ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱུད་པའི་དགོངས་དོན་སློབ་སྦྱོང་།བསམ་བློ་དྲིལ་བསྒྲགས་བྱ་བ།དྲང་བདེན་ནི་སྤྱོད་བཟང་དང་དད་སེམས་ཤིག་ཡིན།

  མཚོ་སྔོན·ཡུས་ཧྲུའུ།གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན།

  གྲོང་གསེབ་གསར་བ་འཛུགས་སྐྲུན།བྱ་བ་ཞིབ་འཇུགམི་དམངས་ལ་ཞབས་འདེགས་ཞུ་བ།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལས་དར་སྤེལ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཁྲོད། ལས་བཀུར་ནི་སྤྱི་དམངས་མི་སྒེར་གྱི་ལས་རིགས་ཚད་གཞི་ཐད་ཁ་གཏད་པའི་སྲོག་ཤིང་གི་བླང་བྱ་ཡིན། གོ་སླ་བའི་སྒོ་ནས་བཤད་ན་མི་རེ་རེས་རང་ལས་གནས་ཀྱི་བྱ་བར་འབད་བརྩོན་བྱ་དགོས་པ་དེ་ཡིན། ང་ཚོས་ལས་བཀུར་བྱེད་པ་དེ་ཆུང་ས་ནས་མི་སྒེར་དང་དཔུང་སྡེའི་ཕུགས་འདུན། ཆེ་ས་ནས་རྩ་འཛུགས་དང་རྒྱལ་ཁབ་ཀྱི་འཆར་གཞི་ཆེན་པོ་མངོན་འགྱུར་བྱེད་པར་འབྲེལ་བ་དམ་པོ་ཡོད། དེ་བས་མི་སྒེར་གྱིས་རིན་ཐང་གི་མངོན་འགྱུར་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས། སྤྱི་ཚོགས་ཀྱི་ཡར་རྒྱས་ཐད་ལས་བཀུར་ལ་བརྟེན་ནས་ཁག་ཐེག་བྱ་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ར་སྤྲོད་བྱས་པ་ལྟར་ན། རྒྱལ་དམངས་ཀྱིས་ལས་ལ་བཀུར་ན་རྒྱལ་ཁབ་སྟོབས་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་སྲིད་ལ། རྒྱལ་དམངས་ཀྱིས་རྣམ་གཡེང་བྱེད་ན་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་སྲིད།

  ལས་ལ་བཀུར་ན་ཆེས་གལ་ཆེན་ནི་འབད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་ཞིང་། ལས་བཀུར་དེ་བྱ་བ་གང་ཞིག་ལ་མཚོན་ན་གལ་ཆེན་ཞིག་ཡིན། མི་ཚེ་གང་བོར་གཏན་འཁེལ་བྱས་པའི་ལས་རིགས་འཚོ་བ་དང་ཡང་ན་བྱ་བ་ངེས་ཅན་ཞིག་གི་ཁྲོད་རོལ་བ་དང་། ལས་རིགས་དང་བྱ་བ་ནི་མི་རྣམས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་ཁག་ཐེག་ཡིན། ལས་གནས་གང་ཞིག་ཡིན་རིང་དེ་ནི་གོ་སྐབས་དང་སྟེགས་བུ་ཡིན་པས། ལས་གནས་སྟེང་གྲུབ་འབྲས་ཤིག་འཐོབ་དགོས་ན་ལས་བཀུར་ལ་འབྲེལ་བ་དམ་པོ་ཡོད། ལས་དོན་ཐད་གྲུབ་འབྲས་ཡོད་པ་དང་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་དང་། ཚེ་སྲོག་གི་ནང་དོན་དང་རིན་ཐང་མངོན་པ་དེ་ཚད་ངེས་ཅན་ཞིག་གི་སྟེང་མི་སྒེར་གྱི་བྱ་བའི་རྣམ་འགྱུར་ལ་རག་ལས་འདུག

