མི་དམངས་མང་ཚོགས་ཀྱི་ལས་བྱེད་པ་བཟང་བོ་ཞིག་བྱ་དགོས།

  ཐེམ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཧྲའོ་ཅོན།

  ཟླ8པའི་ཚེས15ཉིན། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་དང་དམངས་ཡོངས་ལུས་སྦྱོང་འགྲན་ཚོགས"གསེར་ཆུ་བུམ་པའི"མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་སྡུར་དེ་གུང་ཧོ་རྫོང་མདའ་འཕེན་ལུས་རྩལ་ཁང་ནས་བསྡུས།

  རུ་ཁག41དང་མི410འགྲན་སྡུར་ནང་ཞུགས།

  འགྲན་བསྡུར་འདི་ལྕགས་གཞུ་འཁོར་ལོ་མའི་སྐྱེས་པ་མི་བཅུ་ཡིས་གྲུབ་པའི་ཚོགས་པ་དང་ལྕགས་གཞུའི་སྐྱེས་པའི་ཚོགས་པ་སོགས་བདུན་ཡོད།སྐྱེས་མའི་མདའ་འཕེན་འགྲན་བསྡུར་དེ་ཐོག་དང་པོར་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནང་བཞག

  ཞིང་ཆེན་མདའ་འཕེན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཝ་ཡིའུ་ཀྲིན་གྱིས་མཚམས་སྦྱོར་བྱས་དོན། "མདའ་འཕེན་བྱ་འགུལ་ནི་མཚོ་སྔོན་གྱི་རྒྱ་ཆེའི་བོད་ཁུལ་ནས་སྤེལ་བ་ཧ་ཅང་རྒྱ་ཆེ།སྡོམ་རྩིས་ཆ་མི་ཚང་བ་ལྟར་ན།མཚོ་སྔོན་ཞིང་ཆེན་དུ་དམངས་ཁྲོད་མདའ་འཕེན་མཁན་མི་གྲངས་ཁྲི15རུ་བསླེབས་པ་དང་།ས་ཁུལ་ཁ་ཤས་སུ་སྡེ་བ་རེ་རེར་མདའ་འཕེན་རུ་ཁག་རེ་ཡོད"ཟེར། །

