༄༅།།ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་པུས་མཚོ་བོད་ལྕགས་ལམ་གྱི་ཁོར་ཡུག་ལ་གདེང་འཇོག་དང་ཞིབ་དཔྱད་བྱས་པ།

  འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར་གསར་འགོད་པས་ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར་།"གངས་ལྗོངས་མཁའ་ལམ"ཞེས་བརྗོད་པའི་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་ཞིབ་དཔྱད་བྱེད་པའི་ལས་དོན་ཡོངས་སུ་མཇུག་འགྲིལ་བ་དང་ཞིབ་དཔྱད་བྱས་འབྲས་ལ་མི་རྣམས་བློ་ཡིད་འཚིམ་པོ་བྱུང་ཡོད།མཚོ་བོད་ལྕགས་ལམ་སྐྲུན་སྐབས་ཁོར་ཡུག་སྲུང་སྐྱོང་ཐད་སྤྱད་པའི་བྱ་ཐབས་ཁག་ཚང་མར་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།

  ཟླ་10པའི་ཚེས་ཤར་དུ་ཁོར་ཡུག་སྲུང་སྐྱོང་པུས་མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་དངོས་སུ་ཞིབ་བཤེར་བྱས་རྗེས་མཚོ་བོད་ལྕགས་ལམ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད།ཞིབ་དཔྱད་བྱས་འབྲས་ལས་མཚོ་བོད་ལྕགས་ལམ་ལས་གྲྭའི་ཁྲོད་བསྐྲུན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བགྲོད་ལམ་དང་།སྔོ་ཁེབས་སླར་གསོ་དང་།འཁྱགས་ས་སྲུང་སྐྱོང་།འདམ་ར་སྲུང་སྐྱོང་།མཛེས་ལྗོངས་སྲུང་སྐྱོང་།སྦགས་བཙོག་བཅོས་སྒྲིག་བཅས་ཀྱི་བྱ་ཐབས་སྤྱད་པ་ཚང་མར་སྔོན་དཔག་གི་ཕན་འབྲས་ཐོན་པ།ལས་གྲྭའི་ལམ་རྒྱུད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གནས་སྤོའི་ཆ་རྐྱེན་དང་།ས་མཐོའི་མཐོ་གྲང་སྔོ་ཁེབས།འདམ་རའི་སྣོད་བཅུད་མ་ལགལོ་མང་འཁྱགས་ཐེབས་ཀྱི་ཁོར་ཡུགགཙང་གསུམ་ཆུ་འགོའི་ཆུའི་སྤུས་ཚད།ལྕགས་ལམ་གཞོགས་གཉིས་ཀྱི་རང་བྱུང་མཛེས་ལྗོངས་བཅས་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ལས་གྲྭ་འཛུགས་སྐྲུན་དང་རང་བྱུང་ཁོར་ཡུག་ཞི་མཐུན་བྱུང་བའི་ངོས་འཛིན་བྱས་པ་རེད།

  2006ལོའི་ཟླ་7ཚེས་1ཉིན་ནས་བཟུང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཚུན་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་པ་དང་དུས་མཚུངས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་འབད་བརྩོན་འོག་མཚོ་བོད་ལྕགས་ལམ་འཁོར་སྐྱོད་བདེ་བླགས་བྱུང་བའི་ལོ་6རིང་ད་དུང་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་ལས་འགན་ཡང་འཁུར་ཡོད་པ་རེད།

  (རྩོམ་སྒྲིག་འགན་ཁུར་བ།ལྷ་ལུང་།)