འགན་ཁུར་དྲིས་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་འགན་ཁུར་དྲིས་པའི་ཆོད་དོན་ལ་ཁས་མི་ལེན་ན་ཇི་ལྟར་བྱ་དགོས་སམ།

  དྲི་བ། བདག་ནི་ཏང་ཡོན་ལས་བྱེད་པ་དཀྱུས་མ་ཞིག་ཡིན། འགན་ཁུར་དྲིས་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་འགན་ཁུར་དྲིས་པའི་ཆོད་དོན་ཁས་མི་ལེན་ན་ཇི་ལྟར་བྱ་དགོས།

  དྲིས་ལན། 《ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་འགན་ཁུར་དྲིས་པ་ལག་ལེན་བྱེད་པའི་སྐོར་གྱི་གནས་སྐབས་ཆོད་དོན》ལྟར། འགན་ཁུར་དྲིས་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་འགན་ཁུར་དྲིས་པའི་ཆོད་དོན་ཁས་མི་ལེན་ན།《ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་འགན་ཁུར་དྲིས་པའི་ཆོད་ཡིག》འབྱོར་བའི་ཉིན15ནང་འགན་ཁུར་དྲིས་པའི་གཏན་འཁེལ་བྱེད་པའི་ལས་ཁུངས་ལ་ཡིག་ཐོག་གི་ཞུ་གཏུག་གཏོང་དགོས། འགན་ཁུར་དྲིས་པའི་གཏན་འཁེལ་བྱེད་པའི་ལས་ཁུངས་ཀྱིས་ཡིག་ཐོག་གི་ཞུ་གཏུག་འབྱོར་རྗེས་ཀྱི་ཉིན30ནང་ཞུ་གཏུག་ཐག་གཅོད་བྱ་དགོས། ཞུ་གཏུག་ཐག་གཅོད་བྱས་རྗེས་ཡིག་ཐོག་ནས་ཞུ་གཏུག་པ་དང་བྱ་བ་བྱེད་པའི་སྡེ་ཚན་ལ་བརྡ་སྦྱོར་བྱ་དགོས། འགན་ཁུར་དྲིས་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པར་ཞུ་གཏུག་བྱེད་སྐབས་འགན་ཁུར་ཆོད་དོན་ལག་ལེན་བྱེད་པ་དེ་མཚམས་འཇོག་བྱ་མི་ཆོག

  གླེན་ནད་བྱུང་བའི་ཏང་ཡོན་ལ་རྩ་འཛུགས་འཚོ་བ་མཚམས་འཇོག་བྱས་རྗེས་མུ་མཐུད་དུ་ཏང་དངུལ་སྤྲོད་དགོས་སམ།

  དྲི་བ། ང་ནི་ཏང་དོན་བྱ་བ་བསྒྲུབས་ནས་དུས་ཡུན་མི་རིང་བའི་ཏང་དོན་བྱ་བ་བྱེད་མཁན་ཞིག་ཡིན། གླེན་ནད་བྱུང་བའི་ཏང་ཡོན་ལ་རྩ་འཛུགས་འཚོ་བ་མཚམས་འཇོག་བྱས་རྗེས་མུ་མཐུད་དུ་ཏང་དངུལ་སྤྲོད་དགོས་སམ།

  དྲིས་ལན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཅུའུ་ཡིས2009ལོའི་ཟླ4བར་རྩོམ་སྒྲིག་པར་སྐྲུན་བྱས་པའི《ཏང་དངུལ་བྱ་བ་ལག་དེབ》ནང"དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་གླེན་ནད་བྱུང་ནས་རིགས་ལམ་མི་གསལ་བ། དམིགས་བསལ་ཀྱི་ཏང་ཡོན་ཚོས་རང་ཉིད་ཀྱི་གནས་ཚུལ་དངོས་བྲིས་ནས་ཏང་ཀྲི་པུའུ་ལ་སྤྲད་དེ། ཏང་ཀྲི་པུའུ་ཡིས་ཞིབ་འཇུག་བྱས་རྗེས་གོང་རིམ་གྱི་ཏང་ཨུར་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས། ཏང་དངུལ་ཉུང་སྤྲོད་དམ་སྤྲོད་མི་དགོས་པ"བཏོན་ཡོད།

