སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་ལགས་ཀྱིས་གསུངས་རྒྱུར།ཅའོ་ཡུས་ལུའོ་ང་ཚོ་དང་ཁ་བྲལ་ནས་ལོ་ངོ50འགོར་རུང་། ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ནི་རྟག་བརྟན་ཡིན།

  ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་དེ་ཅིན་ཀང་རི་བོའི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་བཞིན་གུང་ཁྲན་ཏང་གི་སྙིང་སྟོབས་དང་དམིགས་འབེན་མཚོན་པས་དར་སྤེལ་བཟང་བོ་བྱ་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་པ་དང་ང་ཚོ་ད་དུང་གུང་ཁྲན་ཏང་ཡིན་ན། སྙིང་སྟོབས་འདིའི་རིགས་བརྒྱུད་བསྒྲགས་བྱ་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་སྐུལ་མ་བཏང་ནས་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་། ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ནི་ནམ་ཡང་འགྱུར་བ་མེད་པའི་དར་ཆ་ཞིག་ཡིན་ཞིང་། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་སྐབས་འདིར། རིམ་པ་སོ་སོའི་མགོ་ཁྲོད་ལས་བྱེད་པས་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དེ་སྔར་བཞིན་དོན་སྙིང་ཆེན་པོ་ལྡན། བདག་གིས་བསམས་ན་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་སྐབས་ཕྱོགས་བཞི་རྒྱུན་འཁྱོངས་བྱ་དགོས་སྙམ།

  བློ་བརྟན་འགྱུར་མེད་ཀྱི་བླ་ན་མེད་པའི་དད་མོས་རྒྱུན་འཁྱོངས་བྱ་དགོས། བློ་མཐུན་ཅའོ་ཡུས་ལུའོ་ཡིས་ཏང་ཞུགས་རེ་ཞུ་ཡི་གེའི་ནང་འདི་ལྟར་བྲིས་ཡོད། བདག་གིས་མའོ་ཙེ་ཏུང་གི་གསུང་ལ་ཉན་པ་དང་གུང་ཁྲན་ཏང་གི་རྗེས་བསྙེག་སྲིད་པ་དང་། སྤྱི་ཚོགས་རྙིང་བ་རྩ་སློག་དང་ཀྲུང་གོ་གསར་བ་གསར་འཛུགས། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན། ཞེས་སོ།། ཁོས་རང་ཉིད་ཀྱིས་བཤད་པ་བཞིན་གུང་ཁྲན་རིང་ལུགས་ཀྱི་དད་མོས་རྒྱུན་འཁྱོངས་དང་གུང་ཁྲན་ཏང་མིས་བསྒྲུབ་རྒྱུ་ཁས་ལེན་བྱས། ཁོང་གིས་ནམ་ཡང་རྩ་འཛུགས་ལ་ཆ་རྐྱེན་མི་འདོན་པ་དང་། ཁོང་གིས་བསྒྲུབས་པ་ཡོད་ཚད་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབས་པ་དེ་ཡིན་ཞིང་། དུས་ཚོད་ཀྱིས་མིར་མི་སྒུག་ཅེས་པ་བཞིན་ཁོང་གིས་དུས་ཚོད་དམ་འཛིན་སྒོས་ཏང་དང་མི་དམངས་ལ་འདོད་བློ་ཚིམ་པའི་བྱ་བ་བསྒྲུབས། མི་ཚེ་ནི་ཁང་བ་དང་དད་མོས་ནི་ཀ་བ་ཞེས་པ་བཞིན་བློ་བརྟན་འགྱུར་མེད་ཀྱི་བླ་ན་མེད་པའི་དད་མོས་དེས་ཁོང་གི་མི་ཚེ་གང་བོར་འདེགས་སྐྱོར་བྱས་ཡོད།

  བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་གྱི་སྙིང་སྟོབས་བཅངས་ནས་བྱས་རྗེས་འབུལ་བ་རྒྱུན་འཁྱོངས་བྱ་དགོས། རང་ཉིད་ཀྱི་ལུས་ཕུང་མི་བཟང་བ་ཤེས་རུང་། བློ་མཐུན་ཅའོ་ཡུས་ལུའོ་ཡིས་མང་ཚོགས་ཀྱི་དཀའ་སྡུག་དང་འཚོ་བའི་ཆེད་དུ་ངལ་གསོ་མི་བྱ་ཞིང་། ཉིན་གཅིག་རིང་གི་ཟས་ཐུན་གསུམ་ཡང་ཟ་ཁོམ་མི་འདུག ཁོང་གིས་གནོད་འཚེ་འགོག་པའི་གོ་རིམ་ཁྲོད་ལས་བྱེད་པའི་གཙོ་གནད་རང་བཞིན་གསལ་བོར་ཤེས། དེའི་ཕྱིར། ཁོང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མཉམ་དུ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གིས་དབུལ་ཕོངས་ས་ཁུལ་གྱི་རྣམ་པ་བསྒྱུར་བར་བྱས་རྗེས་བཞག་པ་དང་། གཞི་རིམ་ལས་བྱེད་པར་མིག་དཔེ་བཞག དོན་དངོས་སྟེང་སེམས་ནམ་ཡང་མང་ཚོགས་དང་བྲལ་མེད་ལ། ལུས་ནམ་ཡང་གནོད་ཁུལ་དང་བྲལ་མེད་པ་བསྒྲུབས། ཁོང་གིས་རང་ཉིད་ཀྱི་ཉམ་ཐག་པའི་ལུས་ཕུང་ལ་བརྟེན་ནས་ལན་ཁའོ་ཡི་རྣམ་པ་བསྒྱུར་ཞིང་། མཐར་ལན་ཁའོ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་ཀྱང་ཁོང་ཉིད་ཚེ་ལས་འདས།

  དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་བཟང་བོ་རྒྱུན་འཁྱོངས་བྱ་དགོས། བློ་མཐུན་ཅའོ་ཡུས་ལུའོ་ཡི་གྱོན་པ་དང་ཞྭ་མོ། ལྷམ། འབོབ་ཚང་མ་ཧྲལ་ཧྲུལ་དུ་གྱུར་འདུག་པ་དེ་ལས་ཁོང་གིས་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་བཟང་བོ་དེ་ཡང་རྩེར་བསླེབས་འདུག་པ་ཤེས། གཞུང་ལས་ཁང་གི་ཅོག་ཙེ་ཡང་ལོ་གང་མང་ལ་བེད་སྤྱོད་བྱས་པ་ཡིན། དེས་ནད་ལྟའི་མགོ་ཁྲིད་ལས་བྱེད་པས་བློ་མཐུན་ཅའོ་ཡུས་ལུའོ་ཡི་སྙིང་སྟོབས་འདི་རིགས་ལ་སློབ་སྦྱོང་བཟང་བོ་བྱ་དགོས།

  དངོས་ཐོག་བདེན་འཚོལ་གྱི་ཚན་རིག་གི་ལྟ་སྟངས་རྒྱུན་འཁྱོངས་བྱ་དགོས། ཅའོ་ཡུས་ལུའོ་ལན་ཁའོ་ཡི་གནས་འདིར་སོང་བའི་ལོ་དེ་ནི་ས་ཁུལ་འདིར་བསྟུད་མུར་ལོ3རིང་ལ་རང་བྱུང་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ལོ་ཞིག་ཡིན། མྱུར་དུ"གནོད་གསུམ"སེལ་ཆེད་བློ་མཐུན་ཅའོ་ཡུས་ལུའོ་ཡིས་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་གཞི་ཁྱོན་ཆུང་བའི་ངང་བྱེ་འདམ་དང་བྱེ་སྒང་སོགས་ལ་ཚོད་ལྟ་བྱས་ཏེ། བྱེ་འདམ་དང་བྱེ་སྒང་གི་སྟེང་སྡོང་འཛུགས་ནགས་བསྐྲུན་བྱས་ན་རྒྱུ་ཆ་གང་དག་འཛོམ་དགོས་པ་ཕྲ་ཞིང་ཞིབ་པ་ཞིག་ཤེས་རྗེས། ལན་ཁའོ་ཡི་རང་བྱུང་ཁམས་ཆེན་མོ་ལེགས་བཅོས་བྱེད་པའི་ཐད་ཀྱི་འཆར་འགོད་གཏན་འབེབས་བྱས། ཁོང་གི་དངོས་ཐོག་བདེན་འཚོལ་དང་ནན་ཏན་གྱི་ཚན་རིག་ལྟ་སྟངས་ཀྱིས་ལན་ཁའོ་མྱུར་དུ་ཆེས་དཀའ་སྡུག་གི་དུས་སྐབས་ལས་ཐར་བར་བྱས་རྗེས་བཞག

  ད་ལྟའི་མགོ་ཁྲིད་ལས་བྱེད་པས་ཅའོ་ཡུས་ལུའོ་ཡིས་ཇི་ལྟར་བྱ་བར་འབད་བརྩོན་བྱས་ནས་སློབ་སྦྱོང་བྱ་དགོས་པ་རེད།ཅའོ་ཡུས་ལུའོ་ཡིས་ལན་ཁའོ་རུ་བྱ་བ་ལས་པའི་དུས་ཡུན་རིང་རྒྱུ་མེད་མོད། འོན་ཀྱང་ང་ཚོར་བསམ་པའི་རྒྱུ་ནོར་གང་མང་བཞག ང་ཚོས་ཀྱང་མི་རབས་རྗེས་མར་བསམ་པའི་རྒྱུ་ནོར་གང་འདྲ་ཞིག་འཇོག་དགོས་པར་བསམ་བློ་གཏོང་དགོས།།

2014ལོའི་དུས་དེབ་ལྔ་བ།