རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་པར་སྐྲུན་ལས་དོན་མུ་མཐུད་དུ་དར་རྒྱས་བྱུང་བ།

  ལོ་སྟོད་དུ་ཞིང་ཆེན་ཏང་ཨུས་གཞི་རིམ་ཏང་འཛུགས་བྱ་བར"གཞི་རིམ་རྩ་འཛུགས་ཇེ་བརྟན་དང་རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན། གཞི་རྩའི་ནུས་པ་སྐྱེད་སྲིང"བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་བཏོན། ཡང་དག་པའི་སྒོ་ནས"གཞི་རིམ་འཛུགས་སྐྲུན་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ"འཛུགས་སྐྲུན་ལ་ངེས་འཛིན་བྱེད་དགོས་ཤིང་། བྱ་བའི་མགོ་རྩོམ་ས་བཙལ་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་ངང་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བ་མངོན་འགྱུར་ཡོང་བ་ནི་ང་ཚོར་འཕྲད་པའི་བརྗོད་སྙིང་གལ་ཆེན་ཞིག་ཡིན།

  གཅིག "གཞི་རིམ་འཛུགས་སྐྲུན་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ"བཅས་ཀྱི་བྱ་བའི་གྲུབ་འབྲས་ཉམས་མྱོང་ནན་ཏན་གྱིས་སྤྱི་སྡོམ་བྱ་དགོས།

  གཞི་རིམ་འཛུགས་སྐྲུན་ཕྱོགས་ནས། གཅིག་ནི་གཞི་རིམ་གྱི་དཔུང་སྡེ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། སློབ་གྲྭ་ཆེན་མོ31བསྡུས་ནས་སྡེ་བའི་སྤྱི་ཚོགས་དང་དམངས་ཀྱི་འདོད་བློ་དང་ཏང་འཛུགས་ཆ་འཕྲིན་མཁན་གྱི་འགན་འཁུར་དུ་བཞག སྡེ་ཁུལ་ལས་བྱེད་མི་སྣ20བསྡུས་ཤིང་། དམག་ཞབས་ཐིམ་ནས་ཕྱིར་ལོག་པའི་དམག་མི27སྡེ་ཁུལ་དང་ཤང་གྲོང་ལས་གནས་སྟེང་བཀོད་སྒྲིག་བྱས། རྫོང་དང་ཤང་འབྲེལ་གཏུག་ས་ཚིགས་མགོ་ཁྲིད་དང་སྡེ་བ་རུ་སྡོད་པའི་ལས་བྱེད་པ། མ་སྡེབ་མཉམ་སྐྲུན་ལས་ཁུངས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། སྡེ་བ་རིམ་པའི་བྱ་བ་བསྒྲུབ་པར་རོགས་རམ་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཐབ་འཛིང་གི་ནུས་པ་ཇེ་མཐོར་བཏང་། གཉིས་ནི་གཞི་རིམ་གྱི་སྒྲིག་གཞི་རྣམ་པ་གསར་འབྱེད་བྱས། འབྲོག་པ་གཏན་སྡོད་ཁུལ་དུ་ཏང་གི་ཚན་ཆུང11བཙུགས་ཤིང་། སྡེ་ཁག7དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས5བཀོད་སྒྲིག་བྱས་ཏེ། ཏང་རྩ་འཛུགས་ཀྱི་བྱ་བ་སྤེལ། ལས་བྱེད་པ7མངགས་ནས་ཏང་འཛུགས་མཛུབ་སྟོན་མཁན་གྱི་འགན་འཁུར། ཁེ་ལས་ལ་རོགས་རམ་བྱས་ནས་ཏང་རྩ་འཛུགས་འཛུགས་པ་དང་ཏང་དོན་བྱ་བ་སྒྲུབ་རོགས་བྱས། གསུམ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་འཛུགས་དཔེ་སྟོན་ངོ་སྤྲོད་དང་མིང་བཏགས་བྱ་བར་སྐུལ་འདེད་བྱས། རིམ་པ་སོ་སོའི་ཏང་འཛུགས་དཔེ་སྟོན་ས་ཚིགས17སྐྱེད་སྲིང་བྱས་པ་དང་། སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས35དང་། ཏང་ཡོན་ལས་བྱེད་པར་དེང་རབས་རྒྱང་རིང་སློབ་གསོ་མཐའ་སྣེ་ས་ཚིགས39འཛུགས་སྐྲུན་བྱས། སེམས་ཞིབ་མོས་རོང་འབྲོག་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཏང་ཀྲི་པུའུ་དང་ཏང་ཡོན་དཔེ་སྟོན་ཁྱིམ་ཚང་གསར་འཛུགས་བྱ་འགུལ་སྤེལ། རྗེས་ལུས་ཡིན་པའི་ཏང་ཀྲི་པུའུ་དག་ཐེར་བྱས་ཏེ། རྗེས་ལུས་སྡེ་བ་རིམ་པའི་རྩ་འཛུགས་ལ་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།

