བློ་མཐུན་ཅའོ་ཡུས་ལུའོ་ནི་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་སྐབས་ཀྱི་རྫོང་ཏང་ཨུའི་ཧྲུའུ་ཅི་ཡིན་ཞིང་། དཀའ་སྡུག་ཆེ་བའི་ཁོར་ཡུག་ཁྲོད་ཁོང་གིས་སེམས་སུ་ནམ་ཡང་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་འདུག

  ཁོང་གི་བླ་ན་མེད་པའི་སྤྱི་ཞབས་པའི་སྣང་བརྙན་དེ་དུས་ད་ལྟ་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་གི་མིག་དཔེ་རུ་གྱུར་འདུག

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དུས་དམིགས་འབེན་ཡིད་ལ་དམ་འཛིན་དང་མང་ཚོགས་སེམས་ལ་བཅངས་དགོས། ད་ལྟའི་བྱ་བའི་ཁོར་ཡུག་དང་ཆ་རྐྱེན་ཅའོ་ཡུས་ལུའོ་ཡི་དུས་སྐབས་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ། ཏང་ཡོན་མགོ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་སྔར་ལས་ཆ་རྐྱེན་དང་གོ་སྐབས་བཟང་བོ་ལྡན་པའི་མང་ཚོགས་ཀྱི་དོན་དག་ལེགས་པར་བསྒྲུབ་དགོས། ང་ཚོས་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་ལྷག་བསམ་རྣམ་དག་གིས་དམངས་ལ་གཅེས་པའི་བརྩེ་སེམས་ཀྱིས་ཏན་ཏན་ཏིག་ཏིག་གིས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་།དུས་ནམ་ཡང་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ཀྱིས་རང་ཉིད་རྨོངས་གཉིད་ལས་སད་པར་བྱ་དགོས། བྱ་བའི་ཁྲོད་སེམས་ཞིབ་མོས་འཆར་འགོད་དང་བློ་སྤོབས་ཆེན་པོས་སྐུལ་འདེད་བྱ་དགོས་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོ་དང་མྱོང་ཚོར་སེམས་ལ་བཅངས་ཏེ་རྒྱ་ཆེའི་མང་ཚོགས་སྤྱི་ཚོགས་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱ་བ་ཞིབ་ཕྲ་དང་ལེགས་པར་བསྒྲུབ་ནས་ཕན་འབྲས་ཆེས་བཟང་བའི་བྱ་བ་བརྩོན་ལེན་སྒོས་མང་ཚོགས་ཀྱི་འདོད་བློ་ཚིམ་པའི་དོན་དངོས་དང་དོན་བཟང་བསྒྲུབ་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དུས་ཧུར་བརྩོན་གྱིས་གྲོན་ཆུང་བྱེད་པ་དང་དཀའ་སྤྱད་ལས་བསྐྲུན་བྱ་དགོས། དུས་ནམ་ཡང་རང་འགུལ་གྱིས་དཀའ་སྤྱད་ལས་བསྐྲུན་དང་གྲོན་ཆུང་བྱས་ནས་ཕུལ་བྱུང་གི་སྤྱོད་ཚུལ་ལག་བསྟར་བྱ་དགོས།ཞིན་ཧེ་ནི་གྲངས་ཉུང་མི་རིགས་ས་ཁུལ་གཞན་དང་འདྲ་བར། འཕེལ་རྒྱས་ད་དུང་རྗེས་ལུས་ཡིན་ཞིང་མང་ཚོགས་ད་དུང་དབུལ་ཕོངས་ཡིན། མི་རེའི་ཆ་སྙོམས་ཡོང་སྒོ་ད་དུང་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབས་མེད་པས། དབུལ་ཕོངས་གནད་དོན་ད་དུང་རྩ་བ་ནས་ཐག་གཅོད་བྱས་མེད། ང་ཚོས་ངེས་པར་དུ་གྲོན་ཆུང་གི་བསམ་བློ་བཅངས་ནས་རྒྱས་སྤྲོས་ཆུད་ཟོས་ཀྱི་སྤྱོད་ཚུལ་བཀག་འགོག་ནན་མོ་བྱེད་པ་དང་། ཚད་ཡོད་ཀྱི་མ་དངུལ་དང་ཐོན་ཁུངས་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནད་འགག་གི་ཆ་དང་གོ་རིམ་ཞན་སར་བཀོལ་སྤྱོད་བྱས་ཏེ། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་དོན་དངོས་སྟེང་མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