༄༅།།ཀྲུང་གོའི་སྨན་བཅོས་སྒྱུར་བཅོས་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ།

  འཛམ་གླིང་དངུལ་ཁང་གི་འཕྲོད་བསྟེན་དང་དཔལ་འབྱོར་རིག་པའི་དབུ་བཞུགས་མཁས་ཅན་ལན་ཀེན་པོ་ཡིས།

  འདི་ག་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ།འཛམ་གླིང་དངུལ་ཁང་གི་འཕྲོད་བསྟེན་དང་དཔལ་འབྱོར་རིག་པའི་དབུ་བཞུགས་མཁས་ཅན་ལན་ཀེན་པོ་ཡིས་ཉེ་ཆར《ཀྲུང་གོར་སྨན་བཅོས་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པའི་གོམ་སྟབས་གསར་པ》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ནས་དེའི་ནང་2009ལོར་ཀྲུང་གོ་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་ནས་ད་བར་ཀྲུང་གོའི་སྨན་བཅོས་སྒྱུར་བཅོས་ལ་སྔར་ན་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་ཡོད་པ་རེད།

  ཀྲུང་གོར་བཅའ་སྡོད་འཛམ་གླིང་དངུལ་ཁང་འཐུས་མི་ཁྲུའུ་མིའི་རིགས་འཕེལ་རྒྱས་པུའུ་ཡི་དེ་སྔའི་ཀྲུའུ་རེན་གྱི་འགན་འཁུར་མྱོང་ཡོད་པའི་ལན་ཀེན་པོ་ཡིས་2008ལོ་ནས་བཟུང་ཀྲུང་གོའི་འཕྲོད་བསྟེན་དཔལ་འབྱོར་དང་སྨན་བཅོས་འགན་བཅོལ་འཕེལ་རྒྱས་དང་ཞིབ་འཇུག་ལས་ཀའི་འགན་གཙོ་བོ་འཁུར་འགོ་བཙུགས་པ་དང་ཀྲུང་གོའི་སྨན་བཅོས་སྒྱུར་བཅོས་ཐད་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་མྱོང་ཡོད།ཁོང་གིས་ཀྲུང་གོའི་སྨན་བཅོས་སྒྱུར་བཅོས་ནི་འདུ་འགོད་ཤིན་ཏུ་ཆེན་པོ་ཞིག་རེད།དུས་ཡུན་ལོ་བཅུའི་རིང་གི་སྒྱུར་བཅོས་འཆར་གཞིའི་དུས་མཚམས་དང་པོར་ཀྲུང་གོ་སྲིད་གཞུང་གིས་འདས་པའི་ལོ་གསུམ་ནང་ཨ་སྒོར་དུང་ཕྱུར་1250ཟིན་པའི་འཁོར་རྒྱུག་མ་དངུལ་བཏང་ནས་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ཁག་ལྔར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྨན་བཅོས་འགན་ལེན་ཁྱབ་ཚད་དེ་རྒྱལ་ཡོངས་ཀྱི་མི་འབོར་95%ལ་ཁྱབ་པ་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།

  ལན་ཀེན་པོ་ཡིས་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ཏུ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་གྲོང་གསེབ་གྲོང་ཁྱེར་ཅན་དུ་གྱུར་པ་དེས་ཀྲུང་གོས་དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད་ཅེས་བརྗོད་པ་རེད།

  ལན་ཀེན་པོ་ཡིས་མིག་སྔའི་བར་ཀྲུང་གོའི་སྨན་བཅོས་སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་དེ་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་འཁོར་སྐྱོད་བྱེད་འགོ་བཙུགས་ཚུན་ནས་ཁྱབ་ཁྱོན་ཆེ་རུ་གཏོང་བ་དང་རྒྱུན་བསྲིང་སྒྱུར་བཅོས་བྱས་པའི་བར་སྤྱི་ཁོག་དཔལ་འབྱོར་དོ་སྙོམས་བསྐྱར་མ་ཡོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བའི་ངོས་འཛིན་བྱས་པ་དང་།ཁོང་གིས"དམིགས་བསལ་གླེང་དགོས་པ་ཞིག་དང་མི་རྣམས་ཧང་སངས་དགོས་པ་ཞིག་ནི་འདས་པའི་དུས་ཐུང་ལོ་བཅུའི་ནང་གྲོང་གསེབ་ས་ཁུལ་གྱི་སྨན་བཅོས་འགན་བཅོལ་གྱི་གཞི་ཁྱོན་ཡང་མི་དུང་ཕྱུར་8ལྷག་ཙམ་བར་རྒྱ་ཆེར་སོང་ཡོད་པ་དེ་རེད"ཅེས་བརྗོད་པ་རེད།

  (རྩོམ་སྒྲིག་འགན་ཁུར་བ།མཚམས་གཅོད།)