  གོང་དུ་བཤད་པའི་ཆོད་དོན་གྱི་དགོངས་པ་ལྟར་ན། གླེན་ནད་བྱུང་བའི་ཏང་ཡོན་ནི་ཏང་ཀྲི་པུའུ་ཡིས་ཞིབ་འཇུག་བྱས་རྗེས་གོང་རིམ་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས་ཏང་དངུལ་མ་སྤྲོད་ན་ཆོག་པ་རེད། གུང་ཁྲན་ཏང་ཡོན་གྱིས་ཏང་དངུལ་སྤྲོད་པའི་དམིགས་ཡུལ་ནི་ཏང་རྩ་འཛུགས་ལ་བྱ་འགུལ་གྲོན་དངུལ་འདོན་སྤྲོད་བྱེད་པ་ལས་གཞན། ཆེས་གལ་ཆེ་བ་ནི་ཏང་ཡོན་གྱིས་དུས་ལྟར་ཏང་རྩ་འཛུགས་ལ་ཏང་དངུལ་སྤྲད་ན་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་རང་ཉིད་ཀྱིས་སྒྲུབ་པའི་ལས་འགན་མི་བརྗེད་པ་རེད། དེ་བས་ཏང་ཡོན་གྱི་འདུ་ཤེས་དང་ཏང་གི་རྩ་འཛུགས་ལྟ་བ་ཇེ་ཆེར་གྱུར། གླེན་ནད་བྱུང་བའི་ཏང་ཡོན་ནི་རྒྱུན་ལྡན་གྱི་བསམ་གཞིགས་ནུས་པ་ཤོར་བས་རང་ཉིད་ཀྱི་འདོད་པ་བཤད་མི་ཐུབ་པ་དང་ཏང་དངུལ་སྤྲོད་མི་ཐུབ་པས། ཁྱིམ་མིའམ་མི་གཞན་པས་དེའི་ཚབ་ཏུ་ཏང་དངུལ་སྤྲད་ན་རང་ཉིད་ཀྱི་རེ་འདུན་མ་ཡིན་པས། ཏང་ཡོན་གྱིས་ཏང་དངུལ་སྤྲོད་པའི་དོན་སྙིང་གལ་ཆེན་ཤོར་བ་རེད།

  ཏང་ཡོན་ལ་ཏང་ནང་གི་ལྟ་སྐུལ་བྱེད་པའི་ལས་འགན་དང་ཁེ་དབང་གང་དག་ཡོད།

  དྲི་བ། ཏང་ཡོན་ལ་ཏང་ནང་གི་ལྟ་སྐུལ་བྱེད་པའི་ལས་འགན་དང་ཁེ་དབང་གང་དག་ཡོད།

  དྲིས་ལན། ①མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་དུས་ཐོག་ཏུ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་བ་དང་མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་དགོས། ②ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་མཐུན་པ་ཡོད་ན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ཉིད་ཀྱི་བསམ་འཆར་སོ་ཉར་བྱ་རྒྱུའི་ཏང་གི་གྲོས་ཚོགས་ཐོག་གམ་ཏང་གི་རྩ་འཛུགས་ལ་བཏོན་ཆོག་པར་མ་ཟད། ཏང་གི་གོང་རིམ་རྩ་འཛུགས་དང་ཀྲུང་དབྱང་ལ་བཏོན་ཆོག་ལ། ཀྲུང་དབྱང་གི་ཆོད་དོན་དང་མི་མཐུན་པའི་བསམ་འཆར་འདོན་མི་ཆོག ③ཏང་གི་གྲོས་ཚོགས་ཐོག་ཏུ་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལའང་གཞི་འཛིན་ས་ཡོད་པའི་ངང་ནས་སྐྱོན་བརྗོད་བྱེད་ཆོག་པ་དང་། བྱ་བའི་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ་བྱ་དགོས།④ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལའང་ཁྲིམས་འགལ་ལུགས་འགལ་གྱི་དོན་དངོས་ཐེར་འདོན་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྤྱད་ལུགས་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་ལ་འཐབ་རྩོད་བྱ་དགོས།⑤ཏང་རྩ་འཛུགས་ཀྱིས་སྤེལ་བའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཞིབ་བསྡུར་བྱེད་པའི་བྱ་འགུལ་ནང་ཞུགས་ནས་བསམ་འཆར་འདོན་དགོས།

