གཙོ་གནད་བཞི་འབུར་དུ་གདོད་པ།

  བྱ་འགུལ་གྱི་ཁྲོད་དུ། པད་མ་རྫོང་གིས་གཏན་ཁེལ་བྱས་པའི་སྒྲུབ་སྟངས་ལེགས་འགྲུབ་བྱེད་པའི་ཐོག་ཏུ་འབད་པ་བྱས་ཤིང་། རང་གིས་སྒྲུབ་སྟངས་འདེམ་པར་གསར་བཏོད་བྱེད་པའི་ཐོག་ཏུ་རྒྱ་བསྐྱེད་དེ། གཙོ་གནད་བཞི་འབུར་དུ་བཏོད་ནས། སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་ཡར་སྐུལ་བྱས།

  གཅིག་ནི། ཕུགས་བསམ་གྱི་དད་སེམས་སློབ་གསོར་གལ་ཆེ་བའི་རྨང་གཞི་རུ་བཟུང་། ཕུགས་བསམ་ལ་གཡོ་འགུལ་ཐེབས་པ་དང་། དད་མོས་མེད་པ་ནི་པད་མ་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གཤིས་དང་ཏང་སྲོལ། ཏང་ཁྲིམས་བཅས་ཀྱི་ཕྱོགས་སུ་གནས་པའི་ཆེས་འབུར་ཐོན་གྱི་གནད་དོན་ཞིག་ཡིན། དད་མོས་འཇིག་སུ་ཉེན་ལ་དམིགས་ཏེ། ཏང་གི་གཞུང་ལུགས་ལ་ཡིད་ཆེས་པའི་སློབ་གསོར་ཤུགས་སྣོན་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏང་དགོས་ལ། ལངས་ཕྱོགས་གསལ་བོའི་སྒོ་ནས་མ་རུངས་བའི་སྟོབས་ཤུགས་ལ་ངོ་རྒོལ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མི་རིགས་མཐུན་སྒྲིལ་གོང་དུ་འཕེལ་བར་ཡར་སྐུལ་བྱ་དགོས།

  གཉིས་ནི། རིགས་གསུམ་གྱི་ཚོགས་སྤྱི་དམིགས་ཡུལ་གཙོ་བོར་འཛིན་དགོས། རིགས་དང་པོ་ནི་མགོ་ཁྲིད་ལས་བྱེད་པའི་ཚོགས་སྤྱི་དེ་ཡིན། ཁོ་ཚོའི་སྤྱོད་སྟངས་ལེགས་མི་ལེགས་དང་། མང་ཚོགས་ཀྱི་ལྟ་ཚུལ་བཟང་མི་བཟང་བཅས་ནི་ཏང་དང་མང་ཚོགས། ལས་བྱེད་མི་སྣ་དང་མང་ཚོགས་བར་གྱི་འབྲེལ་བར་ཤུགས་རྐྱེན་ཐུབ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིགས་གཉིས་པ་ནི་འཚོ་ལམ་བཀོད་སྒྲིག་དང་གནས་སྐབས་ཀྱི་ལས་བཟོ་པ་དག་ཡིན། ཁོ་ཚོའི་བྱས་ཚད་ཚང་མས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་དེ་མཚོན་ཡོད། རིགས་གསུམ་པ་ནི་སྒེའུ་ཁུང་ཞབས་ཞུའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཞང་དང་གྲོང་རྡལ། གཞིས་ཁུལ། ཞིང་སྡེའི་གཞི་རིམ་ཏང་ཡོན་བཅས་ཡིན། ཁོ་ཚོའི་བྱ་སྤྱོད་དང་གཏམ་གླེང་ཚང་མ་ཏང་གི་མང་ཚོགས་ཁྲོད་ཀྱི་གཟུགས་བརྙན་དེ་དང་འབྲེལ་བ་ཆེ། བྱ་འགུལ་གྱི་ཁྲོད་དུ། ཁོ་ཚོའི་དོ་དམ་སློབ་གསོར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས། མང་ཚོགས་ཀྱི་ཕན་ཁེར་མི་གནོད་པ་དང་། མང་ཚོགས་ཀྱི་བརྩེ་བ་གནོད་པའི་གཟུགས་བརྙན་ལ་འགན་ལེན་བྱེད་དགོས།

