ་མང་དུ་གཏོང་རྒྱུ་དང་། འཛད་སྤྱོད་དང་ཕྱིར་གཏོང་གིས་དཔལ་འབྱོར་འཕར་བའི་ཐད་བཞག་པའི་བྱས་རྗེས་མངོན་གསལ་གྱིས་ཇེ་མཐོར་གཏོང་རྒྱུ། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་མ་ལག་རགས་ཙམ་ཆགས་སུ་བཅུག་ཅིང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་སྒོས་གོང་དུ་སྤེལ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཞབས་ཞུ་ལས་རིགས་ཀྱི་བསྡུར་ཚད་སྔར་ལས་ཇེ་ཆེར་གཏོང་རྒྱུ། འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བའི་ཐད་ནས་འགག་སྒྲོལ་ཆེན་པོ་འབྱུང་བ་དང་། ཐོན་ལས་གསར་བ་དང་ལས་ཚུལ་གསར་བ་བསྟུད་མར་སྐྱེད་སྲིང་བྱེད་པ། སྤྱིར་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མྱུར་དུ་འཕེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་དེ་གསར་སྐྲུན་སྐུལ་སྤེལ་དུ་བསྒྱུར་བའི་ཐད་དོན་དངོས་རང་བཞིན་གྱི་གོམ་པ་སྤོ་རྒྱུ།-མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཀ་མངོན་གསལ་གྱིས་ཇེ་མཐོར་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབ་ཏུ་འཇུག་རྒྱུ། སློབ་གསོ་དེང་རབས་ཅན་གྱི་ཐད་འཕེལ་རྒྱས་ཆེན་པོ་འབྱུང་བ་དང་། ངལ་རྩོལ་མི་འབོར་ལ་སློབ་གསོ་ཐེབས་པའི་ལོ་ཚད་མངོན་གསལ་གྱིས་ཇེ་མང་དུ་གཏོང་རྒྱུ། ལས་ཞུགས་ཀྱི་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ་དང་སྤྱི་ཚོགས་འགན་སྲུང་གི་ཚད་གཞི་དང་རྒྱ་ཁྱོན་ཇེ་མང་དུ་འཕར་བ། སྨན་བཅོས་འཕྲོད་བསྟེན་སྒྲིལ་སྲོལ་བཅོས་བསྒྱུར་དང་རིན་མི་ལེན་པའི་སློབ་གསོའི་ཁེབས་ཚད། རྒན་གསོ་འགན་སྲུང་གི་ཆུ་ཚད། སྡོད་ཁང་ལེགས་བཅོས་བྱེད་པའི་ཚད་སོགས་དམངས་འཚོའི་བྱ་བ་ཁ་ཤས་མུ་མཐུད་དུ་ཇེ་བཟང་དུ་གཏོང་རྒྱུ། ཡོང་སྒོ་འབྲིང་ཙམ་ཡིན་པའི་ཚོགས་སྤྱིའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ད་སྤྱོད་ཚད་གཞིའི་འོག་གི་རོང་འབྲོག་པའི་དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་ཐར་བ་དང་དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་དུ་འཇུག་རྒྱུ། -སྤྱི་དམངས་ཀྱི་སྤུས་མཚག་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་རྒྱུ། ཀྲུང་གོའི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྔར་ལས་མིའི་སེམས་སུ་ཟུག་པ་དང་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་བ་དང་། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་དང་མཉམ་དུ་དར་རྒྱས་གོང་སྤེལ་གཏོང་བའི་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ། རང་བྱུང་ལ་བརྩི་འཇོག་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་དེང་རབས་ཅན་གྱི་དཔལ་ཡོན་འདུ་ཤེས་དང་གཞན་ཕན་བརྩོན་ལེན་དང་ཕན་ཚུན་ཡིད་ཆེས་ལ་རོགས་རམ་བྱེད་པའི་སྤྱི་ཚོགས་དར་སྲོལ་སྔར་ལས་སྟུག་ཅིང་། མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད། ལུས་ཁམས་བདེ་ཐང་གི་ཆུ་ཚད་བཅས་སྔར་ལས་ཇེ་མཐོར་གཏོང་རྒྱུ། སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་མ་ལག་ཕལ་ཆེར་འགྲུབ་པ་དང་རིག་གནས་མིང་གྲགས་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བར་འབུད་དུ་འཇུག་རྒྱུ། "རྡུལ་ཕྲན་གཉིས་དང་འཁོར་སྐར་གཅིག"གི་སྙིང་སྟོབས་དང"ལྷག་པར་ལྔའི"མཚོ་བོད་མཐོ་སྒང་གི་སྙིང་སྟོབས། "གཞན་གྱིས་ནུས་པ་ཏིལ་ཙམ་བཏོན་ན་རང་གིས་སྟོབས་ཤུགས་རི་འདྲ་འདོན་ངེས"ཞེས་པའི་དངོས་སྒྲུབ་སྙིང་སྟོབས་དང་ཡུས་ཧྲུའུ་ཡི་འགུལ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་བཅས་ཀྱིས་འཐུས་ཚབ་བྱས་པའི་མཚོ་སྔོན་གྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུད་འདེད་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ།-སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང"གནད་འགག་གི་མི་ཉུང་ཤོས"ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་སྟངས་ཀུན་ནས་འཛུགས་པ། བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་བསྟུད་མར་གཏིང་ཟབ་ཏུ་གཏོང་བ་དང་ཇུས་ཆོད་ཆེན་པོ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་ཉེན་ཁ་དཔྱད་དཔག་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་ཞིང་། ཕྱོགས་སོ་སོ་དང་རིམ་པ་ཁག་གི་ཁེ་ཕན་རེ་ཞུ་ལ་དུས་ཐོག་ཏུ་མཚོན་ཞིང་མཐུན་སྦྱོར་བྱེད་པ་དང་འགལ་བ་དང་རྩོད་གླེང་ཇེ་ལྷོད་དུ་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ། དྲང་ཕྱོགས་ཀྱི་ནུས་པ་ནུས་ལྡན་སྒོས་གཅིག་ཏུ་བསྡུ་རྒྱུ། གཞི་རིམ་གྱི་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ་དང་དགོན་པའི་དོ་དམ་ལ་ཚད་དང་ལྡན་ཞིང་གོ་རིམ་ལྡན་པ་དང་། བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཞིང་། སྤྱི་ཚོགས་སྔར་ལས་འཆམ་མཐུན་བརྟན་བརླིང་ཡོང་བར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྔོན་གྲས་སུ་ཚུད་དུ་འཇུག་རྒྱུ།-ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བརྟན་པོ་བྱ་རྒྱུ། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ཆེ་ས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཐག་གཅོད་རང་བཞིན་གྱི་འབྲས་བུ་ཐོབ་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ། ཁྲིམས་འཛིན་སྒྲིག་སྲོལ་སོགས་བཅོས་བསྒྱུར་བྱེད་པ་དེ་རྒྱལ་ཡོངས་ཀྱི་ཚོད་ལྟའི་དཔེ་སྟོན་དུ་འགྱུར་བ་དང་བཅོས་བསྒྱུར་འབོར་ཆེན་ཞིག་ནས་ཁྱད་ཆོས་དང་ལྷང་ངེ་ས་ཞིག་ཆགས་པར་བྱ་རྒྱུ། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་མ་ལག་ཕལ་ཆེར་ཆགས་ཤིང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་འཕེལ་རྒྱས་ཆེན་པོ་འབྱུང་དུ་འཇུག་རྒྱུ། མི་དམངས་དམངས་གཙོའི་རྒྱ་མུ་མཐུད་དུ་བསྐྱེད་པ་དང་ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྲུན་བསྟུད་མར་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛིན་གྱི་སྤྱི་རྟོན་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་རགས་ཙམ་ཆགས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་སྐྱེ་སྟོབས་མཉམ་དུ་སྐུལ་སྤེལ་བྱ་རྒྱུ།ཁྱིཐཾཁྱིཐཾཁྱིཐཾ

  ལེའུ་གཉིས་པ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་ཞིང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ད་དུང་མི་དྲག་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱ་བ་ད་དུང་གནས་སུ་འབྱོར་མེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ད་དུང་ཆ་ཚང་མིན་པ་སོགས་གནད་དོན་ཧུར་ཐག་གིས་ཐག་བཅད་ཅིང་། སྔར་ལས་ཀྱང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་དང་། ནུས་པ་ཅི་ཡོད་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་རྒྱུ།ས་བཅད་དང་པོ།སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་རྒྱུ།སྲུང་སྐྱོང་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་རང་བྱུང་ཁམས་སླར་གསོ་བྱེད་པ་གཙོ་བོར་བརྩི་བ། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་རྒྱུད་རིམ་ལྡན་པའི་རང་བཞིན། ནང་གནས་ཆོས་ཉིད་བཅས་ལྟར"བཀག་དངོས་གཅིག་དང་རྒྱུད་གཉིས"ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་འཐུས་ཚང་དུ་བཏང་སྟེ། 2020ལོར་སྐྱེ་ཁམས་བདག་སྐྱོང་ཁུལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུགཅིགམངའ་ཁོངས་གཙོ་བོའི་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ།སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། "སྐྱེ་ཁམས་བྲག་ལེབ་ཆེན་པོ་ལྔ"གཙོ་བྱས་ཏེ། རྩྭ་ཐང་དང་ནགས་ཚལ། རྩྭ་ས། རློན་ས། འཁྱགས་རོམ། ཆུ་བོ་དང་མཚེའུ། ཐང་རྒོད་སོགས་རང་བྱུང་སྐྱེ་ཁམས་མ་ལག་གི་བརྟན་རླིང་རང་བཞིན་དང་སྐྱེ་ཁམས་རྩོལ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་བྱ་དགོས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་གྲྭ་གཉིས་པ་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་། ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྩོམ་པ། རྩྭ་ཐང་སྔོ་ཁེབས་སྲུང་སྐྱོང་དང་སླར་གསོ་འབྱུང་བ་གཙོ་གནད་དུ་བཞག་ནས་སྐུལ་སྤེལ་དང་། ལྟག་ཆུ་སྐྱིལ་གསོག་གི་རྩོལ་ནུས་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བཅས་བྱ་རྒྱུ།མདོ་ལ་རི་བོའི་ལྟག་ཆུ་སྐྱིལ་གསོག་ཁུལ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། ནགས་ས་དང་རྩྭ་ས། རློན་ས་བཅས་ལ་སྲུང་སྐྱོང་དང་འཛུགས་སྐྲུན། ས་ཆུ་སྲུང་འཛིན། འཁྱགས་རོམ་ཁོར་ཡུག་སྲུང་སྐྱོང་སོགས་ལས་གྲྭ་བརྒྱུད་དེ། ཆུ་ནག་དང་ཧྲ་ལག་ཆུ་བོ། ཧྲི་དབྱང་ཆུ་བོ་སོགས་ཆུའི་འབྱུང་ཁུངས་ཀྱི་ནགས་རྩྭ་སྔོ་ཁེབས་ལ་དངོས་གནས་སྲུང་སྐྱོང་དང་། གཏེར་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་བྱེད་ཚུལ་ཚོད་འགོག་བྱེད་པ། ལྟག་ཆུ་སྐྱིལ་གསོག་གི་རྩོལ་ནུས་མཐོར་འདེགས་བཅས་བྱ་རྒྱུ།མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ། མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ་མགོ་བརྩམས་ཏེ། བཞུར་རྒྱུན་དང་ནགས་ས། རྩྭ་ས། རློན་ས་བཅས་ཀྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་བོ་བྱེད་པ་དང་། གསེར་ཉ་དང་བྱ་རིགས། དེ་མིན་རི་སྐྱེས་སྲོག་ཆགས་རྩ་ཆེན་བཅས་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ། བྱེ་འགྱུར་ཅན་གྱི་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། བཞུར་རྒྱུན་དང་ཆུ་བོའི་བཞུར་རྒྱུན་ཐོན་ཁུངས་བེད་སྤྱོད་བྱེད་པར་ཚོད་གཏོང་ནུས་ལྡན་བཅས་བྱས་ཏེ། སྲུང་སྐྱོང་དང་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་ཇེ་བརྟན་དུ་གཏོང་རྒྱུ།རྨ་ཆུ་དང་ཙོང་ཆུའི་ས་ཁུལ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་ཟབ་མོ་བྱས་ཏེ། ནགས་རྩྭ་སྔོ་ཁེབས་བྱེད་པར་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་སྤེལ་གཏོང་བ་དང་། ས་ཆུ་ཤོར་བ་སྔོན་འགོག་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། མི་སྡོད་ཁོར་ཡུག་ལེགས་སྒྱུར་གང་ཐུབ་བཅས་བྱས་ཏེ། མངའ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱ་རྒྱུ།ཚྭ་འདམ་གཞོང་གི་ལྟག་ཆུ་དཀྱིལ་གསོག་ཁུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ཀྱི་མགོ་བརྩམས་ཏེ། གདོད་མའི་སྐྱེ་ཁམས་ཀྱི་རྣམ་པ་སྲུང་སྐྱོང་གང་ཐུབ་བྱེད་པ་དང་། བྱེ་ཁུལ་གྱི་ནགས་རྩྭ་སྔོ་ཁེབས་སླར་གསོ་བྱེད་པ། ས་རྒྱུད་བ་ཚྭ་ཅན་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། ནགས་ཞིང་དང་རྩྭ་ཐང་། ས་ཆུའི་འོད་ཚའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་འོས་འཚམ་བྱེད་པ་བཅས་ཀྱིས། ཚ་འདམ་གཞོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ།གཉིས།སྐྱེ་ཁམས་སླར་གསོ་ལས་གྲྭ་སྐུལ་སྤེལ་བྱ་རྒྱུ།མངའ་ཁོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སྔོ་ཁེབས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། མཐོ་སྒང་གི་སྐྱེ་ཁམས་འཁོར་རྒྱུག་བཟང་བོ་བྱེད་པར་སྲུང་སྐྱོབ་བྱས་ཏེ། རྩྭ་སའི་སྔོ་ཁེབས་ཚད70%ལ་བསླེབ་པར་བྱ་རྒྱུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་རོགས་སྐྱོར་དང་བྱ་དགའ་སྟེར་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱས་ཏེ། མཐོ་སྒང་གི་རློན་ས་སྲུང་སྐྱོང་དང་བྱེ་འགྱུར་འགོག་བཅོས། མཐོ་གྲང་རྩྭ་ས་འཛུགས་སྐྲུན། ཤར་རྒྱུད་ས་ཁུལ་གྱི་ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཉམས་གསོ་ལས་གྲྭ་ལག་བསྟར་བྱེད་པ། ཕྱུགས་བསྐྱུར་རྩྭ་སྐྱོང་དང་རྨོ་བསྐྱུར་རྩྭ་སྐྱོང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། "བྱང་གསུམ"འགོག་སྲུང་ནགས་ཚལ། སྤྱི་ཕན་ནགས་ཚལ་གཙོ་བོ། ལྟག་ཆུ་དཀྱིལ་གསོག་ནགས་ཚལ། རྒྱལ་ཁབ་ཀྱི་མཚེའུ་བཟང་བོ། རློན་ས་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ཆེད་དོན་ལས་གྲྭ་ལ་མུ་མཐུད་དུ་སྐུལ་སྤེལ་བྱ་རྒྱུ། རྨ་ཆུ་དང་ཙོང་ཆུའི་འགྲམ་ངོགས་གཉིས་ཀྱི་ལྷོ་བྱང་རིའི་མངའ་ཁོངས་གཙོ་བོར་ནགས་སྐྲུན་ལྗང་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ནུས་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། དམིགས་སུ་བཟུང་ནས་སྲུང་སྐྱོང་བྱེད་པའི་མངའ་ཁོངས་དབྱེ་སྟེ། དཔེ་སྟོན་ལས་གཞི་སྤེལ་བ་དང་སྲུང་སྐྱོང་བྱ་རྒྱུ།གསུམ།རྨ་འབྲིའི་འབྱུང་ཁུངས་ཀྱི་ཆུ་བོ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། 2020ལོར་ཐོན་དུས། ས་ཆུ་ཤོར་བ་གསར་དུ་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4500ལ་བསླེབ་པ་དང་། ཞིང་ཆེན་ཡོངས་ཀྱི་རྨ་འབྲིའི་མཚེའུ་དང་ཆུ་མཛོད་རྩོལ་ནུས་ཁུལ་གྱི་ཆུ་སྤུས88%ཡན་ལ་བསླེབ་རྒྱུ། གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོའི་ལྟག་ཆུ་སྐྱིལ་གསོག་གི་རྩོལ་ནུས་ཇེ་དྲག་གཏོང་བ་དང་། བར་སྣང་གི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཁུལ་གཙོ་བོ་དང་ལྟག་ཆུ་སྐྱིལ་གསོག་ཁུལ། རྨ་འབྲིའི་འབྱུང་ཁུངས་ས་ཁུལ་དང་རློན་སའི་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ། "ཀྲུང་ཧྭའི་ཆུ་ལྕོགས"ལ་བདག་སྐྱོང་ལེགས་པོ་བཅས་བྱ་རྒྱུ། འཐུང་ཆུའི་འབྱུང་ཡུལ་ལ་སྲུང་སྐྱོང་ནན་མོ་བྱ་རྒྱུ་དང་། རྒྱལ་ཁབ་རིམ་པའི་འཐུང་ཆུའི་འབྱུང་ཡུལ3དང་ཞིང་ཆེན་རིམ་པའི་འཐུང་ཆུའི་འབྱུང་ཡུལ26གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་པ་དང་། སྤྱིར་བཏང་གི་འཐུང་ཆུའི་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ། རྫོང་མཁར་ཡན་གྱི་གྲོང་རྡལ་གྱི་གཅིག་བསྡུས་ཅན་གྱི་འཐུང་ཆུ་འབྱུང་ཡུལ་གྱི་ཆུ་སྤུས95%ལ་བསླེབ་པ་དང་། ཞིང་སྡེ་རུ་གཅིག་བསྡུས་ཆུ་འདོན་ཚད80%རུ་བསླེབ་པར་བྱ་རྒྱུ། ས་ཆུ་སྲུང་འཛིན་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། མདོ་ལ་རི་བོ་དང་ཆུ་ནག