  ཏང་ནང་བཞག་ནས་ལྟ་ཞིབ་བྱེད་སྐབས་བྱ་བ་བཀོད་མངག་བྱེད་པའི་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཇི་ལྟར་བསྒྲུབ་དགོས་སམ།

  དྲི་བ། ངའི་ཆུང་མའི་སྡེ་ཁག་ཏུ་བློ་མཐུན་ཞིག་གིས་ཁྲིམས་འགལ་བྱས་པས་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་བཞིན་ཡོད། ད་ལྟ་བྱ་བའི་དགོས་མཁོ་ལྟར་སྡེ་ཁག་གཞན་དུ་བཀོད་མངག་བྱ་རྒྱུ་ཡིན་པས། ཁོའི་རྩ་འཛུགས་འབྲེལ་བ་ཇི་ལྟར་བསྒྲུབ་དགོས།

  དྲིས་ལན། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་སྐབས་སུ་བྱ་བ་བཀོད་མངག་བྱེད་པའི་ཏང་ཡོན་ནི་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྩ་འཛུགས་འབྲེལ་བའི་ངོ་སྤྲོད་ཡི་གེ་འབྲི་དུས། བློ་མཐུན་དེའི་ཆད་པ་གཅོད་པའི་གནས་ཚུལ་དང་ཁྲིམས་འགལ་བྱུང་རྗེས་ཀྱི་ངོས་འཛིན་གནས་ཚུལ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་དུས་ཡུན་བཅས་གསལ་བོར་བྲིས་ནས། ཏང་ཡོན་འདི་དགོས་པའི་སྡེ་ཁག་གི་ཏང་རྩ་འཛུགས་ལ་སྤྲད་དེ་མུ་མཐུད་དུ་སློབ་གསོ་དང་རྟོག་ཞིབ་བྱ་དགོས། ཏང་ཡོན་རང་ཉིད་ནས་ཀྱང་རང་འགུལ་གྱིས་སྡེ་ཁག་གསར་བའི་ཏང་རྩ་འཛུགས་ལ་གནས་ཚུལ་ཡར་ཞུ་བྱ་དགོས།

  ཏང་ཀྲི་པུའུ་ཡིས་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་སྐབས་སུ་མི་མང་ཆེ་བ་ཀྲི་པུའུ་ཡི་བསམ་འཆར་ལ་ཡིད་མ་མཐུན་ན་ཇི་ལྟར་བསྒྲུབ་དགོས་སམ།

  དྲི་བ། བདག་ནི་གཞི་རིམ་གྱི་ཏང་དོན་བྱ་བ་སྒྲུབ་མཁན་ཞིག་ཡིན། ཀྲི་པུའུ་ཡིས་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་སྐབས་མི་མང་ཆེ་བ་ཀྲི་པུའུ་ཡི་བསམ་འཆར་ལ་ཡིད་མ་མཐུན་ན་ཇི་ལྟར་བསྒྲུབ་དགོས།

