རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་སྐོར་གླེང་བ།

ཅའོ་ཡུས་ལུའོ་ལ་སློབ་སྦྱོང་བྱས་ཏེ་ལས་བྱེད་པ་བཟང་བོ་ཞིག་བྱེད་པ།

 རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཐུན་རིན་རྫོང་ཏང་ཨུའི་ཀྲུའུ་ཅི་ཅང་ཧྲའོ་ཁྲིན།

(སྤྱི་ཨང 172 པ)

        2014 ལོའི་ཟླ9 བའི་ཚེས8 ཉིན་པར་དུ་བསྐྲུན། འགན་འཁུར་ཕོད་པའི་ལས་བྱེད་པ་བཟང་བོ་ཞིག་བྱ་དགོས། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུའམ་གོར་མོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཀའོ་ཀྲུང་། བློ་མཐུན་ཅའོ་ཡུས་ལུའོ་ནི་རྫོང་ཏང་ཨུའི་ཧྲུའུ་ཅི་ཡི་མིག་དཔེ་བཟང་བོ་ཡིན། དུས་སྐབས་གསར་བའི་གྲོང་ཁྱེར(རྫོང)རིམ་པའི་མགོ་ཁྲིད་དང་པོ་ཡིན་པའི་ཆ་ནས། ང་ཚོས་ཅའོ་ཡུས་ལུའོ་ཡི་མཛད་རྗེས་སློབ་དེབ་དང་། ཅའོ་ཡུས་ལུའོ་ཡི་གཤིས་རྒྱུད་མེ་ལོང་། ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ཚད་གཞི་རུ་བཟུང་ནས་ཅའོ་ཡུས་ལུའོ་ལྟ་བུའི་ལས་བྱེད་པ་བཟང་བོ་ཞིག་བྱ་དགོས། གཅིག་ནི་སྤྱི་ཞབས་པའི་འདུ་ཤེས་དགོངས་དོན་གཞིར་འཛིན་དགོས། དུས་ནམ་ཡང་ཅའོ་ཡུས་ལུའོ་ལྟར་མང་ཚོགས་སེམས་ལ་བཅངས་ཤིང་། མང་ཚོགས་ཀྱི་དཀའ་ཁག་ཡིད་ལ་བཅངས་ནས་ཡོད་ཚད་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་པའི་ཆེད་ཡིན་པས།"མང་ཚོགས་ཅན"གྱི་ལས་བྱེད་པ་བྱ་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་དམིགས་འབེན་དང་དུ་བླངས་ཏེ། དུས་ནམ་ཡང་མང་ཚོགས་དང་མཉམ་དུ་ཡོད་པ། མང་ཚོགས་ལ་ཆེས་རོགས་རམ་བྱེད་དགོས་པའི་སྐབས་སུ་མང་ཚོགས་ལ་ཐུགས་ཁུར་དང་མང་ཚོགས་ལ་རོགས་རམ་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད་པའི་ལས་ཞུགས་དང་ནད་བཅོས་བྱེད་པ། སློབ་གྲྭར་འགྲིམ་པ། སྤྱི་ཚོགས་འགན་སྲུང་སོགས་དམངས་ཀྱི་འཚོ་བའི་བདེ་སྐྱིད་ཐག་གཅོད་བྱ་དགོས། གཉིས་ནི་བདེན་འཚོལ་གྱི་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་དགོས། ཅའོ་ཡུས་ལུའོ་ལྟར་དོན་དག་གང་ཞིག་ལས་ན་ནང་དོན་འཚོལ་ཞིབ་བྱེད་དགོས་ཤིང་། ཆོས་ཉིད་ལྟར་བྱ་བ་བསྒྲུབས་ནས།"དངོས་དོན་གཉེར་བ་ཅན"གྱི་ལས་བྱེད་པ་བྱ་དགོས། མང་ཚོགས་ཀྱི་ལྟ་ཚུལ་ཇེ་དྲག་དང་མང་ཚོགས་ཀྱི་ལངས་ཕྱོགས་ཇེ་བརྟན། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གསར་སྐྲུན་དང་ལག་ལེན་ཁྲོད་སྒུལ་ཤུགས་ཆེན་པོ་བསྡུ་ལེན་བྱ་དགོས། བདེན་འཚོལ་གྱི་སྙིང་སྟོབས་དང་འགན་འཁུར་ཕོད་པ་བཅས་ལ་བརྟེན་ནས་གནད་དོན་ཐག་གཅོད་པ་དང་། མུ་མཐུད་དུ་ཚན་རིག་གོང་འཕེལ་དང་མཐུན་པའི་གྲུབ་འབྲས་གསར་བ་ལེན་དགོས། གསུམ་ནི་འབད་བརྩོན་གྱི་སྙིང་སྟོབས་བསྐྲུན་དགོས། ཅའོ་ཡུས་ལུའོ་ལྟར་རང་འགུལ་གྱིས་ལས་སྐྲུན་དང་བྱས་རྗེས་བཞག་ནས། དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་དུ་སྐྱོད་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། གསར་འབྱེད་བྱེད་པ་བཅས་ཀྱི་སྒོ་ནས་ཕྱོགས་གཅིག་འཕེལ་རྒྱས་དང་ཕྱོགས་གཅིག་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ལྗིད་མོ་དེ་ཕྲག་ཏུ་བླངས་ཏེ།"འགན་འཁྲི་ཅན"གྱི་ལས་བྱེད་པ་བྱ་དགོས།གོར་མོ་བསྒྱུར་འགོད་དང་མཆོང་བརྒལ་འཕེལ་རྒྱས་ཀྱི་གྲོང་ཁྱེར་གནས་ཚུལ་དངོས་ལ་གཞིགས་ཏེ། སྙིང་རུས་ཅན་གྱི་སྙིང་སྟོབས་ཀྱིས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་སྙེགས་པ་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་ལས་དོན་བསྐྲུན་པ། མང་ཚོགས་ཀྱི་མདུན་དུ་བསྐྱོད་ནས་དཔེ་སྟོན་བྱས་ཏེ། འཁོར་རྒྱུག་དཔལ་འབྱོར་གྱི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན། དམངས་ཀྱི་འཚོ་བ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་གསར་འབྱེད་སོགས་གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་གོང་འཕེལ་ཐད་འཕེལ་རིམ་གསར་བ་ལེན་པ་དང་། གོར་མོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རིམ་བསྐྲུན་ནས། དངོས་ནས་གོར་མོ་ནི་ཁུལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་མཁན་གྱི་འགན་འཁྲི་ལག་བསྟར་བྱ་དགོས། བཞི་ནི་བླ་ན་མེད་པའི་བསམ་ཚུལ་རྒྱུན་འཁྱོངས་བྱ་དགོས། ཅའོ་ཡུས་ལུའོ་ལྟར་དུས་ནམ་ཡང་དམིགས་བསལ་ཅན་མི་བྱེད་པ་དང་། དཀའ་སྤྱད་བབ་ཆགས་དང་སྤྱོད་པ་གཙང་ཞིང་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུབ་ནས།"སྤྱོད་གཙང་ཅན"གྱི་ལས་བྱེད་པ་བྱ་དགོས། རང་འགུལ་ངང་བསམ་བློའི་ཀུན་སྤྱོད་བྱང་ཚད་ཇེ་མཐོར། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་སྤྱོད་བཟང་སོགས་མིག་དཔེ་རུ་བཟུང་ནས། སྐྱོན་ཆུང་དུས་སེལ་ལ་དོ་སྣང་བྱས་ཏེ་རུལ་སུངས་ཀྱི་བསམ་བློ་དང་འདུ་ཤེས་བཀག་འགོགད་བྱས་ཐོག་ཏང་ཡོན་གྱི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱ་དགོས། །

 

2014 ལོའི་དུས་དེབ་ལྔ་བ།