རྨ་འབྲི་རྫ་གསུམ་འབྱུང་ཡུལ། ཀན་མཚོ་ཉིན་གསུམ་གྱི་ས་སེར་དེའུ་འབུར་སོགས་རྒྱལ་ཁབ་རིམ་པ་དང་ཚྭ་འདམ་གཞོང་ས། མཚོ་སྔོན་པོའི་མཐའ་བསྐོར། རྨ་ཆུའི་ཡན་ལག་བཞུར་རྒྱུན་སོགས་ཞིང་ཆེན་རིམ་པའི་མངའ་ཁོངས་གཙོ་བོར་དམིགས་ནས། གནད་ཁྱོན་ཟུང་འབྲེལ་སྒོས་ས་ཆུ་ཤོར་བ་སྔོན་འགོག་དང་བཅོས་སྐྱོང་བྱས་ཏེ། འཐུས་ཚང་བའི་ཕྱོགས་བསྡུས་འགོག་བཅོས་མ་ལག་འཛུགས་རྒྱུ།ཆེད་བསྒྲིགས་ལེ་ཚན1པ།སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་གྲྭ་ཆེན་མོ།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ལས་རིམ་གཉིས་པ། རློན་ས་མུའུ་ཁྲི1413.6བཀག་གསོ་དང་། བྱེ་བཀག་རྩྭ་གསོ་མུའུ་ཁྲི153། རི་བཀག་ནགས་གསོ་མུའུ་ཁྲི120.45། མིས་བཟོས་ནགས་སྐྲུན་མུའུ་ཁྲི249། ཕྱུགས་སྐྱུར་རྩྭ་འདེབས་བྱེད་པའི་མུའུ་ཁྲི6150། ས་ནག་ཐང་བཅོས་སྐྱོང་མུའུ་ཁྲི544.95བཅས་དང་། ས་ཆུ་སྲུང་འཛིན་དང་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་སོགས་བྱ་རྒྱུ།མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ།རི་བཀག་ནགས་གསོ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་མུའུ་ཁྲི111.55ང་། བྱེ་འགྱུར་ཅན་གྱི་ས་ཞིང་བཅོས་སྐྱོང་མུའུ་ཁྲི5.13། རློན་ས་སྲུང་སྐྱོང་དང་འཛུགས་སྐྲུན་མུའུ་ཁྲི446.5། ཞན་འགྱུར་རྩྭ་ས་མུའུ་ཁྲི319.5བཅོས་སྐྱོང་བཅས་བྱས་ཏེ། ས་ཆུ་སྲུང་སྐྱོང་ལས་གྲྭ་དང་འཁྱགས་རོམ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་གྲྭ། དེ་མིན་ཚན་རྩལ་འདེགས་སྐྱོར་བཅས་བྱ་རྒྱུ།ཚྭ་འདམ་གཞོང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ།ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི22.08ལ་བསླེབ་རྒྱུ།རྨ་ཙོང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ། ཟི་ལིང་གྲོང་ཁྱེར་ལུའུ་ཞིན་ནགས་ཚལ་སྤྱི་གླིང་དང་། ཟི་ལིང་རྒྱལ་ཁབ་རིམ་པའི་མཁར་བསྐོར་སྐྱེ་ཁམས་སྤྱི་གླིང་། ཀྲུང་གོ(ཟི་ལིང)སྐྱེད་ཚལ་དངོས་མང་བཤམ་སྟོན་གླིང་། མཚོ་ཤར་ཙོང་ཆུའི་རློན་ས་སྤྱི་གླིང་། ནུབ་བྱང་རི་ལྗང་སྒྱུར། ས་ཆུ་ཤོར་བ་སྔོན་འགོག་དང་བཅོས་སྐྱོང་བྱེད་པ། མིས་བཟོས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི250དང་རྩྭ་ས་མུའུ་ཁྲི921ལེགས་སྒྱུར་བྱེད་པ།མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ། མངའ་ཁོངས་ཀྱི་ལྟག་ཆུ་དཀྱིལ་གསོག་གི་ནུས་པ་འཛུགས་སྐྲུན་དང་རློན་ས་སྲུང་སྐྱོང་། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། བྱེ་འགྱུར་ཅན་གྱི་ས་ཞིང་བཅོས་སྐྱོང་། སྐྱེ་ཁམས་ནགས་ཚལ་འཛུགས་སྐྲུན། མཁར་གྲོང་དང་ཞང་དང་སྡེ་བའི་གནས་སྐོར་ལྗོངས་ཁུལ་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་དང་། བཙོག་ཆུ་དང་གད་སྙིགས་གཙང་བཟོ་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན།