༄༅།།ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་ཁྲིམས་འཛིན་གྲུ་གཟིངས་དཔུང་རུས་མུ་མཐུད་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་བདག་དབང་སྲུང་སྐྱོང་གི་སྐོར་ཞིབ་གྲུ་གཟིངས་བཏང་བ།

  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པར་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱུང་བར།ཟླ་10ཚེས་28ཉིན་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་དཔུང་རུ་50དང་།152649བཅས་ཀྱིས་མུ་མཐུད་ཏེའོ་ཡུས་གླིང་ཕྲན་གྱི་རང་རྒྱལ་གྱི་མངའ་ཁོངས་རྒྱ་མཚོར་བདག་དབང་སྲུང་སྐྱོང་གི་སྐོར་ཞིབ་གྲུ་གཟིངས་བཏང་བ་རེད།རང་རྒྱལ་གྱི་མཚོ་ཐོག་ལྟ་ཞིབ་དཔུང་རུས་རང་རྒྱལ་གྱི་མཚོ་ཁོངས་སུ་ཐོན་པའི་རི་པིན་ཕྱོགས་ཀྱི་སྐོར་ཞིབ་གྲུ་གཟིངས་དང་གྲུ་གཟིངས་གཞན་ལ་མུ་མཐུད་འགུགས་བརྡ་བཏང་ནས་རང་རྒྱལ་གྱི་བདག་དབང་གི་ལངས་ཕྱོགས་གསལ་བཤད་བྱས་པ་དང་རི་པིན་ཕྱོགས་ཀྱི་གྲུ་གཟིངས་འཕྲལ་མར་རང་རྒྱལ་གྱི་མཚོ་ཁོངས་ནས་ཁ་བྲལ་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད་དབང་ཆར་གནོད་འཚེ་གཏོང་བའི་རི་པིན་ཕྱོགས་ཀྱི་བྱེད་སྤྱོད་ལ་ལྟ་ཞིབ་དང་དཔང་རྟགས་འཚོལ་ཞིབ་ཀྱང་བྱས་པ་རེད།