ཝང་ཆན་ཀན་གྱིས《"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འབྱུང་རྐྱེན》གླེང་བ།

  རྩོམ་ཡིག་ནང་བསྟན་དོན། "ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འདི་ཆེས་ཐོག་མར་བཀོལ་བ་ནི་སུང་རྒྱལ་རབས་ལྷོ་མའི་སྙན་ངག་པའམ་རི་མོ་པ་ཀྲིན་སི་ཞའོ་རེད། ཉེ་རབས་སུ་ཕྱིན་རྗེས་བཙན་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་བྱས་པ་དང་ཀྲུང་གོའི་དབུལ་ཕོངས་ཉམས་ཞན་གྱི་རྣམ་པར་དམིགས་ནས། ཕུགས་བསམ་ཡོད་མཁན་རྣམས་ཀྱིས་རྒྱལ་སྐྱོབ་འཆར་གཞི་སྣ་ཚོགས་བཏོན་པ་དང་། "ཀྲུང་གོའི་ཕུགས་འདུན"སྣ་ཚོགས་བཏོན། 1932ལོར《ཤར་ཕྱོགས་དུས་དེབ》སྟེང"ཀྲུང་གོའི་ཕུགས་འདུན"བསྙེག་པའི་རྩོམ་ཡིག་བསྡུས། 1987ལོར་གཏམ་བརྗོད་ཟློས་གར《ཀྲུང་གོའི་ཕུགས་འདུན》འཁྲབ་སྟོན་བྱས་རྗེས། མི་ཁ་ཤས་ཀྱིས"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འདི་བཀོལ་མགོ་བརྩམས། 2006ལོར་ཕྱི་འབྲེལ་སློབ་གླིང་གི་ཡོན་ཀྲང་ཝུའུ་ཅན་མེན་སོགས་ཀྱིས་བཏོན་ནས"ཀྲུང་གོའི་ཕུགས་འདུན་དང་འཆམ་མཐུན་འཛམ་གླིང"ཞེས་པའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ།"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འདིར་གྲོས་མོལ་རྒྱ་ཆེན་པོ་བྱས། 2012ལོའི་ཟླ11པའི་ཚེས29ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་ནང་བསྡུས་པའི《བསྐྱར་དར་བགྲོད་ལམ》ཞེས་པའི་འགྲེམ་སྟོན་ལ་གཟིགས་ཞིབ་མཛད་དུས"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འདིར་རྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་གནང་། དེ་ནས"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འདི་སྤྱི་ཚོགས་ཐོག་གླེང་མང་ཞིང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པའི་སྐུལ་སློང་དུང་བརྡ་ལྟ་བུར་གྱུར། །

  དཀར་ཆག

  རྒྱལ་ཁབ་སྡོམ་རྩིས་ཅུས་ཟི་ལིང་བརྟག་དཔྱད་རུ་ཁག་གིས་ཟླ2པའི་ཚེས27ཉིན་བསྒྲགས་པའི་བརྟག་དཔྱད་ཞིབ་འཇུག་དཔྱད་གཞི་ཡིག་རིགས་ལས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་བར། ཟི་ལིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི226.76ལ་བསླེབས་པས། སྔོན་ལོ་ལས0.90%འཕར།

  2013ལོར། ཟི་ལིང་གྲོང་ཁྱེར་དུ་ཕྲུ་གུ་ཁྲི2.26སྐྱེས་པ་དང་མི་ཁྲི1.02ཤི་སོང་། སྐྱེས་ཚད10.02‰དང་ཤི་ཚད4.53‰ཡིན་པ་དང་། རང་བྱུང་འཕར་ཚད5.49‰རེད། དེའི་ནང་དུ་གྲོང་ཁྱེར་གྱི་མི་གྲངས་ཁྲི123.91དང་། རྫོང་གསུམ་གྱི་མི་གྲངས་ཁྲི102.85ཡོད་ལ། གྲོང་ཁྱེར་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི58.81ཡོད་པས། རྒྱུན་སྡོད་མི་གྲངས་ཀྱི25.93%ཟིན་ཡོད།།

  བློ་མཐུན་ཅའོ་ཡུས་ལུའོ་ནི་མི་དམངས་ཀྱི་གཞུང་ཞབས་པ་བཟང་བོ་དང་ལས་བྱེད་པའི་མིག་དཔེ་བཟང་བོ་ཞིག་ཡིན། ཁོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅིའི་སྣང་བརྙན་བཟང་བོ་བཞེངས་བསྐྲུན་བྱས། ང་ཚོས་དུས་ད་ལྟ་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལས་བྱེད་པའི་སྤྱོད་ཚུལ་ལེགས་བཅོས་བྱེད་སྐབས། ཁོང་གི་མི་གཤིས་བཟང་བོ་དང་གཞུང་ཞབས་པའི་བསམ་བློ་བཟང་བོ། དུས་ནམ་ཡང་མང་ཚོགས་བསམ་པའི་འདུ་ཤེས་ལ་སློབ་སྦྱོང་བྱ་དགོས། སྙིང་སྟོབས་འདིའི་རིགས་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམངས་ཀྱི་དོན་དུ་དངོས་དོན་གཉེར་བ་དང་སྤྱོད་གཙང་བྱེད་པའི་སྒུལ་ཤུགས་དང་། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་བསམ་བློའི་འདེགས་སྐྱོར་དུ་འགྱུར་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བྱེད་ན། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་ཚུལ་དང་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འབྲོག་ཁུལ་དུ་སོང་ནས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་བརྒྱུད་དེ་མང་ཚོགས་ཀྱི་བདེ་སྡུག་རྟོགས་པར་བྱས་ནས་མང་ཚོགས་རྣམས་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ཁག་ཐག་གཅོད་བྱེད་པར་ཐབས་བཀོད་འཐེན་ཞིང་། མང་ཚོགས་དང་ཏང་ཡོན་ལས་བྱེད་པ་བར་གྱི་འབྲེལ་འདྲིས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས།"བྱིའུ་ཁོག་གནད་གཅིག་ལ་ཞིབ་བརྟག"གི་མཉེན་ཆ་དང་། "རྐང་རྡོ་ལ་སྤོས་ན་རྗེས་ཤུལ་དང་ལག་ལྕགས་ལ་འཇུ་ན་ལག་ཤུལ"ཞེས་པའི་སྙིངརུས་ཀྱིས་གནས་ཚུལ་ལས་ཡུལ་དང་པོ་ནས་རྒྱུས་ལོན་དང་བྱ་བ་ལས་ཡུལ་དང་པོ་ནས་བསྒྲུབ་པ། སྲིད་ཇུས་ལས་ཡུལ་དང་པོ་ནས་དྲིལ་བསྒྲགས་བྱེད་པ། འགལ་ཟླ་ལས་ཡུལ་དང་པོ་ནས་ཐག་གཅོད་བྱེད་པ། ཕན་འབྲས་ཡུལ་དང་པོ་ནས་བླངས་ཏེ། མི་དམངས་ཀྱི་རླབས་ཆེན་ལག་ལེན་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས། སྔར་ལས་བཟང་བོའི་སྒོ་ནས་མི་དམངས་ཀྱི་ཁེ་ཕན་བསྙེག་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བྱེད་ན། ལས་གནས་གང་ནས་གནས་ན་ལས་གནས་དེའི་སྲིད་སྐྱོང་བ་དང་། དེའི་འགན་འཁྲི་འཁུར་བ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་སྟེང་བསམ་བློ་དང་སྟོབས་ཤུགས་ལས་དོན་བསྒྲུབ་པ་དང་ལས་དོན་བསྐྲུན་པའི་སྟེང་ལ་འདོན་དགོས་ཤིང་། ས་ཆ་དེའི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ས་ཆ་དེའི་མང་ཚོགས་ལ་ཕན་བདེ་བསྐྲུན་དགོས། དངོས་ཐོག་བདེན་འཚོལ་གྱི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ"སྤྱོད་ཚུལ་བཞི"བཀག་འགོག་ནན་མོ་བྱ་དགོས། མང་ཚོགས་གཙོ་བོ་དང་རང་ཉིད་ཕལ་བ། ལས་དོན་གཙོ་བོ་དང་ཁེ་གྲགས་མི་བསམ་པའི་སྒོ་ནས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་དགོས། མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་ན་ད་གཟོད་མང་ཚོགས་ཀྱིས་ང་ཚོས་བསྒྲུབ་པའི་བྱ་བར་ཁས་ལེན་དང་གདེང་འཇོག་འཐོབ་སྲིད། མང་ཚོགས་ལ་རང་ཉིད་ཀྱི་གཉེན་ཉེ་བཞིན་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ན་ད་གཟོད་མང་ཚོགས་ཀྱིས་ང་ཚོར་གཉེན་ཉེའི་ལྟ་ཚུལ་འཛིན་ངེས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བྱེད་ན། འགན་འཁུར་གྱི་འདུ་ཤེས་བསྐྲུན་དགོས། ང་ཚོ་གུང་ཁྲན་ཏང་མི་འགལ་ཟླ་དང་རྙོག་འཛིང་། ལས་འགན་ལྗིད་བར་མི་སྐྲག་པར་བློ་སྤོབས་ཆེན་པོས་འཕེལ་རྒྱས་ལ་སྐུལ་འདེད་དང་ཡོང་སྒོ་འཕར་སྣོན་ལ་བརྟེན་ནས་ཕྱུག་བསྒྱུར་བྱེད་པ། དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ནས་ཕན་འབྲས་ལྡན་པའི་ཞབས་ཞུ་བསྒྲུབ་པ་དང་། ཤུགས་ཆེན་པོས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དོན་དག་ཐག་གཅོད་བཟང་བོ་བྱས་ཏེ། ཕན་འབྲས་ལྡན་པའི་བྱ་བའི་སྤྱོད་ཚུལ་དང་དོན་དངོས་ཀྱི་དམངས་ཕན་བཟོ་འགོད་ལས་མང་ཚོགས་ཀྱི་ཡིད་ཆེས་འཐོབ་པར་བྱ་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བྱེད་ན། སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་བསྐྲུན་དགོས། གུང་ཁྲན་ཏང་མིས་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས། ལག་ཏུ་ཡོད་པའི་དབང་ཆ་ཡང་དག་པའི་སྒོ་ནས་བེད་སྤྱོད་དང་། མང་ཚོགས་ཆེས་དཀའ་ཁག་ཆེ་བའི་སྐབས་སུ་མང་ཚོགས་ཀྱི་མདུན་དུ་ཡོད་པ་དང་། མང་ཚོགས་ལ་ཆེས་རོགས་རམ་བྱ་དགོས་དུས་མང་ཚོགས་ལ་ཐུགས་ཁུར་དང་རོགས་སྐྱོར་བྱ་དགོས། ཡང་དག་པའི་གཞུང་ཞབས་པའི་ལྟ་ཚུལ་ཡོད་ན་ད་གཟོད་ལྷག་བསམ་རྣམ་དག་གི་སྒོ་ནས་མང་ཚོགས་ཀྱི་འབོད་སྐུལ་ལ་ཉན་ཐུབ། མང་ཚོགས་ཀྱི་རེ་འདུན་དོན་དངོས་ཀྱིས་ཡར་ཞུ་དང་མང་ཚོགས་ཀྱི་དཀའ་སྡུག་ལ་ཐུགས་ཁུར་བཟང་བོ་བྱས་ན་ད་གཟོད་མང་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་སྲིད།།

