༄༅།།མཛའ་གཅུགས་ཟབ་མོའི་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་གཟབ་རྒྱས་ལ་དགའ་སྤྲོས་བསུ་བ་ཞུ་བ།

  འདི་ག་ཚགས་པར་གྱི་གསར་འགོད་པ།ཀྲང་དབྱང་གིས།

  --ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འཕྲིན་ཡིག་སྤྲིངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རེ་བྱེད་པ།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་ཚོགས་ཉེར་ཡོད་པའི་སྐབས་དེར་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ལ་མེས་རྒྱལ་ས་ཆ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་སྤྲིངས་པའི་ཡི་གེ་རྒྱུན་ཆད་མེད་པར་འབྱོར་གྱི་ཡོད།འཕྲིན་ཡིག་དེ་དག་ནང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པ་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་ཚོགས་ཚུན་རང་རྒྱལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ནས་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དང་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་མཚོན་པར་བྱེད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུའི་རེ་སྒུག་ཟབ་མོ་བྱེད་པའང་མཚོན་ཡོད་པ་རེད།

  འོད་སྟོང་འབར་བའི་གྲུབ་འབྲས་རྒྱས་བྲིས་བྱེད།

  ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་ལོ་88ལ་སླེབས་པའི་ཞིན་སི་ཅུན་དམག་སྡེའི་འཐབ་འཛིང་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་ཡིན་པའི་ཐན་ཅིན་པའོ་དང་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་ལི་ཏ་ཝུའེ་སོ་སོས་ཡི་གེའི་ནང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློར་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བར་གྲུབ་འབྲས་ཧ་ཆང་ཆེན་པོ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

  ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་མི་རིགས་ལམ་ཆེན་ཨང་63པའི་ལི་ཅིང་གིས་ཡི་གེའི་ནང་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་མཚན་ཨང་གཉིས་པར་གྱུར་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་ཅེས་འཁོད་ཡོད་པ་རེད།

  ཨན་ཧུའེ་ཞིང་ཆེན་ཞོན་ཁྲེང་གྲོང་ཁྱེར་ཆིང་དབྱི་ཅང་དོ་དམ་ཁྲུའུ་ཡི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཁྲེན་ཞོན་ལེའང་གིས་ཡི་གེའི་ནང་ཏང་ཀྲུང་དབྱང་གིས་དམངས་འཚོར་ཚད་མཐོའི་མཐོང་ཆེན་གནང་བ་དང་མི་དུང་ཕྱུར་བཅུ་ཕྲག་ཁ་ཤས་ལ་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་ལེན་མ་ལག་བསྐྲུན་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་དང་ཕུན་སུན་ཚོགས་པོར་གྱུར་ཡོད་ཅེས་འཁོད་ཡོད།གྲོང་ཁྱེར་ནས་གྲོང་གསེབ་བར་དང་།རྒན་རྒོན་ནས་ན་གཞོན་བར།རིགས་གཅིག་མཁས་ཅན་ནས་བཟོ་པ་དང་ཞིང་པ་བར།ཏང་ཡོན་ནས་དམངས་གཙོའི་ཏང་ཤོག་མི་སྣ་དང་སྤྱིར་བཏང་གི་མང་ཚོགས་བར་ལ་སོགས་པས་བསྐུར་བའི་ཆེ་ཆུང་མི་འདྲ་བ་དང་ཚོན་མདོག་མི་འདྲ་བའི་ཡིག་སྐོགས་ནང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྤོབས་སེམས་སྐྱེ་འོས་ལུགས་མཚོན་པའི་ཡི་གེ་བླུགས་ཡོད་པ་རེད།

  ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱེད།

  ཁྲུང་ཆིང་གྲོང་ཁྱེར་ཏང་གི་སློབ་གྲྭའི་ཧོང་ཀྲུང་ལིས་ཡི་གེའི་ནང་ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་ཡོ་རོབ་ཀྱི་བུ་ལོན་གྱི་ཉམས་ཉེན་སོགས་ཛ་དྲག་པའི་དུས་བབ་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགག་རྩ་ནི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་མཁས་མཛངས་ལྡན་པའི་འཐབ་ཇུས་ལ་རག་ལུས་ཡོད་ཅེས་འཁོད་ཡོད་པ་རེད།

