"གསེར་ཆུ་བུམ་པའི"མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར་བསྡུས་པ།

  2011ལོའི་ཟླ1པ་ནས་ལས་མགོ་བརྩམས་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཟླ8པའི་ཚེས15ཉིན་གྲུབ་ནས་འཁོར་སྐྱོད་བྱས་ཏེ།འགྲུལ་སྐྱེལ་མེ་འཁོར་ཐོག་དང་པོ་ཟླ8པའི་ཚེས16ཉིན་གྱི་དུས་ཚོད9ཡི་ཐོག་ཏུ་ལྷ་སའི་འབབ་ཚིགས་ནས་ལམ་ལ་ཆས།

  ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ251ཡོད་པ་དང་།མཚོ་བོད་མཐོ་སྒང་གི་ལྷོ་ནུབ་ཕྱོགས་དང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་ལ།ཤར་ཕྱོགས་མཚོ་བོད་ལྕགས་ལམ་གྱི་མཐའ་སྣེ་ལྷ་སའི་འབབ་ཚིགས་ནས་མགོ་བརྩམས་ཏེ་བོད་ལྗོངས་ལྷོ་རྒྱུད་ཀྱི་གྲོང་རྡལ་གལ་ཆེན་གཞིས་ཀ་རྩེར་ཐོན་པ་རེད།ལམ་ཧྲིལ་བོར་ལྷ་སའི་ལྷོ་དང་།ཆུ་ཤུར།གཞིས་ཀ་རྩེ་སོགས་འབབ་ཚིགས14བཙུགས་ཡོད། ཆེས་མགྱོགས་ཚད་ནི་དུས་ཚོད་རེར་སྤྱི་ལེ120ཡིན་པ་དང་།ལོ་འཁོར་མོའི་དངོས་སྐྱེལ་ཚད་ནི་ཏུན་ཁྲི830ཡན་རེད།།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསལ་བར་བསྟན་འདུག་པ་དང་། "མཛའ་མཐུན"ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་དུ་གྱུར་འདུག

  བྱམས་སྐྱོང་ཟེར་བ་ནི་མི་ལ་དགའ་ཞེན་བྱེད་པ་དེ་ཡིན། བྱམས་བརྩེ་ནི་རང་རྒྱལ་སྲོལ་རྒྱུན་མི་ཆོས་ཀྱི་སྲོག་ཤིང་བསམ་བློ་གྲས་ཀྱི་གཅིག་ཡིན་ཞིང་། དེ་ནི་ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་པས། ཀྲུང་ཧྭ་མི་རིགས་གཤིས་བཟང་མི་གཤིས་ཀྱི་རིག་གནས་རྨང་གཞི་ཡིན།

  མར་ཁེ་སིས་གསུངས་པ་ལྟར། དཔལ་འབྱོར་རྨང་གཞིས་སྤྱི་ཚོགས་འདུ་ཤེས་ནང་དུ་འདུས་པའི་སྟེང་གི་བཀོད་པ་ཐག་གཅོད་བྱེད་པ་དང་། རང་རྒྱལ་གྱིས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་བཅོས་སྒྱུར་སྒོ་འབྱེད་ཐད་ཕྱོགས་གཅིག་ནས་རྒྱལ་ཁབ་ཆབ་སྲིད་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཆེན་མོའི་ཐད་སྐུལ་འདེད་བྱས་ཤིང་། ཕྱོགས་གཞན་ཞིག་ནས་བཅོས་སྒྱུར་སྒོ་འབྱེད་ཀྱིས་རང་གི་རྒྱལ་ཁབ་ཀྱི་མི་ཆོས་རིན་ཐང་ལྟ་བར་ཉམས་ཚོད་ཆེན་པོ་བྱས། དྲང་གཞག་དང་མཛའ་མཐུན་ད་དུང་དཀོན་ཞིང་། སྤྱི་ཚོགས་འཚོ་བའི་ཁྲོད་དོན་རྐྱེན་རེ་རེས་མི་སྒེར་གྱི་ཀུན་སྤྱོད་ཐད་འགྲན་སློང་བྱས།

  རྒྱལ་དམངས་མི་ཆོས་ཀུན་སྤྱོད་བྱང་ཚད་ནི་མི་རིགས་རིག་གནས་ཀྱི་བླ་སྲོག་ཡིན། རིག་གནས་ཀྱི་སྟོབས་ཤིག་ནི་རྒྱལ་ཁབ་ཕྱོགས་བསྡུས་རྒྱལ་ཤུགས་ཁྲོད་ཆེས་རྩ་བའི་སྟོབས་ཤུགས་ཡིན། ཀྲུང་གོ་རྒྱལ་ཁབ་ཆེན་མོར་སྙིང་སྟབས་དར་བ། བསམ་བློ་དར་བ། རིག་གནས་དར་བ་བཅས་མངོན་འགྱུར་འབྱུང་བ་ནི་ཆེས་རྩ་བའི་དར་བ་ཡིན་ཞིང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། དྲང་བདེན་དང་མཛའ་མཐུན་གྱི་མི་ཆོས་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་ནི་ང་ཚོ་རྒྱལ་དམངས་རེ་རེས་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་མདུན་དུ་སྤོས་པའི་གོམ་པ་བརྟན་པོ་ཞིག་ཡིན། མཛའ་མཐུན་གྱི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ན། སྤྱི་ཚོགས་ཀྱི་འགལ་བ་ཞི་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་བོ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་འཆམ་མཐུན་ཐད་སྐུལ་འདེད་བྱེད་པར་རིན་ཐང་གི་རྨང་གཞི་བརྟན་པོ་གདིང་ཐུབ།

  མཛའ་མཐུན་ནི་ཀུན་སྤྱོད་ཚད་གཞི་ཡིན་པ་མ་ཟད། བྱང་ཚད་ཅིག་དང་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཀྱང་ཡིན་པས། མི་རྣམས་ཀྱིས་མི་གཞན་ལ་སེམས་སྟེང་ནས་བཅངས་པའི་ཀུན་སློང་བཟང་པོ་དང་ཐུགས་ཁུར་ཞིག་ཡིན། མཛའ་མཐུན་འདིའི་རིགས་ནི་རང་ཉིད་ཀྱི་ཁེ་ཕན་སྟེང་ཡོད་པ་ཞིག་མ་ཡིན་པར་ཡོད་ཚད་གཞན་གྱི་དོན་ཁོ་ན་བསམ་པའི་བརྩེ་སེམས་ཤིག་ཡིན། །

 

2014ལོའི་དུས་དེབ་ལྔ་བ།