༄༅།།ཨ་རི་སྲིད་གཞུང་གིས་ནུས་རྒྱུའི་ཕྱི་འབྲེལ་སྲིད་ཇུས་ཁྱབ་གདལ་གཏོང་རྒྱུའི་ནན་བཤད་བྱས་པ།

  འདི་ག་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ།ཉིན་ཤས་གོང་ཝ་ཧྲིང་ཐོན་དུ་ཡོད་པའི་ཆའོ་ཀྲེ་ཏུན་སློབ་ཆེན་དུ་ཨ་རིའི་རྒྱལ་དོན་བློན་ཆེན་ཤིས་ལ་ལི·ཁེ་ལིན་ཏུན་གྱིས"དུས་རབས་21པའི་ནུས་རྒྱུའི་ཕྱི་འབྲེལ"སྲིད་ཇུས་ཐད་ཀྱི་གཏམ་བཤད་སྤེལ་ནས་ཨ་རིའི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་འཐབ་ཇུས་ཀྱི་ཀ་རྟེན་གསུམ་པོ་ནི་ནུས་རྒྱུའི་ཕྱི་འབྲེལ་འཛུགས་རྒྱུ་ཁྱབ་གདལ་གཏོང་བ་དང་།ནུས་རྒྱུ་གཙང་མ་སྤྱོད་རྒྱུ་ཁྱབ་གདལ་གཏོང་བ།ནུས་རྒྱུ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཡིན་ཞེས་གསུངས་པ་རེད།

  ཁེ་ལིན་ཏུན་གྱིས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཁྲོད་ནུས་རྒྱུས་ནུས་པ་གཙོ་བོ་འདོན་གྱི་ཡོད་པ་དེ་རྩ་བའི་རྒྱུ་རྐྱེན་གསུམ་ལ་ཐུག་པ་སྟེ།གཅིག་ནས་ནུས་རྒྱུ་དེ་རྒྱུ་ནོར་དང་དབང་ཆ་དང་འབྲེལ་བ་ཡོད་པས་རྩོད་པ་ཤོར་རྐྱེན་དུ་འགྱུར་སྲིད་ལ་མཉམ་ལས་བྱེད་རྐྱེན་དུའང་འགྱུར་སྲིད་པས་ས་ཁོངས་ཆབ་སྲིད་ཀྱི་ལྟེ་བ་ཡིན་པ་དང་།གཉིས་ནས"དུས་རབས་21པར་ང་ཚོས་ཇི་ལྟར་བྱས་ནས་ང་ཚོའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་ང་ཚོའི་ཁོར་ཡུག་ལ་དོ་དམ་བྱེད་པར་ནུས་རྒྱུ་དེས་ནུས་པ་གལ་ཆེན་ཞིག་ཐོན་གྱི་ཡོད་པ"གསུམ་ནས་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་བརྟན་ལྷིང་ཡོང་རྒྱུར་ནུས་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་རེད།

  ཁེ་ལིན་ཏུན་གྱིས་ཨ་རིའི་ནུས་རྒྱུའི་ཕྱི་འབྲེལ་གྱི་གཙོ་གནད་གཞན་ཞིག་ནི་ནུས་རྒྱུའི་ཁྱབ་ཁོངས་ནང་གི་འགྲན་རྩོད་ལ་སྐུལ་འདེད་བཏང་སྟེ་སྒེར་སྡོམ་བྱེད་པར་བཀག་འགོག་བྱ་རྒྱུ་དེ་ཡིན་ཞིང་།གང་ལགས་ཤེ་ན།ནུས་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པས་ཡིན་ཞེས་གསུངས་ཤིང་།ཁོང་གིས་མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒལ་ཡོད་པ་དང་།ཀྲུང་གོ་དང་རྒྱ་གར་གྱི་ནུས་རྒྱུའི་དགོས་མཁོ་དེ་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཆེ་རུ་སོང་ཁར་ཨེ་ཤེ་ཡ་དབུས་མ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ནུས་རྒྱུའི་དགོས་མཁོ་དེ་ཡང་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྙན་ཞུའི་ནང་ས་ཧ་ལའི་ལྷོ་རྒྱུད་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་དཔལ་འབྱོར་དུས་སང་ཅུང་མགྱོགས་ཙམ་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུ་རེད་ཅེས་བསྟན་པ།ཤིན་ཧྭ་གསར་འགྱུར་ཁང་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ།ཉེ་ཆར་ནེ་རོ་པི་རུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་སྤེལ་བའི་ས་ཧ་ལའི་ལྷོ་རྒྱུད་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་དཔལ་འབྱོར་ལ་རྒྱང་ལྟ་བྱེད་པའི་སྙན་ཞུའི་ནང་2013ལོར་ས་ཧ་ལའི་ལྷོ་རྒྱུད་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཅུང་མགྱོགས་ཙམ་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཆ་སྙོམས་འཕར་ཚད་5%ལས་བརྒལ་རེ་ཡོད་ཅེས་བསྟན་ཡོད།

  (རྩོམ་སྒྲིག་འགན་ཁུར་བ།ལྷ་ལུང་།)