ཏང་གི་གསོ་སྐྱོང་འོག་ཏུ་འཚར་ལོངས་བྱུང་བ།

  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ལས་བྱུང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། པད་མ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། བྱ་བ་དུས་རྒྱུན་སྒྲུབ་ཅིང་། གཞི་རིམ་དུ་བསྐྱོད་པར་ཤུགས་སྣོན་པའི་བླང་བྱ་དང་། བརྗོད་དོན་གཅིག་ལ་དམིགས་པ་དང་། ཟུང་འབྲེལ་བྱེད་དགོས་པ་བཞི་སྒྲུབ་ཅིང་། གཙོ་གནད་བཞི་འབུར་དུ་བཏོད་དེ། ཏང་གི་མང་ཚོགས་སློབ་གསོའི་ལག་ལེན་བྱ་འགུལ་ནན་ཏན་སྒོས་སྐུལ་སྤེལ་བྱས།

  དང་པོ། བརྗོད་དོན་གཅིག་ལ་དམིགས་པ།

  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར། དམངས་ལ་དངོས་དོན་བསྒྲུབ་དགོས་ཤིང་སྤྱོད་གཙང་ཡིན་དགོས་པའི་བརྗོད་དོན་འདི་ལ་དམ་པོར་འབྲེལ་ཏེ། པད་མ་རྫོང་གི་གནས་ཚུལ་ལ་ངེས་ཤེས་གང་ལེགས་དང་། བྱ་བ་ལག་བསྟར་བྱེད་པ་འཛིན་གང་ཐུབ་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་དགོས།

  གཅིག མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་དེ་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་དགོས་གལ་ཆེ་སྟེ། པད་མ་རྫོང་ནི་མདོ་དབུས་མཐོ་སྒང་དབུས་དཀྱིལ་དུ་གནས་ཡོད་ལ། ཞིང་ཆེན་གཉིས་དང་ཁུལ་གསུམ། རྫོང་དྲུག་གི་འབྲེལ་མཚམས་སུ་གནས་ཡོད་པས་ན། སྤྱི་ཚོགས་ཀྱི་གནས་ཚུལ་རྙོག་འཛིང་ཡིན་ཞིང་། འཁྲུག་རྩོད་རྒྱུན་མི་ཆད་པར་བྱུང་བ། མ་རུངས་པའི་སྟོབས་ཤུགས་ལ་རྒོལ་སའི་མདུན་གྱི་འཐབ་ར་དེའང་ཡིན་པས། བདེ་སྲུང་བྱ་བའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་རེད།།

  གཉིས། མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་དགོས་གལ་ཆེ་སྟེ། པད་མ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་ལ། མ་དངུལ་བཏང་བ་མི་འདང་བ། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པས། འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་བ་རེད།།

  གསུམ། མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་དགོས་གལ་ཆེ་སྟེ། པད་མ་རྫོང་ནི་རྒྱལ་ཁབ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། སྐྱེ་ཁམས་ཀྱི་ཁོངས་གཏོགས་རྙོག་འཛིང་ཆེ་ཞིང་སྐྱེ་ནུས་ཆུང་བ་དང་། རྩྭ་རའི་སྐྱེ་ནུས་ཉམས་པ་མགྱོགས་ཤིང་། ས་ཆུ་ཤོར་ཚད་ཚབས་ཆེ་བས། སྐྱེ་ཁམས་སྲུབ་སྐྱོབ་ཀྱི་ལས་འགན་ཧ་ཅང་ལྗིད་པ་རེད།།

  བཞི། མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་དགོས་གལ་ཆེ་སྟེ། པད་མ་རྫོང་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་བ་གཙོ་ཆེ་ཞིང་། ཞིང་ལས་དང་། སྐྱེ་ཁམས་ནགས་ལས་གཉེར་བ་ཕལ་བ་ཡིན་པའི་ཕྱུགས་ལས་གཉེར་བའི་རྫོང་ཞིག་ཡིན་ལ། ཐོན་ལས་སྒྲིག་གཞི་སྣ་གཅིག་ཡིན་པ་དང་། བརྡ་འཕྲིན་གོ་དཀའ་བ། ཡོང་སྒོ་འཕར་པའི་ལམ་བུ་ཤིན་ཏུ་དོག་པས། མང་ཚོགས་ཀྱི་འཚོ་བ་དབུལ་ཞིང་ཇེ་ལེགས་སུ་གཏོང་བར་དཀའ་ཁག་ཆེ་བ་རེད།།

  ལྔ་། མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་དེ་ཏང་དང་མང་ཚོགས། ལས་བྱེད་མི་སྣ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་བཟང་ལ་གཏོང་བར་དགོས་གལ་ཆེ་སྟེ། པད་མ་རྫོང་དང་། ཞང་གི་ལས་བྱེད་པ་སྐོར་ཞིག་གི་དད་སེམས་མི་བརྟན་པ་དང་། བྱ་བར་བརྩོན་སེམས་མེད་པ། སྤྱོད་སྟངས་མི་ལེགས་པས། གཞི་རིམ་གྱི་གནས་ཚུལ་རྒྱུས་ལོན་བྱས་པ་མི་གསལ་ཞིང་། གནད་དོན་བཙལ་བ་ཡང་དག་མིན་པ། དཔོན་ཉམས་སྟོན་པར་དགའ་ཞིང་། ཚུལ་འཆོས་ལ་མཁས་པ། མང་ཚོགས་ཁྲོད་དུ་སོང་ནའང་མང་ཚོགས་ཀྱི་ཆེད་དུ་བྱ་བ་མི་སྒྲུབ་པས། ཏང་དང་མང་ཚོགས། ལས་བྱེད་མི་སྣ་དང་མང་ཚོགས་བར་གྱི་འབྲེལ་བ་མི་ལེགས་པ་རེད།།

2014ལོའི་དེབ་བཞི་བ།