  གསུམ་ནི། སྲོལ་གཙང་ཁྲིམས་གཟབ་ཁ་ཕྱོགས་གལ་ཆེན་དུ་འཛིན་དགོས། ལས་བྱེད་པའི་སྤྱོད་སྟངས་ཀྱི་གནད་དོན་ནི་ཏང་དང་མང་ཚོགས་ཀྱིས་བཏོན་པའི་ཆེས་ཚབས་ཆེ་བའི་གནད་དོན་དེ་ཡིན། ལས་བྱེད་པའི་སྤྱོད་སྟངས་ཇེ་ལེགས་སུ་གཏོང་བ་བྱ་འགུལ་གྱི་གལ་ཆེའི་ཁ་ཕྱོགས་སུ་བཟུང་ནས། དུས་ནམ་ཡིན་ཡང་དོན་འཁྱོལ་ཡོང་བ་བྱ་དགོས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་། ཞིང་ཆེན་ཏང་ཨུའི་དོན་ཚན་ཉེར་གཅིག་པའི་བྱེད་ཐབས་ལ་བརྩི་སྲུང་གང་ལེགས་བྱས་ནས། སྲོལ་གཙང་ཁྲིམས་གཟབ་ཀྱི་བྱ་བར་ཡར་སྐུལ་དང་། ཏང་ཡོན་ལས་བྱེད་པ་དང་ལས་བྱེད་པའི་ཉི་མ་འཁྱོལ་ཐབས་དང་། འགན་གཞན་མགོར་འདེད་པ། དབང་ཆ་སྒེར་གཅོད་བྱེད་པ་སོགས་ཀྱི་གནད་དོན་ཐག་བཅད་ཅིང་། སེམས་ནང་དུ་མང་ཚོགས་བཟུང་ནས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། དངོས་དོན་གཉེར་བ། དངོས་ཕན་གྱི་ནུས་པར་བརྩོན་པ། གྲོན་ཆུང་ལ་ཧུར་བརྩོན། སྤྱོད་གཙང་སྲིད་ཞུགས། དྲང་བདེན་གྱིས་དབང་ཆ་སྤྱོད་པ། འཚོ་བ་ཚུལ་ལྡན་ཡིན་པ་སོགས་ཀྱི་སྤྱོད་སྟངས་ཐད་ཀྱི་དམིགས་འབེན་དུ་སླེབས་པར་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློ་ཚིམ་པར་བྱས།

  བཞི་ནི། མང་ཚོགས་ཀྱི་སྐྱོ་བ་དང་དཀའ་ཁག་སེལ་བ་བྱེད་ཐབས་གལ་ཆེན་དུ་འཛིན་དགོས། གཅིག་སྡུད་ཀྱིས་དག་ཐེར་བྱེད་པ་གོ་སྐབས་སུ་བཟུང་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པ་སྐབས་བརྗེ་བ་སྟེགས་བུ་རུ་བཟུང་སྟེ། སྡེ་བ་རིམ་པའི་ལས་བྱེད་པའི་དོ་དམ་བྱ་བའི་གནས་སྐབས་ཀྱི་བྱེད་ཐབས་གཏན་འབེབས་དང་། གྲུབ་འབྲས་ལ་དཔྱད་ཞིབ་དང་གནས་ཚུལ་ལ་དོ་དམ་བྱེད་པར་སྐུལ་སྤེལ་བྱས། མང་ཚོགས་ཆེས་ཡིད་མི་ཚིམ་པའི་གནས་དེ་བསྒྱུར་བ་སྟེ། ཆེས་ཡིད་ཚིམ་པའི་ཕྱོགས་སུ་འབད་པ་བྱས། གཅིག་གྱུར་གྱིས་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། འགྲིམ་འགྲུལ། ཟས་རིགས་སྨན་རྫས་བདེ་འཇགས་སོགས་མང་ཚོགས་ཀྱི་ཕན་ཁེ་དང་འབྲེལ་ཆེ་ཞིང་། དོ་སྣང་བྱེད་ཚད་མཐོ་བ། སྤྱི་ཚོགས་ཀྱིས་ཐུགས་ཁུར་ཆེས་ཆེར་བྱེད་པའི་འབུར་ཐོན་གྱི་གནད་དོན་དག་ཐག་བཅད། མང་ཚོགས་ཀྱིས་བཏོན་པའི་གཞུང་རྒྱུས་ཟ་འཐུང་བྱེད་པ་དང་། གཞུང་གི་རླངས་འཁོར་སྒེར་གྱིས་སྤྱོད་པ་སོགས་ཀྱི་སྤྱོད་ངན་བཅོས་སྒྱུར་གང་ཐུབ་བྱས་ཏེ། གཟབ་ནན་སྒོས་དག་ཐེར་དང་། རྩད་ཞིབ་ནན་མོ་བྱས་ཏེ། ཏང་ལ་ཡིད་ཆེས་ཚད་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་དངོས་གནས་མཐོར་འདེགས་སུ་བཏང་།

  བསྒྱུར་མཁན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀླུ་འབུམ་ཐར།

2014ལོའི་དེབ་བཞི་བ།