  ཁོ་ནི་སྔོན་ཆད་དགེ་རྒན་ཞིག་ཡིན་པས་གྲོང་གསེབ་ཏུ་སློབ་ཁྲིད་ནན་ཏན་བྱས་པས"རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན"གྱི་གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད། ཅང་ཙེ་མེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཐུག་འཕྲད་གནང་མྱོང་བ་རེད།

  ཁོ་ནི་སྔོན་ཆད་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་ཞིག་ཡིན་པས། འབྲོག་པའི་སྦྲ་གུར་དང་རྩྭ་ཐང་གི་གང་ས་གང་དུ་སོང་བ་དང་། འབྲོག་པའི་དཀའ་ངལ་སེམས་སུ་བཅངས་ནས་ཁོ་ཚོ་དབུལ་ཐར་བྱ་རྒྱུའི་ཆོད་སེམས་བཅངས།

  ཁོའི་མིང་ལ་ཚེ་རིང་ཐར་ཟེར། ད་ལྟ་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར་ཡོད།

  བརྟག་དཔྱད་མ་བྱས་ན་སྐད་ཆ་བཤད་དབང་མེད།

  2011ལོའི་ཟླ5བར་མཚོ་ལྷོ་ཁུལ་དབུལ་སྐྱོར་གསར་གཏོད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་གི་འགན་འཁུར་བའི་ཚེ་རིང་ཐར་ནི་བྱ་བའི་དགོས་མཁོ་ལྟར་ཐུན་ཏེ་རྫོང་དུ་བཀོད་མངག་བྱས་ནས་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར།

  2011ལོར་ཐུན་ཏེ་རྫོང་ལ་ཞང་གྲོང5དང་སྡེ་བ30ཡོད། རྒྱལ་ཁབ་ཀྱིས་དབུལ་སྐྱོར་ཚད་གཞི་མཐོར་འདེགས་བྱས་རྗེས། རྫོང་ཡོངས་སུ་དབུལ་སྐྱོར་ཚད་གཞི་དམའ་བའི་མི་གྲངས་ཁྲི3.69ཡོད་པ་དེས་རྫོང་ཡོངས་ཀྱི་རོང་འབྲོག་པའི་སྤྱིའི་མི་གྲངས་ཀྱི75%ཟིན་པ་དང་། ཁང་བ་དང་ཕྱུགས་ཟོག གློག རང་འབབ་ཆུ་བཅས་མེད་པའི་འབྲོག་ཁྱིམ་སོ་སོས་རྫོང་ཡོངས་ཀྱི་སྤྱིའི་འབྲོག་ཁྱིམ་གྱི13.1%། 31.1%།

  59%། 56.4%ཟིན་པ་དང་། ས་ཁུལ་ཁ་ཤས་སུ་འགྲོ་ལམ་མེད་པས་མང་ཚོགས་འགྲོ་དཀའ་བ་རེད། 50.5%ཡི་འབྲོག་ཁྱིམ་གྱི་འཁོར་སྐར་གྱི་བརྙན་འཕྲིན་ལ་ལྟ་མི་ཐུབ། རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ་དང་སློབ་གསོ་ཁྱབ་སྤེལ་བྱས་ཚད་དམའ་བ། ཡུལ་ནད་ཚབས་ཆེ་བ། བཟོ་ལས་དཔལ་འབྱོར་མེད་པས་འཕེལ་རྒྱས་དལ་བ། ཐུན་ཏེ་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་ཡོད་པས་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་བར་གྱི་འབྲེལ་བ་དེ་ཇི་ལྟར་ཐག་གཅོད་བཟང་པོ་བྱ་རྒྱུ་ནི་གནད་དོན་ཆེན་པོ་ཞིག་རེད།

  ཚེ་རིང་ཐར་གྱིས་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར་རྗེས་ཐོག་མར་དབུལ་ཕོངས་ཡིན་བའི་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་རྒན་གྲོང་རྡལ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། དཀའ་ངལ་ཆེ་བའི་གྲངས་ཉུང་མི་རིགས་མང་ཚོགས་ལ་འཚམས་འདྲི་ཞུས་པ་བརྒྱུད་ཁོ་ཚོའི་འཚོ་བ་དང་ཐོན་སྐྱེད་གྱི་གནས་ཚུལ་གསལ་བོར་ཤེས་རྗེས། ཁོས་གསར་གཏོད་རང་བཞིན་གྱི་དབུལ་སྐྱོར་དང་སྲིད་གཞུང་གིས་མཛུབ་སྟོན། སྤྱི་ཚོགས་ཡོངས་ཞུགས་པའི་བྱེད་ཕྱོགས་ལྟར་སྟོབས་ཤུགས་གཅིག་བསྡུས་ཀྱིས་རིགས་ལམ་གསར་སྐྲུན་བྱས་ཏེ། འབད་བརྩོན་ལྷོད་མེད་ཀྱིས་དབུལ་སྐྱོར་འགག་གཏོར་ཁུལ་གསར་བ་དང་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཁུལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གནད་ས་སྐྱེ་ཁམས་ནུས་པ་ཁུལ། འབྲོག་ཁུལ་གྱི་གྲོང་རྡལ་འདུས་སྡོད་ཁུལ། མི་རིགས་འཆམ་མཐུན་སྔོན་འགྲོ་ཁུལ་བཅས་གསར་སྐྲུན་བྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་འཐབ་ཇུས་འཕེལ་རྒྱས་གཏོང་པའི་རིགས་ལམ་བཏོན། སྔ་གཞུག་ཏུ་གནད་ས་དབུལ་སྐྱོར་སྡེ་བ་དང་དབུལ་སྐྱོར་མཉམ་འཛུགས་སྡེ་བ། གནས་སྤོ་བྱེད་པའི་བཟོ་བཀོད། གྲངས་ཆུང་ཡིད་རྟོན་དངུལ་བུན་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། ཚན་རྩལ་དབུལ་སྐྱོར་དང་རྫོང་རིམ་པའི་སྡེ་ཚན་གྱི་ཆ་སྒྲིག་དབུལ་སྐྱོར་སོགས་རབ་དང་རིམ་པའི་དབུལ་སྐྱོར་གསར་གཏོད་བྱེད་ཐབས་བཟང་པོ་སྤྱད། ཚེ་རིང་ཐར་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་འབད་བརྩོན་བྱས་པར་བརྟེན། 2012ལོའི་ཟླ3པར་ཐུན་ཏེའི་རོང་འབྲོག་པའི་དབུལ་ཕོངས་གནད་དོན་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱིས་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུན་ཏེ་དམིགས་བསལ་ཅན་གྱི་དབུལ་ཕོངས་ས་ཁུལ་དུ་བཞག ལོ3ནང་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཐུན་ཏེ་རྫོང་དམིགས་བསལ་ཅན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱ་རྒྱུར་གཏན་འཁེལ་བྱས།

  ཚེ་རིང་ཐར་གྱིས་དུས་རྒྱུན་དུ་རོང་འབྲོག་པའི་ཁྱིམ་ཚང་དང་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི3660ཙམ་ཡོད་པའི་ཐུན་ཏེ་རྩྭ་ཐང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས།

  དུས་ཚོད་ནར་འགྱངས་བྱེད་མི་རུང་།

  ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་ཆེད། ཚེ་རིང་ཐར་གྱིས་དབུལ་ཕོངས་འགག་གཏོར་དེ་དེང་ཕྱིན་གྱི་ལོ3ནས་ལོ5ཡི་ནང་གནད་ས་དང་སྲོག་ཤིང་བྱ་བར་བརྩིས་ནས་བཟུང་སྟེ། བརྟག་དཔྱད་ཞིབ་འཇུག་ཚན་ཆུང་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས། ཧུར་ཐག་གིས་ཞིང་ཆེན་གྱི་འབྲེལ་ཡོད་ཐིན(ཅུའུ)ལ་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད། ནུས་པ་ཡོད་ཚད་བཏོན་ནས་རྣམ་གྲངས་བརྩོན་ལེན་བྱས། 2012ལོའི་ཟླ11པའི་ཚེས1ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུན་ཏེ་རྫོང་དུ་སྤུས་ཚད་བཟང་ཞིང་རྒྱ་ཁྱོན་ཆེ་བའི་རྫོང་ཡོངས་ཀྱི་ལོ3རིང་གི་དབུལ་སྐྱོར་འགག་གཏོར་འཆར་འགོད་བསྒྲུབ་མགོ་བརྩམས་པའི་ཚོགས་ཆེན་བསྡུས་ནས། 《ཐུན་ཏེ་རྫོང་གི་དམིགས་བསལ་ཅན་གྱི་ལོ3རིང་གི་དབུལ་སྐྱོར་འགག་གཏོར་འཆར་འགོད(2013-2015)》ལག་བསྟར་བྱས། དེས་ཐུན་ཏེ་རྫོང་དམིགས་བསལ་ཅན་གྱི་ལོ3རིང་གི་དབུལ་ཕོངས་འགག་གཏོར་ཁྱོན་ཡོངས་ནས་བསྒྲུབ་མགོ་བརྩམས་པ་མཚོན་ཞིང་། ཐུན་ཏེ་རྫོང་གི་དཔལ་འབྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

