ཏང་གི་གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་88འཁོར་བར་རྟེན་འབྲེལ་ཞུ།

  དེབ་འདིའི་དཔྱད་གཏམ་པ།

  ཀྲུང་གོ་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ལས་རྒྱལ་ཁ་བླངས་ནས་ལོ་ངོ་70འཁོར་བའི་དུས་ཚིགས་འདིར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་88འཁོར་བའི་དུས་ཆེན་བསུ་ཡོང་བ་རེད། ང་ཚོས་དམག་ཡོངས་ཀྱི་བཀོད་འདོམས་པ་དང་དྲག་ཆས་དཔུང་ཁག་གི་དཔོན་དམག ཡུལ་དམག་གྲ་སྒྲིག་མི་སྣ་བཅས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བྱེད་རྒན་པ་དང་། ལས་སྤོས་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། རྨས་སྐྱོན་ཅན་གྱི་དམག་མི་དང་སྔོན་གཤེགས་དམག་མིའི་ཁྱིམ་མི་བཅས་ལ་སྙིང་ཐག་པ་ནས་འཛམས་འདྲི་ཞུ་རྒྱུ་ཡིན།

  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གསར་བརྗེའི་དུས་རབས་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དུས་སྐབས་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པའི་ནང་། ཏང་ལ་བློ་དཀར་བ་དང་མེས་རྒྱལ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བའི་གཟི་ཉམས་ལྡན་པའི་དམག་དཔུང་དང་དཔལ་ཡོན་ལྡན་པའི་དམག་དཔུང་། ཞི་བདེའི་དམག་དཔུང་བཅས་ནི་འཛམ་གླིང་ན་སྙན་གྲགས་ཁྱབ། སྟོབས་ཆེའི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་ལྷོད་བ་མེད་པའི་རེ་སྙེག་ཡིན། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་འཕྲོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་དང་ཕན་ཚུན་འཕྲོད་པའི་རྒྱལ་སྲུང་བརྟན་པོ་དང་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོ་བསྟན་དོན། ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་ལ། སྤྱོད་སྲོལ་བཟང་བའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་གི་གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ཡིན་ལ། དམག་ཡོངས་ལ་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་འདི་སྟངས་འཛིན་ལེགས་པོ་བྱེད་དགོས་རྒྱུ་ནན་བཤད་བྱས་ཤིང་། དམག་དཔུང་འཛུགས་སྐྲུན་དང་བསྒྱུར་བཅོས་ཀྱི་སྤྱི་ཡོངས་བཀོད་འདོམས་དང་དམག་དོན་འཐབ་རྩོད་གྲ་སྒྲིག་བཅས་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་ཧུར་ཐག་གཏོང་དགོས། གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་བཏོན་པ་ལས། ཅིའི་ཕྱིར་དམག་དཔུང་སྟོབས་ཆེར་གཏོང་དགོས་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ཅི་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བགྲོད་ལམ་ཐོག་ཅི་ལྟར་བསྐྱོད་པ་བཅས་ཀྱི་བརྗོད་གཞི་གལ་ཆེན་དག་ལ་དྲིས་ལན་སྟེར་ཡོད་ལ། གནས་བབས་གསར་པ་དང་ལས་འགན་གསར་པས་དམག་དཔུང་འཛུགས་སྐྲུན་ལ་བཏོན་པའི་བླང་བྱ་གསར་པ་མཚོན་ཡོད། འདི་ནི་ང་ཚོའི་ཏང་གིས་གནས་བབས་གསར་པའི་འོག་དམག་ནན་མོ་སྐྱོང་བའི་སྤྱིའི་བྱེད་ཕྱོགས་ཡིན།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་སྐོར་གྱི་རྒྱས་བཤད་གལ་ཆེན་ལས་། དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་དོ་སྣང་བྱེད་ཡུལ་དང་ཤུགས་འདོན་ཡུལ་གསལ་པོ་བསྟན་ཡོད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་བསུ་རན་པའི་དུས་འདིར་ཤོག་སྒྲིག་དཔུང་ཚོགས་ཨང་16པའི་སར་གཟིགས་ཞིབ་ཕེབས་ཏེ་ནན་བཤད་བྱས་དོན། བསམ་བློ་སྔོན་བསྐྱོད་རྒྱུན་འཁྱོངས་དང་དམག་སྦྱོང་འཐབ་འཛིང་གྲ་སྒྲིག་རྒྱུན་འཁྱོངས། གཟབ་བརླིང་ནན་སྐྱོང་རྒྱུན་འཁྱོངས། རང་ཉིད་ཀྱིས་དཔེ་མཚོན་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཤིང་། གནས་བབས་གསར་པ་དང་ལས་འགན་གསར་པར་བསྟུན་ནས་དམག་དཔུང་བདག་སྐྱོང་ལེགས་པོ་དང་དམག་དཔུང་ལེགས་པོ་ཁྲིད་ནས་ནུས་ཤུགས་ཆེན་པོས་“བཞི་ལྡན་”གྱི་རབས་གསར་པའི་དམག་དཔུང་གསར་བརྗེའི་དམག་མི་གསོ་སྐྱོང་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་དེ་གཞི་རིམ་ལ་རྩ་བ་ཚུགས་པར་བྱེད་དགོས། འདིས་ཁྱོན་ཡོངས་ནས་གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ལག་བསྟར་དོན་འཁྱོལ་བྱེད་པར་བྱེད་ཕྱོགས་གསལ་པོ་བསྟན་ཡོད།

  གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། བསམ་བློ་སྔོན་བསྐྱོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྨང་གཞི་ཇེ་བརྟན་གཏོང་རྒྱུ་དང་སྲོག་རྩ་གཅིག་སྒྲིལ་བྱེད་རྒྱུའི་ཐོག་ཏུ་འབད་བརྩོན་བྱེད་དགོས། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ཡིན་ལ། དམག་སྲོག་ཇེ་བརྟན་གཏོང་རྒྱུ་ནི་རང་དམག་ཆབ་སྲིད་ལས་དོན་གྱི་ལྟེ་བའི་ལས་འགན་ཡིན་པས་དུས་ནམ་ཞིག་ལ་ཡང་གཡོ་འགུལ་བྱས་མི་རུང་། རྒྱལ་སྲུང་ཇེ་བརྟན་གཏོང་བ་དང་དམག་དཔུང་བསྒྱུར་བཅོས་བྱེད་པའི་རྒྱུགས་ལེན་འདིའི་ནང་། དམག་དཔུང་གི་ཆབ་སྲིད་ལས་དོན་ནི་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་དམས་སུ་གཏོང་མི་རུང་། མདུན་དུ་བསྐྱོད་པ་ལས་མཚམས་འཇོག་མི་རུང་། ཧུར་བརྩོན་གྱིས་སྒྲུབ་པ་ལས་གང་བྱུང་གིས་ཁ་གཏད་འཇལ་བ་ཙམ་བྱས་མི་རུང་། མིག་སྔར་ཆེས་གལ་འགངས་ཆེ་བ་ནི་ཕུགས་རེའི་འདུ་ཤེས་དེ་དམག་ཡོངས་སུ་ཇེ་བརྟན་དུ་གཏོང་རྒྱུ་དེ་རེད། དཔོན་དམག་གི་ཕུགས་རེའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་རྨང་གཞི་སྲ་བརྟན་གཏོང་རྒྱུ་དང་སྲོག་རྩ་གཅིག་སྒྲིལ་བྱེད་པའི་འཐབ་ཇུས་ལས་གྲྭ་རུ་བརྩིས་ནས་ནུས་ཤུགས་ཆེན་པོས་བླ་སྲོག་ལྡན་པ་དང་། འཇོན་ཐང་ལྡན་པ། བློ་བརྟན་གཞུང་དྲང་གི་རང་གཤིས་ལྡན་པ། ཀུན་སྤྱོད་ལྡན་པའི་རབས་གསར་པའི་གསར་བརྗེའི་དམག་མི་རུ་གསོ་སྐྱོང་བྱེད་དགོས།