་ཐུན་མོང་གིས་འཕེལ་རྒྱས་ལ་བརྩོན་པར་བྱ་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དུས་དངོས་ཐོག་བདེན་འཚོལ་དང་ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱ་དགོས། ཧུར་ཐག་གིས་རང་གཅུན་ནན་མོ་དང་དབང་ཆ་ནན་ཏན་གྱིས་བེད་སྤྱོད་གང་ལེགས་བྱེད་པ། རང་ལ་བླང་བྱ་མཐོན་པོ་འདོན་པ། ལས་ཇུས་འགོད་པ་དོན་དངོས་དང་ལས་བསྐྲུན་དོན་དངོས་བྱེད་པ། མི་བཟང་བོ་བཅའ་བ་བཅས་རང་ཉིད་ཀྱི་བརྩོན་ལེན་བྱ་ཡུལ་དང་འཚོ་བའི་གོམས་སྲོལ་ཞིག་ཏུ་འགྱུར་བར་འབད་དེ། སྐད་ཆ་དྲང་བདེན་བཤད་པ་དང་དོན་དངོས་བསྒྲུབ་པ། ཕན་འབྲས་ལ་བརྩོན་ནས། དོན་དངོས་སྟེང་ཚན་རིག་འཕེལ་རྒྱས་དེ་འཕེལ་རྒྱས་ལ་བརྩོན་པའི་བྱ་སྤྱོད་དང་། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པར་བསྒྱུར་དགོས། ལས་བསྐྲུན་གྱི་འདུན་པ་དང་ཚན་རིག་བདེན་འཚོལ་གྱི་སྙིང་སྟོབས་ཟུང་འབྲེལ་དང་།བྱས་རྗེས་འཇོག་ཐུབ་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་ཟུང་འབྲེལ། དེང་སྐབས་ཀྱི་བྱ་བ་དང་ཡུན་རིང་ལ་དམིགས་པ་བཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལམ་བུ་ཞིག་བསྐྲུན་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དུས་དཀའ་ཁག་དང་ཉེན་ཁར་འཛེམ་མི་རུང་། ཞིན་ཧེ་ཡི་རང་བྱུང་ཆ་རྐྱེན་ཞན་པ་དང་འཕེལ་རྒྱས་རྨང་གཞི་བལྟས་བཅོས་ཀྱིས་ཞན་རུང་། ཐོག་མཐའ་བར་གསུམ་དུ་བྱ་བ་བསྒྲུབ་ཕོད་པ་དང་འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་རྒྱུན་འཁྱོངས་བྱས་ཚེ། འགལ་བ་དང་གནད་དོན་གང་མང་ཞིག་རིམ་བཞིན་ཐག་གཅོད་བྱ་ཐུབ། གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་ནས་འགྲན་སློང་གི་མདུན་དུ་འཕེལ་རྒྱས་ཀྱི་གོ་སྐབས་དམ་པར་བཟུང་ནས། ཐབས་བརྒྱ་ཇུས་སྟོང་གིས་བཅོས་སྒྱུར་ལ་སྐུལ་འདེད་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་བརྩོན་ལེན་བྱས་ཏེ། དཔའ་ངར་ཆེ་བསྐྱེད་ཀྱི་སྙིང་སྟོབས་དང་ཕུལ་བྱུང་གི་སྤྱོད་ཚུལ་ལ་བརྟེན་ནས། རྒྱ་ཆེའི་མང་ཚོགས་རྣམས་སྣེ་ཁྲིད་དེ་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་ལག་ལེན་དང་མང་ཚོགས། ལོ་རྒྱུས་བཅས་ཞིབ་དཔྱོད་བྱེད་པའི་ཕན་འབྲས་བསྐྲུན་དགོས།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དུས་སྲིད་བརྩོན་སྤྱོད་གཙང་དང་རང་ཉིད་ལ་བླང་བྱ་མཐོན་པོ་འདོན་དགོས། ཡོད་ཚད་མང་ཚོགས་དང་ལས་དོན་གྱི་ཐད་བརྩོན་ལེན་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱ་དགོས། བསྒྲུབ་མི་རུང་བའི་བྱ་བ་གཏན་ནས་མི་བསྒྲུབ་པ་དང་། སྒྲིག་སྲོལ་ལམ་ལུགས་དང་ཏང་གི་སྒྲིག་ལམ་ལྟར་དོན་དག་བསྒྲུབ་ནས། གུང་ཁྲན་ཏང་གི་སྲིད་གཙང་སྤྱོད་གཙང་གྱི་ཆབ་སྲིད་རང་གཤིས་ཀྱིས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱ་དགོས།།

རྟ་མགྲིན་མཚོས་བསྒྱུར། 

2014ལོའི་དུས་དེབ་ལྔ་བ།