  རྨང་གཞིའི་བྱ་བའི་ཕྱོགས་ནས། གཞི་རིམ་ལམ་ལུགས་དང་ལག་བསྟར་ནུས་པ་འཛུགས་སྐྲུན་འཐུས་ཚང་དུ་བཏང་། ཏང་ཡོན་དོ་དམ་གྱི་ལག་བསྟར་བསམ་འཆར་གཏན་འཁེལ་བྱས་པ་དང་། ཏང་ཡོན་སྐྱེད་སྲིང་བྱེད་པའི་ལམ་ལུགས་དང་བརྒྱུད་རིམ་ཚད་ལྡན་དུ་བཏང་། གཞི་རིམ་ཏང་རྩ་འཛུགས་ལྟ་ཞིབ་དཔྱད་ཞིབ་བྱེད་ཐབས་བཙུགས་པས། ཚན་རིག་དང་མཐུན་པའི་གཞི་རིམ་ཏང་འཛུགས་གདེང་འཇོག་མ་ལག་གྲུབ། རོང་འབྲོག་ཁུལ་ལས་བྱེད་པའི་ཐོབ་ཐང་དང་སྐུལ་མ་གཏོང་བའི་འགན་སྲུང་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཀྲམ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་ནས་ལོ་ངོ20ཡན་འགོར་བ་དང་ད་ལྟ་ལས་གནས་སྟེང་ཡོད་པ་དང་ངལ་གསོ་བྱས་ཡོད་པའི་སྡེ་བའི་ལས་བྱེད་པ33ལ་འཁོར་རྒྱུག་ཁང་པ་བཀོད་སྒྲིག་བྱས། སྡེ་བ་རིམ་པའི་ནོར་དོན་དང་སྡེ་བའི་ལས་བྱེད་པར་ལྟ་སྐུལ་བྱེད་པའི་དོ་དམ་ལ་ཤུགས་བསྣན་ནས། སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་ཁོངས་མི་རྩ་འཛུགས་བྱས་ཏེ་རང་སྐྱོང་རང་འབྱུན་བྱེད་པའི་བྱ་བ་སྤེལ། གཞི་རིམ་ཞབས་ཕྱི་དང་འགན་སྲུང་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་། རྫོང་རིམ་པར་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་། ཤང་དང་གྲོང་རྡལ། སྡེ་བ་སྐོར་ཞིག་ཏུ་དམངས་ལ་སྟབས་བདེ་ཡིན་པའི་ཞབས་ཞུ་ས་ཚིགས་བཙུགས། སྡེ་བ་རིམ་པའི"ལས་དོན་གསུམ་ཁྱབ་བསྒྲགས"དང"སྡེ་བའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་འདོན་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་མོལ་བྱེད་པ། ཏང་ཡོན་ཚོགས་ཆེན་སྟེང་དུ་གྲོས་ཞིབ་བྱེད་པ"ཡི་ལམ་ལུགས་དངོས་འབེབས་བྱས་ཏེ། སྡེ་བ་རིམ་པའི་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས། ཏང་ཡོན་དོ་དམ་ལ་ཤུགས་བསྣོན་དང་ལེགས་བཅོས་བྱས། འཁོར་རྒྱུག་ཏང་ཡོན་ཆ་འཕྲིན་སྟེགས་བུ་བཙུགས་ཤིང་ཞབས་ཞུ་ཁ་པར་འཐེན། འཁོར་རྒྱུག་ཏང་ཡོན་ལ་འཁོར་རྒྱུག་ཏང་ཡོན་བྱ་འགུལ་དཔང་ཡིག་སྤྲད།

  གཞི་རྩའི་ནུས་པའི་ཕྱོགས་ནས། གཅིག་ནི་ཕུགས་འདུན་དང་དད་སེམས་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སོགས་ནང་དོན་གཙོ་བོར་གཞིགས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་སློབ་གསོ་བྱ་འགུལ་སྤེལ་བ་དང་བརྗོད་གཞི་གཙོ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས། གཉིས་ནི"གཏན་འཇགས་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཚོགས་པའི་ཁ་བྲལ་སྟོབས་ཤུགས་ཀྱི་རང་བཞིན་མཚང་འབྱིན་བྱེད་པ"བརྗོད་གཞི་ཡིན་པའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཆེད་སྒྲིག་རྩ་འཛུགས་འཚོ་བའི་ཚོགས་འདུ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལ་སློབ་གསོ་བཏང་། གསུམ་ནི་གཙོ་གནད་ཡོད་པའི་སྒོ་ནས་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱིས་ཁོངས་མི་གསོ་སྦྱོང་བྱེད་པ་གཙོར་བཟུང་ནས། སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་འགན་འཁྲི་མི་སྣའི་བྱང་ཚད་དང་གཞི་རིམ་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་།

  གཉིས། ཧུར་བརྩོན་གྱིས"གཞི་རིམ་རྩ་འཛུགས་ཇེ་བརྟན་དུ་གཏོང་བའི་ཐད་འབད་བརྩོན་བྱེད་པ"། མི་བཀོལ་སྤྱོད་བྱེད་ཕྱོགས་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། དུས་ཡུན་རིང་བོར་གཞི་རིམ་གྱི་ལས་ཡུལ་དང་པོ་ནས་བྱ་བར་འབད་བརྩོན་བྱེད་པའི་ལས་བྱེད་པ་དེ་མགོ་ཁྲིད་ཚན་ཁག་ཁྲོད་འཇོག་དགོས། སྡེ་བ་རིམ་པའི་སྐབས་བརྗེ་བྱ་བར་ཟུང་འབྲེལ་བྱས་ནས་ཕྱུག་བསྒྱུར་མཁན་དང་སློབ་གྲྭ་ཆེན་མོའི་སྡེ་དཔོན། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློའི་ཏང་འཛུགས་ཆ་འཕྲིན་པ། དམག་ལས་ཕྱིར་ཐོན་པའི་དམག་མི་སོགས་ཀྱི་ཁྲོད་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་འགན་འཁྲི་མི་སྣ་རུ་གདམ་བསྐོ་བྱེད་དགོས། ཆེད་ལས་མཉམ་ལས་ཁང་དང་མཐུན་ཚོགས་བཙུགས་པའི་སྡེ་བའི་ཏང་རྩ་འཛུགས་ལ་བརྟེན་ནས། སྡེ་བའི་ཏང་ཀྲི་པུའུ་གཙོ་བོ་དང་འབྲོག་པ་གཏན་སྡོད་ཁུལ་ཏང་རྩ་འཛུགས་རྨང་གཞི་ཡིན་པའི་རོང་འབྲོག་ཁུལ་གཞི་རིམ་ཏང་རྩ་འཛུགས་སྒྲིག་གཞི་གསར་འཛུགས་བྱ་དགོས། ཏང་ཡོན་དཔུང་སྡེ་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ལོ་ན་གཞོན་པ་དང་རིག་ནས་ཆུ་ཚད་མཐོ་བའི་མི་སྣ་དུས་ཐོག་ཏུ་ཏང་ཡོན་དཔུང་སྡེ་ཁྲོད་ཁ་གསབ་བྱ་དགོས།

