ངའི་ཀྲུང་གོའི་ཕུགས་འདུན།

  མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གོ་རིམ་ཁྲོད། བྱ་འགུལ་གྱི་བརྗོད་དོན་ལ་ཕྱོགས་པ་དང་སྤྱིའི་བླང་བྱ་ལྟར། ལས་བྱེད་མི་སྣའི་སྤྱོད་སྟངས་བཅོས་སྒྱུར་དང་། ལག་བསྟར་གྱི་ནུས་པ་མཐོར་འདེགས་དང་འབུར་ཐོན་གནད་དོན་ཐག་གཅོད་པ། དྲིལ་སྒྲོག་པུའུ་ཡི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གནས་པའི་གནད་དོན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པས་བྱ་བ་གཙོ་བོ་ཕྱོགས་ལྔ་ནས་མཐོར་འདེགས་བྱུང་བ་ལས་གཞན། དྲིལ་སྒྲོག་པུའུ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་དོན་ལྡན་ཡིན་པ་ལས་ཁ་སྟོང་ནང་གི་ཚིག་སྟོང་ཙམ་དུ་གྱུར་མེད།

  སློབ་སྦྱོང་ལ་ཤུགས་བསྐྱེད་དེ་གོ་བ་ཟབ་མོ་ལེན་པ་དང་སྦྱང་བ་དོན་སྨིན་ཡོང་བར་ཁག་ཐེག་བྱས། ད་སྔ་ཏང་ཡོན་ལས་བྱེད་པས་གཞུང་ལུགས་སློབ་སྦྱོང་བྱས་པ་མི་འདང་བ་དང་བརྩོན་པ་མེད་པའི་གནད་དོན་ལ་དམིགས་ཏེ། སློབ་སྦྱོང་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གོ་རིམ་ཧྲིལ་བོར་བཞག་ཅིང་། སློབ་སྦྱོང་གི་རྣམ་པ་གསར་གཏོད་དང་གཞུང་ལུགས་ཀྱི་བགྲོ་གླེང་ལ་སྐུལ་སྤེལ་བྱེད་པ། ཟབ་སྦྱོང་སྦྱོང་བརྡར་ལ་ཤུགས་བསྐྱེད་དེ་བསམ་བློ་དྲིལ་སྒྲོག་གི་བྱ་བའི་རྨང་གཞི་ཇེ་བརྟེན་ཏུ་བཏང་། སློབ་སྦྱོང་རང་བཞིན་དང་དངོས་དོན་རང་བཞིན། ཞབས་ཞུ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་པ་ཕྱོགས་ཏེ། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་འབྲས་བུ་དེ་བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བར་སྣེ་ཁྲིད་དང་། སློབ་སྦྱོང་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས་བསམ་བློ་བརྟན་པོ་དང་སྤྱོད་སྟངས་ལེགས་པོ། བྱ་བ་ནན་ཏན་ཡིན་པའི་དྲིལ་སྒྲོག་བྱ་བའི་དཔུང་སྡེ་ཞིག་ཆགས་པར་འབད་པ་བྱས།

  བརྗོད་དོན་དྲིལ་སྒྲོག་ལ་ཤུགས་བསྐྱེད་དེ་གླེང་ཕྱོགས་དྲིལ་སྒྲོག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། དཔའ་ལུང་རྫོང་གི་དྲིལ་སྒྲོག་བྱ་བ་འབུར་ཐོན་མིན་པ་དང་སྤུས་ཚད་ལྡན་པའི་དྲིལ་སྒྲོག་ཉུང་བ། དུས་ཚོད་ཀྱི་འདུ་ཤེས་ཞན་པ་དང་གསར་ལམ་ལ་དོ་སྣང་ཉུང་བ་སོགས་ཀྱི་གནད་དོན་ལ་གཞིགས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཆོད་དོན་གཙོ་ཤོས་དང་བརྗོད་དོན་དོན་ལྡན་གྱི་དྲིལ་སྒྲོག་ཇེ་ལེགས་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་གཞི་རྩར་བཟུང་སྟེ་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱུན་འཐུད་འཕེལ་རྒྱས་ཀྱི་ཆོད་དོན་སོ་སོ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་དང་། མཚེས་མགུར་འཛུགས་སྐྲུན་གྱི་དགོས་ངེས་རང་བཞིན་དང་བླངས་ཟིན་པའི་གྲུབ་འབྲས། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ནས་དཀའ་བ་ཁྱད་སེལ་དང་ཉེན་ཁ་གདོང་ལེན་གྱི་ཡིད་ཆེས་དང་ཆོད་སེམས་དྲིལ་སྒྲོག་བྱས་ཤིང་། གསར་ལམ་སྣ་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྐྱེད་དེ་ཞིང་ཆེན་ཕྱི་ནང་གི་གསར་ལམ་ལས་ཆེད་སྒྲིག་བརྒྱུད་སྒྲོག་དང་། ཞིང་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་གསར་ལམ་གྱི་སྟོབས་ཤུགས་ལ་བརྟེན་ནས་དྲིལ་སྒྲོག་གི་ནུས་ཤུགས་ཆེར་བསྐྱེད། དེ་མིན་གསར་འགྱུར་ལས་བཟོ་པའི་ཟབ་སྦྱོང་ལ་ཤུགས་བསྐྱེད་དེ་རྩོམ་འབྲིའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་དང་གསར་ལམ་གཙོ་ཤོས་སུ་བརྩམས་ཆོས་སྤེལ་བའི་གྲངས་ཀ་ཁག་ཐེག་བྱེད་པའི་ཞོར་དུ། གསར་འགྱུར་གཙོ་བོ་དག་བརྒྱུད་གཏོང་བྱེད་པའི་ཐད་ལ་ནུས་ཤུགས་གང་མང་བཏོན།