  ཨན་ཧུའེ་ཞིང་ཆེན་ཧོའེ་ཉིང་རྫོང་ཆིང་ཧོ་ཤང་གི་ཞིང་པ་ཏོན་ཆི་ཀྲུང་གིས་ཡི་གེའི་ནང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་ཁྲིད་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལག་བསྟར་བྱས་པ་དང་།དབུས་རྒྱུད་དར་བར་སྐུལ་འདེད་བཏང་བ།བྱང་ཤར་གྱི་བཟོ་ལས་རྟེན་གཞི་རྙིང་པ་དར་བ་བྱས་པ།བློ་གཅིག་སེམས་གཅིག་ངང་མང་ཚོགས་ལ་ཕན་བདེ་སྐྲུན་པ་བཅས་གནང་བས་ང་ཚོས་སྙིང་ཐག་པ་ནས་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  ཧོ་པེ་ཞིང་ཆེན་ཞིང་ཐང་རྫོང་ཡང་བའི་བཟོ་ལས་སྤྱི་ཁྱབ་ཀུང་སི་གཉིས་པའི་དབྱང་ཝུན་ཧའེ་ཡིས་ཡི་གེའི་ནང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་དོན་བཟང་དང་དོན་དངོས་མང་པོ་སྒྲུབ་ནས་མང་ཚོགས་ལ་ཁེ་ཕན་ཏན་ཏིག་ཐོབ་པར་སྙིང་དབུས་ནས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝེ་ལི་རྫོང་ཐ་ལི་མུ་ཤང་དབྱིང་ནུའུ་ཨར་གྲོང་ཚོའི་གྲོང་མི་ཨ་ལི་ཕུའུ་ཁེ་ཡིའུ་མུ་ཡིས་ཡི་གེའི་ནང་ཏང་ཀྲུང་དབྱང་གིས་ཤིན་ཅང་གི་དཔལ་འབྱོར་རམ་སྤྱི་ཚོགས་འཕེལ་རྒྱས་དང་།སྤྱི་ཚོགས་ཡུན་རིང་བདེ་འཁོད།མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཚད་མཐོའི་མཐོང་ཆེན་གནང་བས་མང་ཚོགས་ལ་ཏང་གི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱུང་བ་ཏང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  ལྷག་བསམ་རྣམ་དག་གི་ཚིག་སྦྱོར་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་མང་ཚོགས་ཀྱིས་མྱོང་ཚོར་དངོས་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ཏང་ཀྲུང་དབྱང་ལ་དད་མོས་དང་གུས་བཀུར་དང་བཀའ་དྲིན་དྲན་སེམས་མཚོན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་བདེ་སྡུག་མཉམ་མྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་ཐུན་མོང་ཐོག་དོན་གཉེར་བྱེད་པའི་ཉ་ཆུ་ལྟ་བུའི་བརྩེ་སེམས་མཚོན་པར་བྱས་ཡོད་པ་རེད།

  ཀྲུང་གོར་དམངས་སེམས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ།

  པེ་ཅིང་འགྲིམ་འགྲུལ་སློབ་ཆེན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་ཀྲེན་ཧྥུང་དང་ཧུའུ་ནན་ཞིང་ཆེན་ལན་ཡོན་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ལི་ཤུས་ཧན་སོ་སོས་ཡི་གེའི་ནང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་ཟླ་11ཚེས་8ཉིན་འཚོག་རྒྱུ་ཡིན་པས་ད་ཐེངས་ཀྱི་ཚོགས་འདུ་གལ་ཆེན་དེས་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་རེད་ཅེས་འཁོད་ཡོད་པ་རེད།

  ཀྲེ་ཅང་ཞིང་ཆེན་ཡུས་ཡའོ་གྲོང་ཁྱེར་ཏི་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་གུང་ཁྲན་ཏང་ཡོན་རེན་གོ་ལེང་གིས་གསར་རྩོམ་བྱས་པའི《ཏང་ལ་བསྟོད་གླུ་འབུལ་བ》ཞེས་པའི་གཞས་ཚིག་ནང"ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པའི་སྐབས་དེར་ཡར་བརྩོན་གྱི་དུང་སྒྲ་བསྒྲགས་ནས་ང་ཚོས་དགའ་འབོད་གླུ་ལེན་ཡང་ཡང་བྱས་ནས་ཆེས་གཅེས་པར་འོས་པའི་ཏང་ལ་སྨོན་འདུན་ཞུ"ལུགས་མཚོན་པར་བྱས་ཡོད་པ་རེད།

  འབྲས་ལྡན་དུས་ཀྱི་ཚོགས་འདུ་གཟབ་རྒྱས་དེར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཅིང་།སྙིང་དབུས་ཀྱི་སྐད་ཆ་རེ་རེ་དང་སྙིང་དབུས་ཀྱི་འདུན་པ་རེ་རེ་ལས་ལས་རིགས་ཁག་གི་མང་ཚོགས་ཀྱིས་འཕྲིན་ཡིག་སྤྲིངས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་དུ་ཏང་གི་བཀའ་དྲིན་བརྟན་པོར་ངེས་པའི་བརྩེ་སེམས་ཟབ་པའི་བསྟོད་གླུ་བརྒྱུད་སྤེལ་དང་མི་དམངས་མང་ཚོགས་ཀྱིས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་མེ་ལྕེ་ལྟ་བུའི་བརྩེ་སེམས་མཚོན་པར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད།