༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ཕྱིར་འཚོང་བྱས་གྲངས་26.7% བར་འཕར་བ།

  མི་དམངས་དྲ་བའི་འཕྲིན།ཟླ་10ཚེས་29ཉིན་འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ཏུའུ་ཧེ་ཐའོ)འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཕྱིར་འཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་17145.6མངོན་འགྱུར་བྱས་ཤིང་།ལོ་གོང་མའི་དུས་མཉམ་དང་བསྡུར་ན་26.7%འཕར་བ་རེད།