  བྱ་བའི་བྱེད་ཐབས་གསར་གཏོད་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དོན་འཁྱོལ་བྱས། བསམ་པའི་དཔལ་ཡོན་གསར་གཏོད་ཀྱི་བྱེད་ཐབས་ཉུང་བའི་གནད་དོན་ཐག་བཅད་དེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཁྱབ་པར་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ་སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཇེ་ཟབ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་ཡོན་ལས་ཁུངས་དང་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་རྡལ། ཞིང་ཆེན་རིམ་པའི་དཔལ་ཡོན་གཞི་ཁུལ་གསར་བ་སྐོར་ཞིག་གི་གསར་འཛུགས་བྱ་བ་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། རྫོང་རིམ་པའི་དཔལ་ཡོན་ལས་ཁུངས་ཀྱི་འདེམས་བསྐོའི་གཟེངས་བསྟོད་བྱ་བ་ལེགས་པར་བསྒྲུབས་ནས་རྫོང་ཡོངས་ཀྱི་དཔལ་ཡོན་ལས་ཁུངས་དང་གྲོང་རྡལ། གཞི་ཁུལ་གྱི་འཛུགས་སྐྲུན་གྱི་རིམ་པ་དང་ཆུ་ཚད་མཐོར་འདེགས་གཏོང་བར་འབད་པ་བྱས་པ་ལས་གཞན། དཔའ་ལུང་གི་ཀུན་སྤྱོད་དཔེ་ལེགས་ཅན་དང་མཛེས་པའི་ཞིང་གྲོང་། དཔའ་ལུང་གི་མི་བཟང་བཅས་ཀྱི་བྱ་འགུལ་མུ་མཐུད་དུ་སྤེལ་ཏེ་ཉེ་འགྲམ་གྱི་དོན་བཟང་དང་མི་བཟང་སྔོག་འདོན་དང་དྲིལ་སྒྲོག ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དཔེ་ལེགས་དར་སྤེལ་བྱས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཟ་ཁང་གཉེར་བའི་ཁྲོད་དཔལ་ཡོན་དཔེ་ལེགས་ཟ་ཁང་བདམས་ནས་འཐེན་ཐུག་རིག་གནས་གསར་སྐྲུན་དང་དཔའ་ལུང་གི་ཁྱད་ཆོས་འབུར་ཐོན། དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་།

