མི་རིགས་མཐུན་སྒྲིལ་ནི་རྩྭ་ཐང་འཕེལ་རྒྱས་སུ་འགྲོ་བའི་སྣེ་ཁྲིད་མཁན་ཡིན།--མཚོ་བྱང་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚོད་ལྟའི་ས་ཚིགས་ཁུལ་གསར་འཛུགས་བྱས་པའི་གནས་ཚུལ།

  ཧི་ཏིན། སོན་ཀྲུང་ཞང་།

  འདི་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་ཞིག་ཡོད།

  གསར་འགོད་པ། ཏུའུ་ཡུས་ཏན།

  བརྩེ་སེམས་ཀྱི་བསིལ་ཟེར་མདའ་བཞིའི་མཁའ་རུ་འཕྲོས།

  -མདའ་བཞི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དཔལ་མཁར་ཚེ་རིང་གི་གནས་ཚུལ་བཀོད་པ།

  གསར་འགོད་པ། རྟ་མགྲིན་མཚོ།

  ཏང་ཀྲི་པུའུ་བྱ་བའི་མཛུབ་སྟོན།

  མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་རྫོང་ཞིག་འཛུགས་ཤིང་འཆམ་མཐུན་གྱི་

  མདའ་བཞི་ཞིག་བསྐྲུན་པའི་འཆར་འགོད་འབྲི་བ།

  -མདའ་བཞི་རྫོང་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་གསར་སྐྲུན་བྱ་འགུལ་སྤེལ་བ་ཕྱོགས་བསྡུས་སུ་བཤད་པ།

  གླེང་ གཞི།

  1954ལོའི་ཟླ1པའི་ཚེས1ཉིན་མགོ་ལོག་བོད་རིགས་རང་སྐྱོང་ལྗོངས(1955ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར།)དངོས་སུ་བཙུགས་པས། རང་སྐྱོང་ཁུལ་གྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཡར་ལངས་ཐོབ་ནས་ས་དེ་གའི་བདག་པོར་གྱུར་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཁོ་ཚོས་ཏང་གི་དཔལ་འབྱོར་དང་སྤྱི་ཚོགས། མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་པ་དང་ས་ཁུལ་འདིའི་འཕེལ་རྒྱས་དང་མཐུན་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་པས། རིམ་བཞིན་དམའ་ཞིང་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་མཐོར་འདེགས་བྱུང་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལོ་ངོ60ནང་དུ་དབུལ་ཕོངས་དང་རྗེས་ལུས་ནས་རིམ་བཞིན་དར་རྒྱས་གོང་འཕེལ་བྱུང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་། ནང་སྒོས་སུ་བཅོས་བསྒྱུར་སྒོ་འབྱེད་ཚུན་དུ་ཏང་གི་ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་མཛུབ་སྟོན་འོག་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་བ་དང་བསམ་བློ་བཅིངས་འགྲོལ། རིགས་ལམ་གསར་སྐྲུན་བྱས་ནས་ཏང་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཤིང་། བདེན་འཚོལ་དངོས་གཉེར་དང་གསར་གཏོད་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བརྩམས་པ་རེད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་བྱུང་མ་མྱོང་བའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་དངོས་པོའི་རིག་གནས་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བས། མི་དམངས་ཕྱུག་པོ་དང་ཁུལ་སྟོབས་འབྱོར་ལྡན་པ། འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དམིགས་ཡུལ་མངོན་དུ་འགྱུར་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

  གཅིག དཔལ་འབྱོར་སྤྱི་ཚད་དང་ཕྱོགས་བསྡུས་དངོས་ཤུགས་ཇེ་ཆེར་བཏང་།

  སྲིད་དབང་བཙུགས་རྗེས་རང་སྐྱོང་ཁུལ་གྱིས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བ་དང་། ནང་སྒོས་སུ"ལྔ·བཅུ་གཉིས"ཚུན་དུ། ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོ་རེབ་སྐོར་གསར་བའི་འཐབ་ཇུས་ལག་ལེན་དང་། བོད་ཁུལ་མཆོང་སྟབས་ཀྱིས་འཕེལ་རྒྱས་སུ་གཏོང་ཚདཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཧྲང་ཧེ་དང་ཀྲུང་དབྱང་སྡེ་ཁག་གིས་མགོ་ལོག་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་ཆེན་པོ་འདི་དག་དམ་འཛིན་བྱས་ནས། འཕེལ་རྒྱས་ཀྱི་བྱེད་ཐབས་ཤུགས་ཆེར་བཏང་བ་དང་འཕེལ་རྒྱས་ཁྲོད་ཐུག་པའི་དཀའ་ངལ་ཐག་གཅོད་བྱས་པས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར། བརྟན་པོའི་ངང་གོང་དུ་འཕར། དུས་མཚུངས་སུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚད་ཀྱང་གོམ་གང་མདུན་སྤོའི་སྒོས་ཇེ་ཆེར་སོང་སྟེ། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དུ་གོང་འཕེལ་བྱུང་པ་རེད། 2013ལོར་ཁུལ་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་སྡོམ་ཐང་སྒོར་ཁྲི320776བྱུང་བ་དེས1952ལོ་ལས་ལྡབ21.93འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྡོམ་ཐང་སྒོར16897དུ་བསླེབས་པས1952ལོ་ལས་ལྡབ5.56འཕར།

