རྫ་སྟོད་རྫོང་གིས"1234"ཡི་སྡེ་ཁུལ་གྱི་ཏང་འཛུགས་བཟང་བོ་བསྐྲུན་པ།

  རྐང་ཚ་རྫོང་གི་ཞིང་ཆེན་དང་ཁུལ། རྫོང་བཅས་ནས་མངགས་པའི"ཧྲུའུ་ཅི་དང་པོ"7དང་སྡེ་བར་སྡོད་པའི་ལས་བྱེད་པ46གྲུབ་པའི་སྡེ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་གིས་དབུལ་སྐྱོར་བྱ་བའི་སྒྲིག་ཁྲིམས་ཀྱི་བླང་བྱ་ལྟར། ཁྱིམ་ཚང་དུ་སོང་ནས་ཤ་ཉེ་སྒྲིག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་འགུལ་གྱིས་དེའི་ནང་དུ་ཞུགས་ནས་གནད་ཁེལ་དབུལ་སྐྱོར་བྱེད་པའི་ཐད་བཀོད་པ་བཟང་བོ་འཐེན།

  རྐང་ཚ་རྫོང་གི་སྡེ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་གིས་ཁྱིམ་ཚང་དུ་སོང་བ་དང་དབུལ་ཕོངས་ཁྱིམ་ཚང་ལ"ཤ་ཉེ་སྒྲིག་པའི"བྱེད་ཐབས་སྤྱད་ནས། གནད་ཁེལ་དབུལ་སྐྱོར་སྲིད་ཇུས་དང་དོན་སྙིང་སོགས་ཀྱི་དྲིལ་སྒྲོག་བྱ་བ་སྤེལ་བས། རོགས་སྐྱོར་བྱ་ཡུལ་ལ་གནད་ཁེལ་དབུལ་སྐྱོར་བྱ་བའི་དོན་སྙིང་གལ་ཆེན་སྔར་ལས་ཤེས་སུ་བཅུག་པ་དང་། རོགས་སྐྱོར་བྱ་ཡུལ་རྣམས་ཀྱི་སྔ་མོ་ནས་དབུལ་ཐར་དང་མྱུར་དུ་ཕྱུག་པོར་བསྒྱུར་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་བསླངས། དུས་མཉམ་དུ་ཞིབ་བཤེར་མཐིལ་རྟོགས་བྱེད་པ་དང་། བྱ་བའི་རྩིས་ཐོ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་བ་སྤེལ་བས། རྗེས་སྐབས་སུ་སྲིད་ཇུས་དང་རྣམ་གྲངས་ཀྱི་གནད་ཁེལ་དབུལ་སྐྱོར་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

  སྡེ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་གི་ནུས་པ་མཐོར་འདེགས་བྱེད་པ་དེ་གནད་ཁེལ་དབུལ་སྐྱོར་བྱ་བའི་གནད་འགག་ཏུ་བརྩིས་ཏེ། སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་པ་དང་གཞི་རིམ་གྱི་རྩ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་དོན་དངོས་བསྒྲུབ་པ་དང་ཞབས་འདེགས་ཞུ་བ། བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་སུ་སྡེ་བའི་ལས་བྱེད་པས་བཀོད་པ་འཐེན་པ་དང་། སྡེ་བ་རེ་རེའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་གིས་བྱ་བ་བཟང་པོར་བསྒྲུབ་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས།

  མིག་སྔའི་བར་དུ། རྐང་ཚ་རྫོང་གི"ཧྲུའུ་ཅི་དང་པོ"དང་དབུལ་སྐྱོར་བྱ་བའི་རུ་ཁག་གིས་དབུལ་ཕོངས་སྡེ་བ15དང་རྗེས་ལུས་སྡེ་བ2ལ་གནད་ཁེལ་དབྱེ་འབྱེད་བྱ་བ་སྤེལ་བ་དང་། རོང་འབྲོག་པ་ཁྱིམ་ཚང2300ལྷག་ལ་འཚམས་འདྲི་ཞུ་བ། དབུལ་ཕོངས་ཁྱིམ་ཚང411ལ་གནད་ཁེལ་དབྱེ་འབྱེད་བྱས་པ་མ་ཟད། ཐོན་ལས་སྤེལ་བའི་འཆར་གཞི15གཏན་འཁེལ་བྱས་པ་རེད།།

  2016ལོའི་དུས་དེབ་ལྔ་བ།

  (རྟ་མགྲིན་མཚོས་བསྒྱུར།)