    འཕེལ་རྒྱས་དལ་བའི་ས་ཁུལ་གྱི་རྫོང་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཆ་ནས་བདག་དང་བློ་མཐུན་ཅའོ་ཡུས་ལུའོ་ཡི་ཐོབ་ཐང་གཅིག་མཚུངས་ཡིན། སྤྱོད་ཡོན་གཉིས་ལྡན་གྱི་མི་མཐོང་ཚེ་དེར་སློབ་སྦྱོང་བྱ་འདོད། ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་དང་རང་འགུལ་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཐོག ཧུར་བརྩོན་གྱིས་ཅའོ་ཡུས་ལུའོ་ལྟ་བུའི་ཏང་ཡོན་བཟང་བོ་དང་ལས་བྱེད་པ་བཟང་བོ་ཞིག་བྱས་ཏེ། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་དེ་བསམ་བློའི་གཏིང་དུ་འཇོག་པར་བྱ་དགོས། གཅིག་ནི་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས། ཆབ་སྲིད་བརྟན་པོའི་མིག་དཔེ་བྱེད་པ། ཚེ་གང་བོར་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ། རང་འགུལ་གྱིས་སློབ་སྦྱོང་ནི་འགན་འཁྲི་དང་བསམ་བློ་གཏོང་ཡུལ། བྱང་ཚད་ཅིག་བྱས་ནས་སློབ་སྦྱོང་ཅན་གྱི་ལས་བྱེད་པ་བཅའ་བ་དང་སློབ་སྦྱོང་ཅན་གྱི་ཚན་ཁག་བཙུགས་ཏེ། ཏང་གི་ཆེས་གསར་བའི་གཞུང་ལུགས་ཀྱིས་བསམ་བློའི་དྲག་ཆས་སྤྲས་པ། ཏང་གཤིས་ཇེ་དྲག་དང་དད་སེམས་བརྟན་པོ་སྒོས་དོན་དངོས་སྟེང་སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་འཛུགས་པ་དང་སློབ་སྦྱོང་ལ་བརྟེན་ནས་ཤེས་བྱ་ཐོབ་པ། སྦྱངས་པ་གོ་ཆོད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བཅོས་བསྒྱུར་གོང་འཕེལ་གྱི་དོན་དངོས་ཕན་འབྲས་སུ་བསྒྱུར་དགོས། གཉིས་ནི་བསམ་བློ་བཅིངས་འགྲོལ་བྱས་ཏེ་གསར་འབྱེད་བྱེད་མཁན་གྱི་མིག་དཔེ་བྱེད་པ། རྙིང་ཞན་བག་འཁུམས་དང་སྔ་སྲོལ་དམ་བཟུང་གི་བསམ་གཞིགས་བྱེད་སྟངས་ལས་བརྒལ་ནས། དོན་དངོས་གཞིར་བཟུང་ནས་མ་འོངས་པར་རྒྱང་ལྟ་བྱས་ཏེ་ལག་ལན་ཁྲོད་མུ་མཐུད་དུ་ཉམས་མྱོང་གསར་བ་ཕྱོགས་སྡོམ་དང་གནས་བབ་གསར་བ་ངེས་འཛིན་གསལ་བོ་བྱས་ཐོག བསམ་གཞིགས་གསར་བས་འབྲི་སྟོད་གསར་བ་འཆར་འགོད་དང་སྐུལ་འདེད་བྱ་དགོས། གསུམ་ནི་དམིགས་འབེན་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་མིག་དཔེ་བྱ་དགོས། མང་ཚོགས་ལ་འབྲེལ་བ་བྱེད་པའི་སྲོལ་དར་སྤེལ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོ་དང་མང་ཚོགས་ཀྱི་དཀའ་ཁག་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ། མང་ཚོགས་ཀྱི་འབོད་སྐུལ་གཙོ་བོར་བཟུང་ནས། བརྩེ་སེམས་བཅངས་ནས་མང་ཚོགས་དང་ཉེ་བར་བྱེད་པ། བྱ་སྤྱོད་སྟེང་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ། ཁེ་ཕན་སྟེང་མང་ཚོགས་ལ་སྲུང་སྐྱོང་བྱས་ཏེ། ཁྱོན་ཡོངས་ནས་དམངས་ཕན་སྲིད་ཇུས་དངོས་འབེས་དང་དམངས་ཀྱི་འཚོ་བའི་ལས་དོན་སོ་སོ་སྔར་ལས་ཇེ་ཞིབ་དང་ཇེ་ལེགས་སུ་གཏོང་དགོས། བཞི་ནི་དོན་དངོས་བསྒྲུབ་པར་མཐོང་ཆེན་བྱས་ཏེ་ལས་སྒྲུབ་ལས་བསྐྲུན་གྱི་མིག་དཔེ་བྱེད་པ། སྤྱོད་ཚུལ་སྔར་ལས་བསྒྱུར་ནས་ལས་ཡུལ་དང་པོའི་བྱ་བ་བསྒྲུབ་སྟངས་ལག་བསྟར་དང་། ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། རང་གཅུན་ནན་མོ་དང་དབང་ཆ་ནན་ཏན་གྱིས་བེད་སྤྱོད་གང་ལེགས་བྱེད་པ། རང་ལ་བླང་བྱ་མཐོན་པོ་འདོན་པ། ལས་ཇུས་འགོད་པ་དོན་དངོས་དང་ལས་བསྐྲུན་དོན་དངོས་མཐུན་པའི་བླང་བྱ་ལྟར། ཏན་ཏན་ཏིག་ཏིག་གིས་དོན་དག་བསྒྲུབ་པ་དང་བརྩོན་སེམས་ལྷོད་མེད་ཀྱིས་ལས་བསྐྲུན་བྱས་ཏེ། གང་མགྱོགས་ཅི་མྱུར་གྱིས་དོན་དངོས་བསྒྲུབ་པའི་སྤྱོད་ཚུལ་གྱིས་མང་ཚོགས་ལ་ཁེ་ཕན་འཐོབ་པར་བྱ་དགོས། ལྔ་ནི་འགན་འཁུར་ཕོད་པར་བྱས་ཏེ་དོན་དངོས་བདེན་འཚོལ་གྱི་མིག་དཔེ་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་སྙིང་སྟོབས་ཀྱིས་ལས་དོན་ལ་འབད་བརྩོན་དང་། འགྱུར་བ་མེད་པའི་སྙིང་སྟོབས་ཀྱིས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་བྱ་དགོས། དྲུག་ནི་བྱང་ཚད་ལ་བརྟེན་ནས་སྲིད་གཙང་སྤྱོད་གཙང་གི་མིག་དཔེ་བྱེད་པ། བསམ་བློའི་ཀུན་སྤྱོད་དང་ཏང་གཤིས་རྩ་དོན། ཁྲིམས་སྲོལ་སྒྲིག་ཁྲིམས་བཅས་ནན་སྲུང་བྱས་ཏེ་ལས་གནས་ནི་འགན་འཁྲི་དང་དབང་ཆ་ནི་འོས་འགན་ཞིག་ཏུ་བརྩིས་ནས། ཕུལ་བྱུང་གི་ཏང་སྲོལ་ལ་བརྟེན་ནས་སྲིད་སྲོལ་དང་དམངས་སྲོལ་བཟང་བའི་ཁ་དབུགས་བཟང་བོ་ཞིག་བསྐྲུན་དགོས།།