  གཉིས། ཕྱུགས་ལས་ཐོན་སྐྱེད་བརྟན་པོར་འཕར་བ་དང་དཔལ་འབྱོར་ཕན་འབྲས་རིམ་བཞིན་མཐོར་འདེགས་བྱུང་།

  སྲིད་བཙུགས་པའི་ཚུན་དུ། ཁུལ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱུགས་ལས་འཕེལ་རྒྱས་དེ་དཔལ་འབྱོར་བྱ་བའི་ཨང་དང་པོར་བརྩིས་ནས་བཟུང་བ་དང་ཕྱུགས་ལས་དཔལ་འབྱོར་གྱི་རྨང་གཞི་གོ་གནས་ལ་ཤུགས་བསྣན། "ལྔ·བཅུ་གཉིས"སྐབས་སུ་གོམ་གང་མདུན་སྤོའི་སྒོས་ཕྱུགས་ལས་ཐོན་སྐྱེད་མཉམ་ལས་ཁང་སོགས་ཀྱི་ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་སྒྲིག་སྲོལ་ལམ་ལུགས་བཅོས་བསྒྱུར་ལག་བསྟར་བྱས་པ་དང་། ཕྱུགས་ལས་འཕེལ་རྒྱས་བྱེད་སྟངས་བསྒྱུར་པར་སྐུལ་འདེད་བཏང་བས། ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་ཤུགས་ཆེར་བཏང་ཞིང་། ཕྱུགས་ལས་འཕེལ་རྒྱས་བརྟན་པོར་འཕར་བ་རེད། 2013ལོར་ཁུལ་ཡོངས་ཀྱིས་ཞིང་ཕྱུགས་ལས་ཐོན་སྐྱེད་སྡོམ་ཐང་སྒོར་ཁྲི66950.52གྲུབ་ནས1952ལོ་ལས་ལྡབ3.05འཕར་ཡོད།

  གསུམ་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་བྱས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་བཀོད་ཁྱོན་ཡོངས་ནས་ལག་བསྟར་བྱས།

  སྲིད་བཙུགས་པའི་ཚུན་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་བའི་བྱ་བར་མཐོང་ཆེན་བྱས། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་པ་དང་། ལྷག་པར་དུ"ལྔ·བཅུ་གཅིག"ནས་བཟུང་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་བ་མགྱོགས་མྱུར་དུ་གོང་དུ་འཕེལ་བ་དང་། དངུལ་གཏོང་འཛུགས་སྐྲུན་གྱིས་དཔལ་འབྱོར་འཕར་བ་ལ་ནང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དུས་ཡུན་རིང་བོར་རྗེས་སུ་ལུས་པའི་རྣམ་པ་མངོན་གསལ་དུ་ལེགས་བཅོས་བྱུང་།

  2003ལོར་ཕྱུགས་བསྐྱུར་རྩྭ་གསོའི་རྣམ་གྲངས་དང2005ལོར་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་བཀོད་ལག་བསྟར་བྱས་པའི་ཚུན་དུ། ཁུལ་ཡོངས་ཀྱི་རྫོང6དང་ཞང་གྲོང27དུ་བྱེ་ཐང་ཅན་གྱི་ས་ཞིང་སྔོན་འགོག་དང་རི་བཀག་ནགས་གསོ། ས་ནག་ཐང་བཅོས་སྐྱོང་། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག རྩྭ་ཐང་གི་མེ་སྐྱོན་སྔོན་འགོག ཨ་བྲའི་གནོད་འཚེ་སྔོན་འགོག ཕྱུགས་གསོ་འཛུགས་སྐྲུན། གྲོང་ཁྱེར་ཆུང་བ་འཛུགས་སྐྲུན། སྐྱེ་ཁམས་གནས་སྤོ་ཡུལ་མི། མི་ཕྱུགས་འཐུང་ཆུ། རོང་འབྲོག་པའི་ཚན་རྩལ་གསོ་སྦྱོང་། ཕྱུགས་བསྐྱུར་རྩྭ་གསོ་སོགས་གཙོ་བོ་ཡིན་པའི་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས། 2013ལོའི་བར་རྒྱལ་ཁབ་ཀྱིས་རིམ་པར་བཏང་བའི་མ་དངུལ་སྒོར་བསྡོམས་འབོར་དུང་ཕྱུར22.47བྱུང་བས། ལེགས་གྲུབ་བྱུང་ཚད100%རུ་བསླེབས།

  བཞི་བ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མགྱོགས་མྱུར་དུ་གོང་དུ་འཕེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གྱུར་བ།

  སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་གཟིགས་སྐྱོང་གི་སྲིད་ཇུས་གཏན་འཁེལ་དང་ལེགས་བཅོས་བྱས་པ་དང་ཆབས་ཅིག་ཏུ་སྤྱི་དབང་ལམ་ལུགས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོ། སྐྱོན་བྲལ། མགྱོགས་མྱུར་ངང་འཕེལ་རྒྱུས་བྱུང་བ་དང་བསྟུན་ནས། ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་ཀྱི་སྒྲིག་གཞིར་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་བྱུང་། 2013ལོར་ཁུལ་ཡོངས་ཀྱི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང3516དང་ལས་གཉེར་མི་སྣ5383། ཐོ་བཀོད་མ་དངུལ་སྒོར་ཁྲི17512། སྒེར་གཉེར་ཁེ་ལས་ཁྱིམ་ཚང159། ཐོ་བཀོད་མ་དངུལ་སྒོར་ཁྲི65873བཅས་སུ་བསླེབས། གནས་སྐོར་གཙོ་བོ་ཡིན་པའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གསར་གཏོད་ལ་ཐོག་མར་ཕན་འབྲས་མངོན་གསལ་ཐོབ། 2013ལོར་མགོ་ལོག་ཁུལ་གྱི་གནས་སྐོར་མི་གྲངས་ཁྲི21.43དུ་བསླེབས་པས་གནས་སྐོར་ཡོང་སྒོ་སྒོར་ཁྲི12215.10རུ་བསླེབས་པ་རེད།

  ནོར་སྲིད་ཡོང་སྒོ་རིམ་བཞིན་ཇེ་མཐོར་དང་འགྲོ་གྲོན་ཇེ་མང་དུ་སོང་བ་དང་ཆབས་ཅིག གྲོང་རྡལ་སྡོད་དམངས་ཀྱི་ཡོང་སྒོ་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་། 2013ལོར་གྲོང་རྡལ་སྡོད་དམངས་ཀྱི་ཆ་སྙོམས་ལག་ཐོག་ཡོང་སྒོ་སྒོར19595.63སུ་བསླེབས་པ་དང་། རོང་འབྲོག་པའི་ཡོང་སྒོ་སྒོར་མྱུར་དུ་འཕར། 2013ལོར་ཁུལ་ཡོངས་ཀྱི་རོང་འབྲོག་པའི་ཆ་སྙོམས་ཡོང་སྒོ་སྒོར4261.22ཡོད་པས1959ལོ་ལས་ལྡབ33.09འཕར།

  ལྔ་བ། སྤྱི་ཚོགས་ལས་དོན་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ།

  ཁུལ་ཡོངས་ཀྱི་སློབ་གསོ་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བས་བྱིས་པ་ཁང་དང་སློབ་གསོ་དཀྱུས་མ། མི་རིགས་སློབ་གསོ། དར་མའི་སློབ་གསོ་སོགས་ཀྱི་བྱེད་སྟངས་སྣ་མང་ཅན་གྱི་སློབ་གསོ་མ་ལག་ཆགས་པ་དང་། རིག་གནས་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་རིག་གནས་དམངས་ཕན་གཏིང་ཟབ་ཏུ་བཏང་བས་སྤྱི་པའི་རིག་གནས་ཞབས་ཕྱིའི་དྲ་བ་ཆགས། འཕྲོད་བསྟེན་ལས་དོན་སྐྱོན་བྲལ་ངང་འཕེལ་བ་དང་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། འཕྲོད་བསྟེན་ལས་ཁུངས་དང་ལག་རྩལ་སྟོབས་ཤུགས་རིམ་བཞིན་ཤུགས་ཆེར་བཏང་སྟེ། འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་གནད་དོན་ཐག་བཅད། ཧུར་ཐག་གིས་ལས་ཞུགས་སྲིད་ཇུས་དངོས་འབེབས་བྱས་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་བ། ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་བྱས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བས་དབུལ་སྐྱོར་བྱ་བའི་ཐད་འཕེལ་རྒྱས་གསར་བ་ཐོབ།

  སྲིད་བཙུགས་པའི་ལོ་ངོ60ནང་དུ། མགོ་ལོག་ཁུལ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཀྱིས་ཁྱེར་ཡོང་བའི་དྲོད་སྐྱིད་ལ་མྱངས་ཐུབ་པ་བྱུང་། ད་ལྟ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས་ལངས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་མཛུབ་སྟོན་འོག ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་པ་དང་། གཞན་གྱིས་གཅིག་བསྒྲུབས་ན་རང་གིས་བཅུ་བསྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས། མཐུན་སྒྲིལ་གཅིག་མཐུན་དང་མགྱོགས་མྱུར་ངང་གོང་དུ་འཕེལ་བའི་ཡིད་ཆོས་དང་ཆོད་སེམས་ཇེ་ཆེར་བཏང་བས། ཕྱུག་འབྱོར་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མགོ་ལོག་གསར་བའི་མདུན་སྐྱོད་ཀྱི་ལམ་ཆེན་གསར་བ་ཞིག་ཏུ་ཞུགས་མགོ་བརྩམས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་དམངས་ཕྱུག་པོ་དང་ཁུལ་སྟོབས་འབྱོར་ལྡན་པའི་གཞི་རྩའི་དམིགས་ཡུལ་མངོན་དུ་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།།