  དྲིས་ལན། ཏང་ཀྲི་པུའུ་ཧྲུའུ་ཅི་ནི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གལ་ཆེན་ཞིག་ཡིན་པས་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་མགོ་ཁྲིད་བྱེད་པ་ཡིན། ཁོ་ནི་མགོ་ཁྲིད་ཐུན་མོང་འདིའི་ནང་དུ་གནས་ཡོད་ལ། མགོ་ཁྲིད་པ་ཐུན་མོང་གཞན་དང་མགོ་ཁྲིད་ཐུན་མོང་འདིའི་གོང་དུ་གནས་མི་ཆོག ཏང་ཀྲི་པུའུ་ཡི་བསམ་འཆར་ལ་མི་མང་ཆེ་བ་ཡིད་མ་མཐུན་ན་བྱ་སྤྱོད་ཐོག་ཏུ་ཐུན་མོང་གི་ཆོད་དོན་ལག་བསྟར་བྱེད་པ་དང་། རང་ཉིད་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས་མི་སྒེར་གྱི་བསམ་འཆར་བཙན་ཤེད་ཀྱིས་ལག་ལེན་བྱེད་མི་ཆོག ལྷག་པར་དུ་བསམ་འཆར་མི་མཐུན་པའི་བློ་མཐུན་ལ་རྡུང་རྡེག་འཁོན་སློག་བྱེད་མི་རུང་། ཀྲི་པུའུ་ཧྲུའུ་ཅི་ལ་བསམ་འཆར་མི་མཐུན་པ་ཡོད་ན་ཏང་ཡོན་དཀྱུས་མ་དང་འདྲ་བར་སོ་ཉར་བྱ་དགོས་པ་དང་། ཏང་གི་གྲོས་ཚོགས་ཐོག་ཏུ་སླར་ཡང་བཏོན་ནས་གྲོས་བསྡུར་བྱེད་པའམ་གོང་རིམ་ལ་ཡར་ཞུ་བྱེད་ཆོག

  ཏང་རྩ་འཛུགས་ཀྱིས་ཏང་ཡོན་སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་པའམ་གསལ་འབྱེད་བྱེད་སྐབས། ཏང་ཡོན་དེ་ཉིད་གྲོས་ཚོགས་ནང་དུ་ཞུགས་པ་དང་དག་སེལ་བྱེད་པའི་དབང་ཆ་ཡོད་པ་དང་། ཏང་གཞན་དག་གིས་དེའི་དཔང་བོ་བྱེད་པའམ་ཡང་ན་དེར་དག་སེལ་བྱེད་ཆོག

  དྲི་བ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་པའམ་གསལ་འབྱེད་བྱེད་སྐབས། ཏང་ཡོན་དེ་ཉིད་གྲོས་ཚོགས་ནང་དུ་ཞུགས་པ་དང་དག་སེལ་བྱེད་པའི་དཔང་ཆ་ཡོད་པ་དང་། ཏང་གཞན་དག་གིས་དེར་དཔང་བོ་བྱེད་ཆོག་པ་དང་དེར་དག་སེལ་བྱེད་ཆོག་གམ།

  དྲིས་ལན། ཏང་རྩ་འཛུགས་ཀྱིས་ཏང་ཡོན་སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་པའམ་གསལ་འབྱེད་བྱེད་སྐབས། ཏང་ཡོན་དེ་ཉིད་གྲོས་ཚོགས་ནང་དུ་ཞུགས་པ་དང་དག་སེལ་བྱེད་པའི་དཔང་ཆ་ཡོད་པ་དང་། ཏང་གཞན་དག་གིས་དེའི་དཔང་བོ་བྱེད་ཆོག་པ་དང་དེར་དག་སེལ་བྱེད་ཆོག འདི་ནི་ཏང་ཡོན་གྱི་དམངས་གཙོ་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་པའམ་སྐྱོན་ཡོན་གསལ་འབྱེད་བྱས་པའི་ཕྱི་རོལ་ཡུལ་གྱི་གཞུང་དྲང་དང་དངོས་ཐོག་བདེན་འཚོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

  ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་དག་སེལ་བྱེད་པ་དང་ཏང་ཡོན་གཞན་དག་གིས་སྐྱོན་ཡོན་གསལ་འབྱེད་བྱས་པར་ནན་ཏན་གྱིས་ཉན་པ་དང་ཞིབ་བསྡུར་བྱས་རྗེས། ལུགས་དང་མཐུན་པའི་བསམ་འཆར་དང་ལེན་བྱ་དགོས། མི་དགོས་པའི་བསམ་འཆར་དེ་དག་ཏང་ཡོན་ལ་གསལ་བཤད་བྱས་ནས། ཆད་གཅོད་བྱས་པ་དེ་དག་དགའ་བས་དང་ལེན་བྱ་དགོས་པ་དང་། ཏང་ཡོན་གཞན་དག་གིས་དངོས་ཐོག་བདེན་འཚོལ་གྱིས་དག་སེལ་བཅས་བྱས་ན་བརྩད་གཅོད་བྱེད་མི་རུང་།།