  དཔུང་སྡེ་གསུམ་གྱི་འཛུགས་སྐྲུན་ལ་ཤུགས་བསྐྱེད་དེ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས། དཔུང་སྡེ་གསུམ་ཞེས་པ་ནི་གསར་འགྱུར་མགྲིན་ཚབ་པའི་དཔུང་སྡེ་དང་འཕྲིན་གཏོང་བའི་དཔུང་སྡེ། དྲ་ཐོག་དཔྱད་བརྗོད་པའི་དཔུང་སྡེ་ལ་ཟེར་བ་ཡིན། གསར་འགྱུར་མགྲིན་ཚབ་པའི་དཔུང་སྡེའི་སྣེ་ཁྲིད་དེ་ཕྱི་ཕྱོགས་སུ་དཔའ་ལུང་དྲིལ་སྒྲོག་དང་གསར་འགྱུར་གལ་ཆེན་སྐོར་གྱི་གླེང་ཕྱོགས་སྣེ་ཁྲིད་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་གདོང་གཏད་པ་དང་རང་འགུལ་སྒོས་གླེང་ཕྱོགས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། འཕྲིན་གཏོང་བའི་དཔུང་སྡེ་ནི་གསར་འགྱུར་དྲིལ་སྒྲོག་གི་སྟོབས་ཤུགས་གསར་བ་དང་གཞི་རིམ་དྲིལ་སྒྲོག་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། གསར་འགྱུར་དྲིལ་སྒྲོག་གི་མི་སྣ་ཞིག་ཡིན་ན་ངེས་པར་དུ་སྔ་མོ་ནས་གསར་འགྱུར་བསྒྲག་དགོས། དྲ་ཐོག་དཔྱད་བརྗོད་པས་དྲ་ཐོག་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་བྱེད་པར་ཤུགས་བསྐྱེད་པ་དང་། ལྷག་པར་དུ་ལྡོག་ཕྱོགས་ཀྱི་བརྡ་འཕྲིན་དང་དཔྱད་བརྗོད་ལ་ཁ་གཏད་དེ་དྲ་ཐོག་ནས་བརྡ་འཕྲིན་དཔྱད་བརྗོད་སྤེལ་བ་དང་། གནད་འགག་གི་དུས་སུ་ནོར་འཁྲུལ་དང་གནད་དོན་མི་འབྱུང་བ་བྱེད་དགོས། རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་དཔུང་སྡེ་འདི་གསུམ་གྱི་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དཔུང་སྡེ་གསུམ་པོའི་འབྲེལ་འདྲིས་དང་མཐུན་སྦྱོར། ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབས་ཤིང་། དུས་དང་བསྟུན་ནས་ཟབ་སྦྱོང་འཛིན་གྲྭ་བསྡུས་ནས་ལས་བཟོ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་ཞིང་། དཔུང་སྡེ་འདིས་ནང་ཁུལ་ལ་ཡང་དག་པའི་གླེང་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཕྱི་ཕྱོགས་ལ་གླེང་ཕྱོགས་ཀྱི་ནུས་པ་ཐོན་པའི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་དགོས།

  སྤྱོད་ངན་བཞིའི་གནད་དོན་བཅོས་སྒྱུར་བྱས་ཏེ་དྭངས་གཙང་གི་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། སྤྱོད་ངན་བཞིའི་གནད་དོན་ལ་དམིགས་ཏེ་ཁ་ཕྱོགས་རྒྱུན་འཁྱོངས་དང་། གནད་དོན་ཅི་ཡོད་པ་དང་གནད་དོན་འབུར་ཐོན་དག་དེ་མུར་ཐག་གཅོད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་དང་བག་མེད་རིང་ལུགས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་དང་ཏང་ཡོན་ལས་བྱེད་པས་སྤྱོད་པ་ཇེ་ཡག་ཏུ་གཏོང་བར་སློབ་གསོ་བཏང་སྟེ། རྩོམ་གཤིས་དང་ཚོགས་འདུའི་རྣམ་པ་བཅོས་སྒྱུར། དཀའ་སྤྱད་སྡུག་རུས་དང་ཧུར་ཐག་འབད་འབངས་ཀྱི་རྣམ་པ་རྒྱུན་འཁྱོངས་དང་། གྲོན་ཆུང་བྱས་ན་ཡག་པོ་དང་ཆུད་ཟོས་བཏང་ན་ངོ་ཚ་ཡིན་པའི་བསམ་བློའི་ལྟ་བ་དམ་འཛིན། བག་མེད་ལོངས་སྤྱོད་བྱེད་པའི་སྤྱོད་པ་ངན་པ་སྔོན་འགོག་བྱས་ཏེ་ཧུར་ཐག་དང་གྲོན་ཆུང་བྱེད་པ་ལས་གཞན། རུལ་སུངས་ལ་རང་འགུལ་གྱི་ངོ་རྒོལ་བྱེད་པ་མཐོར་འདེགས་སུ་བཏང་སྟེ་དྭངས་གཙང་རང་བཞིན་གྱི་ལས་ཁུངས་གསར་འཛུགས་བྱེད་པར་ནུས་ཤུགས་བསྐྱེད་དགོས། དེ་མིན་ཏང་ཡོན་དང་ལས་བྱེད་པའི་རང་གི་སྤྱོད་ལམ་གཙང་མ་དང་ཡག་པོ་ཡོང་བར་སློབ་གསོ་བཏང་སྟེ་རྫོང་ཡོངས་སུ་བསམ་བློའི་རིག་གནས་བྱ་བ་དྲིལ་སྒྲོག་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་ཞིག་མུ་མཐུད་དུ་འདོན་སྤྲོད་བྱེད་དགོས།

  རྩོམ་པ་པོ། དཔའ་ལུང་རྫོང་ཨུ་དྲིལ་སྒྲོག་པུའུ།

  བསྒྱུར་མཁན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྡོ་ཐར།

2014ལོའི་དེབ་བཞི་བ།