  ཐུན་ཏེ་རྫོང་དམིགས་བསལ་ཅན་གྱི་ལོ3རིང་གི་དབུལ་ཕོངས་འགག་གཏོར་འཆར་འགོད་བྱ་བ་ལག་ལེན་བྱེད་པའི་ཁྲོད་དུ། ཧྲུའུ་ཅི་ཚེ་རིང་ཐར་གྱིས་རིམ་པ་སོ་སོའི་མགོ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་གོ་སྐབས་དམ་དུ་བཟུང་བ་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ཏུ་ཐེངས་མང་པོར་སོང་ནས་ཐུན་ཏེ་རྫོང་དབུལ་ཕོངས་འགག་གཏོར་འཆར་འགོད་བྱེད་པའི་ཐད་འབྲེལ་ཡོད་རྣམ་གྲངས་མ་དངུལ་བརྩོན་ལེན་བྱས། རོང་འབྲོག་པར་དོན་དངོས་ལེགས་སྒྲུབ་བྱེད་ཆེད། ཁོས་དུས་རྒྱུན་དུ་འབྲེལ་ཡོད་སྡེ་ཁག་གཅིག་ཏུ་བསྡུས་ནས་མཉམ་དུ་གྲོས་མོལ་བྱས་པ་དང་། ཧུར་ཐག་གིས་ཞིང་ཆེན་དང་ཁུལ་དུ་སོང་ནས་རྒྱབ་སྐྱོར་བཙལ་བ་དང་རྣམ་གྲངས་བརྩོན་ལེན་བྱས། དེ་མིན་ཕྱོགས་མང་པོ་ནས་མ་དངུལ་གྲབས་གཤོམ་བྱས་ནས་ཞིང་ཁ་ཆུ་བེད་སྒྲིག་བཀོད་དང་རྫོང་དང་ཞང་གི་གཞུང་ལམ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་དྲ་ཁེབས་ཚད། སློབ་གསོའི་སྒྲིག་བཀོད་སྒྱུར་བཀོད་བཅས་གཙོ་བོ་ཡིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་བཏང་།

  རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱེད་ཆེད། ཁོས་ཚ་བ་དང་གྲང་ངར་ལ་མི་འཛེམ་པར་དུས་རྒྱུན་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་རྣམ་གྲངས་དངོས་འབེབས་བྱེད་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་དང་། ཐུན་ཏེ་རྫོང་སྔ་མོར་དབུལ་ཐར་བྱེད་ཆེད། ཁོས་དུས་ཡུན་རིང་བོར་བྱ་བ་བསྒྲུབས། "2020ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་ཡིན་པས། ཐུན་ཏེ་རྫོང་གིས་དུས་ཚོད་ནར་འགྱངས་གཏན་ནས་བྱེད་མི་རུང་བའི"སྐད་ཆ་འདི་ནི་ཁོའི་མནའ་ཚིག་དང་ཁས་ལེན་ཡིན་ལ། རྫོང་ཡོངས་ཀྱི་མང་ཚོགས་ཁྲི6.43ལ་འགན་ཁུར་བའི་ལས་འགན་ཞིག་ཀྱང་ཡིན།