  བྱ་བའི་ལས་ཁུངས་གང་ཞིག་ཡིན་རུང་དེ་ནི་འབྲེལ་བ་ཡོད་པའི་ཚོགས་པ་ཞིག་ཡིན། མི་རེ་རེས་རང་གི་བྱ་བར་དགའ་བ་དང་བྱ་བར་བརྩོན་པ་བྱས་ཚེ། བྱ་བ་སྡེ་ཁག་སོ་སོ་མཐུན་སྦྱོར་ངང་འཁོར་སྐྱོད་བྱེད་ཐུབ་པ་མ་ཟད། ཚོགས་པའི་ཕན་ནུས་ཀྱང་ཐོན་སྲིད། དཔེར་ན། གཞུང་ཞབས་པས་སྤྱོད་པ་གཙང་ཞིང་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུབ་པ། ཁྲིམས་དཔོན་གྱིས་ཁྲིམས་གཅོད་དྲང་གཞག དམག་མིས་ཁྱིམ་སྲུང་རྒྱལ་སྐྱོབ། ཚོང་བས་དྲང་བདེན་ངང་ཚོང་གཉེར་བྱེད་པ། དགེ་རྒན་གྱིས་དཔེ་ཁྲིད་བྱས་ཏེ་མི་ལ་སློབ་གསོ་གཏོང་བ། སྨན་པས་སྲོག་སྐྱོབ་རྨས་གསོ་བྱེད་པ། ཚན་རིག་པས་གསར་གཏོད་དང་གསར་འབྱེད་བྱེད་པ་སོགས་སྤྱི་ཚོགས་སྟེང་གི་མི་རེ་རེས་རང་རང་ས་ནས་འབད་པ་བྱས་ན་ད་གཟོད་མི་སྒེར་གྱི་མི་ཚེའི་རིན་ཐང་དང་ཕུགས་འདུན་མངོན་འགྱུར་ཐུབ་པ་དང་། རྒྱལ་ཁབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་ཕུགས་འདུན་མངོན་འགྱུར་འབྱུང་བར་སྐུལ་འདེད་བྱེད་ཐུབ།

  ང་ཚོའི་སྤྱི་ཚོགས་རིང་ལུགས་ལས་དོན་ནི་ཁ་བཤད་ཙམ་མ་ཡིན་པར་ལས་རིགས་མི་འདྲ་བས་གྲུབ་པའི་གཅིག་གྱུར་གྱི་ཚོགས་པ་ཞིག་ཡིན་ཞིང་། ང་ཚོ་ཚང་མས་རང་ཉིད་ཀྱི་ལས་གནས་སྟེང་ལས་དོན་འདི་གོང་ནས་གོང་དུ་འཕེལ་བར་ཞབས་ཞུ་དང་འབད་བརྩོན་བྱ་དགོས་པ་མ་ཟད། དེ་ལ་འགན་འཁྲིའི་འདུ་ཤེས་ཟབ་མོ་བཅངས་དགོས། དེང་སྐབས་ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི"ཀྲུང་གོའི་འདུན་མ"མངོན་འགྱུར་འབྱུང་བ་གཏན་འཁེལ་བྱས་ཤིང་། འདུན་མ་དེ་དོན་དངོས་སུ་བསྒྱུར་དགོས་པ་ནི་དཀའ་ཁག་ཆེ་བའི་གོ་རིམ་ཞིག་ཡིན་པས། ང་ཚོ་མི་ཀུན་གྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འདུན་མ་དེ་དོན་དངོས་སུ་བསྒྱུར་བར་འབད་པ་ལྷོད་མེད་བྱ་དགོས། ལས་བཀུར་གྱི་རིན་ཐང་ལྟ་བ་དེ་ང་ཚོ་མི་ཀུན་གྱི་སེམས་སུ་དམ་པོར་བཅངས་ཏེ་གོམ་སྲོལ་ཞིག་ཏུ་འགྱུར་བར་བྱ་དགོས། །

  རྩོམ་པ་པོ། ཀྲན་ཞའོ་ལིན། རྟ་མགྲིན་མཚོས་བསྒྱུར།

  2014 ལོའི་དུས་དེབ་བཞི་བ།