སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ནང་དོན་གླེང་བ།རྒྱལ་གཅེས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཡིན།

  ལས་བྱེད་པ་དང་ཤེས་ལྡན་མི་སྣ།གདོང་ལེན་པར་བསྟོད་བསྔགས།ཆེད་དོན་ཇུས་འགོད།བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས།ཚན་རིག་ཁྱབ་གདལ།མི་དམངས་ལ་དོན་དངོས་སྒྲུབ་པ།

  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་ནི་རྒྱལ་ཁབ་དར་རྒྱས་སུ་འགྲོ་བའི་སྲོག་ཤིང་ལྟ་བུ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱེད་སྲིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་ནང"འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། དྲང་བདེན། མཛའ་མཐུན་བཅས་དར་སྤེལ་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་དགོས"པར་བསྟན། དེ་བས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་གཞི་རྩའི་རྩ་དོན་དང་ནང་དོན་གསལ་བར་བསྟན་འདུག སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་གི་ལྟ་བའི་ནང་དོན་གྲས་ཀྱི་དྲང་བདེན་ནི་ལྷག་ཏུ་ཐུགས་ཁུར་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡིན། དྲང་བདེན་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། དེང་སྐབས་ཀྲུང་གོའི་དྲང་བདེན་ཉམས་པའི་སྣང་ཚུལ་དེ་ཀྲུང་གོའི་སྤྱི་ཚོགས་བསྒྱུར་བཀོད་བྱེད་པའི་དུས་སྐབས་ཡིན་པ་དང་འབྲེལ་བ་ཡོད།

  ནུབ་ཕྱོགས་པས་དྲང་བདེན་ནི་རྩ་ཆེན་དང་ཐ་ན་རྩ་ཁྲིམས་ལས་གཏན་འབེབས་བྱས་པའི་ཆབ་སྲིད་ཀུན་སྤྱོད་ལས་ཀྱང་མཐོ་བར་འདོད། དེ་ནི་དམངས་གཙོའི་སྲིད་གཞུང་ལ་ངེས་པར་དུ་ཚང་དགོས་པའི་ནང་གནས་ཀྱི་ཆ་རྐྱེན་ཞིག་ཡིན། དེ་བས་ནུབ་ཕྱོགས་པས་སྲིད་གཞུང་དང་དེའི་དཔོན་པོའི་དྲང་བདེན་ཐད་བླང་བྱ་མཐོན་པོ་ཡོད། དྲང་བདེན་ནི་ནུབ་ཕྱོགས་དམངས་གཙོ་སྲིད་དབང་སྒྲིག་སྲོལ་དང་རང་དབང་སྤྱི་ཚོགས་ཀྱི་རྨང་གཞི་གྲས་ཀྱི་གཅིག་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་དམངས་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། གཤིས་རྒྱུད་སློབ་གསོ་ཁྲོད་དྲང་བདེན་དང་ཁ་དན་ཚིག་གནས་ནི་ནམ་ཡང་ནང་དོན་གལ་ཆེན་ཞིག་ཡིན། དྲང་བདེན་ནི་མི་ཆོས་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་རིག་གནས་རྒྱབ་ལྗོངས་ངེས་ཅན་ཞིག་ལ་བརྟེན་ཡོད་པས། སྤྱི་ཚོགས་རིག་གནས་ཀྱི་ས་བོན་མི་འདྲ་བའི་དབང་གིས་དེ་ཡང་མི་འདྲ་ས་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི"དྲང་བདེན"ལས"རང་བྱུང་དང་མི་འཆམ་མཐུན"ཡོང་བའི་ཚན་ཉིད་རིག་པའི་ལྟ་བ་མཚོན། ནུབ་ཕྱོགས་ཀྱི"དྲང་བདེན"ལས་གན་རྒྱ་དང་ཁྲིམས་ལུགས་བེད་སྤྱོད་བྱས་ཏེ་སྲུང་སྐྱོང་བྱེད་བཞིན་པས་གན་རྒྱའི་དྲང་བདེན་ཆགས་པར་བཅུག དྲང་བདེན་གྱི་སེམས་ཁམས་གྲུབ་ཚུལ་ལ་དྲང་བདེན་ངེས་འཛིན་དང་དྲང་བདེན་ཀུན་སློང་། དྲང་བདེན་བྱ་སྤྱོད་བཅས་ཆ་རྐྱེན་གསུམ་འདུས། དེང་རབས་དྲང་བདེན་ལ་ཀུན་སྤྱོད་གྲུབ་ཚུལ་དང་ཆབ་སྲིད་གནས་ཚུལ། བཅའ་ཁྲིམས་ཁྱབ་ཁོངས་བཅས་ནང་དོན་གསུམ་ལྡན། དེ་ནི་མི་སྒེར་གཤིས་རྒྱུད་ཀྱི་དྲང་བདེན་དང་འབྲེལ་བ་སྦྲེལ་བྱེད་ཀྱི་དྲང་བདེན། རིན་ཐང་སྙེགས་བྱེད་ཀྱི་དྲང་བདེན་བཅས་ཡིན།

  མདོར་ན། མི་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དྲང་བདེན་དེ་འགྲོ་འདུག་སྤྱོད་གསུམ་ཁྲོད་བརྩི་སྲིང་ལེགས་པར་བྱས་ཚེ། འཚོ་བ་སྔར་ལས་བདེ་ཞིང་སྐྱིད་ལ་དྲང་བདེན་ཡང་སྤྱོད་བཟང་དང་དད་སེམས་ཤིག་ཏུ་འགྱུར་སྲིད།

  རྟ་མགྲིན་མཚོས་བསྒྱུར།

  2014 ལོའི་དུས་དེབ་བཞི་བ།