  མང་ཚོགས་དང་སེམས་པ་གཅིག་ཏུ་འབྲེལ།

  ཚེ་རིང་ཐར་གྱིས་ཚད་དང་མཐུན་པའི་རྫོང་ཨུའི་ཧྲུའུ་ཅི་ཞིག་བྱེད་པ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་སྲུང་བྱ་རྒྱུའི་ཆོད་སེམས་བཅངས་ཡོད་པས། ཁོས་ཐོག་མར"དམངས་འདོད་ཤེས་པ་དང་དམངས་དོན་སྒྲུབ་པ། དམངས་ལ་ཞབས་ཞུ། དམངས་ཡིད་ཚིམ་པ་བཅས"བྱས། མི་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་མི་དམངས་ཀྱི་འདོད་པ་དང་རེ་འདུན་གསལ་བོར་ཤེས་ན། ད་གཟོད་དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ་དང་མི་དམངས་ལ་བརྩེ་སེམས་འཆང་བ། མི་དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་རེད། ཁོས་ནི་འདི་ལྟར་བསམས་པ་དང་འདི་ལྟར་བསྒྲུབས་པ་རེད།

  ཐུན་ཏེ་རྫོང་ནི་ཁུལ་གསུམ་དང་རྫོང་ལྔའི་ས་མཚམས་སུ་གནས་ཡོད། རྫོང་དུ་བོད་རིགས་དང་རྒྱ་རིགས། ཧོས་རིགས། སོག་རིགས། ཧོར་རིགས། ཟ་ལར་རིགས་བཅས་མི་རིགས་མང་པོ་ཡོད་པ་དང་། དེའི་ནང་དུ་བོད་རིགས་ཀྱི་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི90.3%ཟིན་ཡོད་པས། དགོན་པ་དང་གྲྭ་བཙུན་མང་བ། རྩྭ་ཐང་རྩོད་གླེང་དུས་རྒྱུན་དུ་བྱུང་བས་སྤྱི་ཚོགས་ཀྱི་འགལ་བ་ཉིན་བཞིན་འབྱུང་བས་གཏན་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ཧ་ཅང་ལྗི། ཚེ་རིང་ཐར་གྱིས་གནས་ཚུལ་དེ་དག་ལ་དམིགས་ཏེ་རྫོང་ཨུའི་ཚན་ཁག་དང་མཉམ་དུ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཤིང་དོན་དངོས་དང་ཟུང་འབྲེལ་བྱས་ནས། གོམ་གང་མདུན་སྤོའི་སྒོས་ཞང་གྲོང་དང་དགོན་པ། སློབ་གྲྭ སྡེ་བ་བཅས་ཀྱི་སྔོན་འགོག་སྟོབས་ཤུགས་ཇེ་ཆེར་བཏང་བ་དང་། "མཉམ་འབྲེལ་ལྔ་དང་འགན་གཙང་ལེན་ལྔའི"འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཤིང་རང་ཉིད་ཀྱིས་སྣེ་ཁྲིད་དེ་ལས་རེར་ལམ་ལུགས་དང་དྲ་བ་ཅན་གྱི་ཁུལ3གྱི་གཏན་འཇགས་སྲུང་སྐྱོང་སྐོར་གྱི་ལམ་ལུགས་ལག་ལེན་ནན་མོ་བྱས། དུས་མཉམ་དུ་ཞང་གྲོང་གི་མི་དམངས་ལ་སྟབས་བདེ་ཞབས་ཕྱི་ལྟེ་གནས་དང་ཕྱོགས་བསྡུས་གཏན་འཇགས་སྲུང་སྐྱོང་ལྟེ་གནས་ལ་དྲ་བ་ཅན་གྱི་སྤྱི་ཚོགས་དོ་དམ་བྱས་པར་མ་ཟད། ཞང་གྲོང་གི་སྲིད་དོན་ཞབས་ཕྱི་ལྟེ་གནས་ཁང་ཆེན4དང་ཞང་གྲོང་གི་ཕྱོགས་བསྡུས་གཏན་འཇགས་སྲུང་སྐྱོང་བྱ་བའི་ལྟེ་གནས4། སྡེ་ཁུལ་གྱི་ཕྱོགས་བསྡུས་གཏན་འཇགས་སྲུང་སྐྱོང་བྱ་བའི་ས་ཚིགས1། སྡེ་དམངས་ལས་དོན་ཚབ་སྒྲུབ་ས་ཚིགས4བཅས་བཙུགས་པས"དགོན་པ་རེ་ལ་སྲིད་ཇུས་རེའི"དོ་དམ་བྱེད་སྟངས་དེ་ཁྱབ་སྤེལ་དུ་བཏང་བ་རེད།

  ལོ3རིང་དུ་ཚེ་རིང་ཐར་གྱིས་སྣེ་ཁྲིད་དེ་མགོ་ཁྲིད་པས་ཞུ་གཏུག་ཏུ་ཡོང་བའི་མང་ཚོགས་ལ་སྤྲོ་སེམས་འཁོལ་བས་སྣེ་ལེན་བྱེད་པ་དང་འབྲོག་ཁུལ་དུ་འཚམས་འདྲི་ཞུ་བའི་བྱ་འགུལ་སྤེལ་བས། མི་དམངས་ཀྱིས་བར་འདུམ་དང་སྲིད་འཛིན་གྱིས་བར་འདུམ། ཁྲིམས་འཛིན་གྱིས་བར་འདུམ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ནུས་པ་ཡོད་ཚད་བཏོན་ནས་འགལ་བ་དང་རྩོད་གླེང་སྣ་ཚོགས་དུས་ཐོག་ཏུ་ཞི་བས་ལོ3རིང་དུ་ཐུན་ཏེ་རྫོང་དུ་ཞིང་ཆེན་དང་པེ་ཅིན་དུ་སོང་ནས་རྒྱུན་ལྡན་མིན་པའི་ཞུ་གཏུག་བྱེད་པའི་དོན་རྐྱེན་བྱུང་མེད། 2013ལོར་ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་བཅར་བྱ་བའི་སྔོན་ཐོན་རྫོང་ལ་བདམས། ཚེ་རིང་ཐར་ས་མཚམས་བར་གྱི་མཉམ་སྒྲུབ་ལ་ཤུགས་སྣོན་བྱེད་ཆེད་སྔ་གཞུག་ཏུ་ཀོས་ནན་རྫོང་དང་ཧོ་ནན་རྫོང་། རྨ་ཆེན་རྫོང་། ཞིང་ཆེན་ཕྱུགས་རྩྭ་འདེབས་པའི་ར་བ་བཅས་སུ་སོང་ནས་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་སོ་སོར་ཁྱིམ་མཚེས་མཛའ་མཐུན་བྱ་རྒྱུའི་གྲོས་མཐུན་དང་། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བཞག་པས། ཕན་ནུས་ཡོད་པའི་སྒོ་ནས་ས་མཚམས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱས།

  ཚེ་རིང་ཐར་གྱིས་ཐུན་ཏེ་རུ་ཡོང་ནས་བྱ་བ་སྒྲུབ་པའི་ཚུན་དུ། ཐུན་ཏེའི་གང་ས་གང་དུ་སོང་ནས་ གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་གྲངས་ཉུང་མི་རིགས་མང་ཚོགས་བརྒྱ་ལྷག་ལ་འཚམས་འདྲི་ཞུས་པས། རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཁོ་ལ་ཧྲུའུ་ཅི་བཟང་པོ་ཟེར། ལོ3རིང་དུ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་དར་རྒྱས་དང་ཡར་ཐོན་ཡོང་བས་ཐུན་ཏེ་རྫོང་གི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་ཚོས་རྫོང་ཨུས་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་རིགས་ལམ་ལྟར་རང་ཉིད་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་བཞིན་ཡོད། ཚེ་རིང་ཐར་གྱིས་རྫོང་ཨུའི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་དར་རྒྱས་གོང་འཕེལ་དང་མི་རིགས་ས་ཁུལ་གྱི་མང་ཚོགས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་ཆེད་འབད་བརྩོན་བྱེད་བཞིན་ཡོད།།

  རྟ་མགྲིན་མཚོས་བསྒྱུར།

2014ལོའི་དུས་དེབ་ལྔ་བ།