  གཉིས་ནི་གཞི་རིམ་ཚད་ལྡན་ཅན་འཛུགས་སྐྲུན་ཐད་འབད་བརྩོན་བྱ་དགོས། "ལྔ་ཅན་གཅིག"གི་ཚད་གཞི་ལྟར་ལམ་ལུགས་འཐུས་ཚང་དང་"ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"ནས་མགོ་བརྩམས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་བྱ་བ་ལེགས་པར་བསྒྲུབ་དགོས། ཧུར་བརྩོན་གྱིས་མ་དངུལ་བརྩོན་ལེན་བྱས་ཏེ་ཤང་གྲོང་རྨང་གཞི་སྒྲིག་ཆས་ཆ་རྐྱེན་དང་ཤང་གྲོང་ལས་བྱེད་པའི་འདུག་ས་དང་འཚོ་བ། གཞུང་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱ་དགོས། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་དང་། ནོར་སྲིད་དང་དམངས་སྲིད། བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་འབྲེལ་ནས། བྱ་འགུལ་སྤེལ་སའི་འཛུགས་སྐྲུན་གྱི་མཉམ་ཤུགས་འགྲུབ་པར་བྱས་ཏེ། ཐུན་མོང་གིས་གཞི་རིམ་རྩ་འཛུགས་ལ་ཞབས་ཞུ་བསྒྲུབ་དགོས།

  གསུམ་ནི་གཞི་རྩའི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་འབད་བརྩོན་བྱ་དགོས། བརྟག་དཔྱད་ཞིབ་འཇུག་བཟང་བོ་སྤེལ་བ་དང"ལས་ཡུལ་དང་པོའི་བྱ་བ་བྱེད་ཐབས"སྤྱད་དེ་དུས་རྒྱུན་དུ་མང་ཚོགས་ཁྲོད་སོང་ནས་ལས་ཡུལ་དང་པོ་ནས་གནས་ཚུལ་རྒྱུས་ལོན་དང་ལས་ཡུལ་དང་པོ་ནས་གནད་དོན་ལ་ལེན་འདེབས་པ། ལས་ཡུལ་དང་པོ་ནས་རིག་ལམ་ཇུས་འགོད་བྱ་དགོས། སྣེ་ཁྲིད་བཟང་བོ་བྱ་དགོས། རང་དཔེ་གཞན་སྟོན་དང་མིག་དཔེ་ཅན་དྲིལ་བསྒྲགས། དམངས་ཀྱི་འདོད་བློ་བསྒྲགས་པའི་ཐབས་ལམ་རྒྱ་བསྐྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ལ་སྲིད་ཇུས་བསྒྲགས་པ་དང་གནས་ལུགས་བཤད་པ། བཟང་ཆ་དང་སྐྱོན་ཆ་གླེང་ནས་དོན་དངོས་སྟེང་མང་ཚོགས་ཀྱི་བློ་ཡིད་འགུག་དགོས། འགལ་བ་སེལ་བར་འབད་པ་བྱ་དགོས། "ཧྥུན་ཆའོ་ཉམས་མྱོང"སྤྱད་དེ་ཕན་ནུས་ལྡན་པའི་ངང་འགལ་ཟླ་སེལ་དང་ཏེ། གནས་ལུགས་དང་མཐུན་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། གནས་ལུགས་དང་དང་མི་མཐུན་པའི་གནད་དོན་བཏོན་པར་སློབ་གསོ་བཟང་བོ་གཏང་དགོས། འཚོ་བར་དཀའ་ཁག་ཡོད་པར་རོགས་རམ་བྱ་དགོས། ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། རང་འགུལ་གྱིས་ཞབས་ཞུ་བསྒྲུབ་པ་དང་། གཞི་རིམ་དུ་སོང་ནས་མང་ཚོགས་ཀྱི་ཆེད་དུ་ཞབས་ཞུ་བཟང་བོ་བསྒྲུབ་པ། ལག་ལེན་གསར་འབྱེད་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱི་ལྟ་ཚུལ་དང་བྱེད་ཐབས་སྤྱད་དེ་མིག་རྒྱང་རིང་བའི་སྒོ་ནས་གནས་ཚུལ་གསར་བར་ལྟ་བ་དང་འདུ་ཤེས་གསར་བས་གནད་དོན་གསར་བར་བསམ་བློ་གཏང་དགོས། བྱེད་ཐབས་གསར་བས་འགལ་ཟླ་གསར་བ་ཐག་གཅོད་བྱ་དགོས།

  རྩོམ་པ་པོ་ནི་ཀྲུང་གུང་རྐང་ཚྭ་རྫོང་ཏང་ཨུ་ཧྲུའུ་ཅུ་ཡིན། རྟ་མགྲིན་མཚོས་བསྒྱུར།

2014ལོའི་དུས་དེབ་བཞི་བ།