  ཏང་གཤིས་རྩ་དོན་དེ་དམག་ཡོངས་སུ་སྲ་བརྟན་དུ་གཏོང་དགོས་པ་དང་། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཆབ་སྲིད་ལས་དོན་གྱི་རྩ་བའི་བླང་བྱ་ཡིན་ལ། ངེས་པར་དུ་ཏང་གི་རྩ་དོན་ཨང་དང་པོར་འཇོག་རྒྱུ་དང་ཏང་གི་བྱ་གཞག་ཨང་དང་པོར་འཇོག་རྒྱུ། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡིན་ན་ཏང་གི་སྐད་ཆ་བཤད་དགོས་པ་དང་། ཏང་ཡིན་ན་ཏང་ལ་སེམས་ཁུར་བྱེད་དགོས་པ། ཏང་ཡིན་ན་ཏང་གི་དོན་དག་བསྒྲུབ་པ་སོགས་ལ་བརྟེན་ནས་ཏང་ལ་དགའ་བ་དང་ཏང་ལ་སེམས་ཁྲལ་བྱེད་པ། ཏང་དར་རྒྱས་གཏོང་བ། ཏང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་དོན་གྱི་དུམ་ཚིགས་རེ་རེའི་ནང་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ལས་དོན་གྱི་སྙན་གྲགས་དེ་དམག་ཡོངས་སུ་སྲ་བརྟན་དུ་བཏང་ནས། དཔེ་མཚོན་སྣེ་ཁྲིད་བྱ་རྒྱུ་ནས་འགོ་བཟུང་སྟེ་དམ་འཛིན་དང་། འགོ་ཁྲིད་སྣེ་ཁྲིད་བྱ་རྒྱུ་ནས་འགོ་བཟུང་སྟེ་དམ་འཛིན་བྱས་ནས། རིམ་པ་སོ་སོའི་ལས་བྱེད་པ་ལ་སྣེ་ཁྲིད་དང་ཁྱད་པར་དུ་ཆབ་སྲིད་ལས་བྱེད་པས་བདེན་དོན་གྱི་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་གཉིས་ཟུང་འབྲེལ་བྱས་ཏེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་འདྲ་མཉམ་དྲང་བདེན་རྒྱུན་འཁྱོངས་བྱེད་དགོས། མཐའ་གཅིག་ཏུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ་དང་། དམག་ཨུའི་དག་བཅོས་ལེགས་སྒྲིག་སྐོར་གྱི་སྒྲིག་བཀོད་གཞིར་བཟུང་ནས། བསམ་བློའི་ཐོག་དང་ཆབ་སྲིད་ཀྱི་ཐོག རྩ་འཛུགས་ཀྱི་ཐོག སྤྱོད་སྲོལ་གྱི་ཐོག་མཐའ་གཏུགས་ནས་ཞུན་ཚའེ་ཧོའུ་ཡི་གྱོད་དོན་གྱི་ཤུགས་རྐྱེན་གཙང་མར་བྱས་ནས། མི་དམངས་དམག་དཔུང་གི་གཟི་འོད་འབར་བའི་སྲོལ་རྒྱུན་དང་ཡ་རབས་ཀྱི་སྤྱོད་སྲོལ་བསྐྱར་གསོ་ལེགས་པོ་དང་རྒྱུན་འཁྱོངས་ལེགས་པོ། དར་སྤེལ་ལེགས་པོ་བཅས་བཏང་ནས། དམག་དཔུང་དེ་སྔར་བས་དྭངས་གཙང་སྲ་བརྟན་དང་རྒྱ་ཆེའི་དཔོན་དམག་རྣམས་སྔར་བས་ཚགས་དམ་པོའི་སྒོ་ནས་ཏང་གི་དར་ཆའི་འོག་ཏུ་གོང་བུར་གཅིག་འདྲིལ་བྱེད་དགོས།

  གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། དམག་སྦྱོང་འཐབ་འཛིང་གྲ་སྒྲིག་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་རྩལ་མཁས་པོ་དང་བློ་རྩ་སྦྱོང་རྒྱུའི་ཐོག་ཏུ་འབད་བརྩོན་བྱེད་དགོས། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་སྤོབས་པ་ཆེན་པོས་ང་ཚོ་མི་རབས་འདིའི་གསར་བརྗེ་དམག་མིའི་ལོ་རྒྱུས་ཀྱི་ལས་འགན་འཁུར་དགོས། གནས་བབས་གསར་པའི་ལས་འགན་མདུན་དུ་ལྷགས་ཚེ། ངེས་པར་དུ་ཉིན་མཚན་མེད་པའི་སྙིང་སྟོབས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས། ང་ཚོར་ཞི་བདེ་ཡོང་རྒྱུའི་རེ་བ་ཡོད། ཡིན་ན་ཡང་དུས་ཚོད་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་། རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་གཏན་ནས་འདོར་མི་རུང་བ་དང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་གཏན་ནས་བློས་གཏོང་བྱས་མི་རུང་། ངེས་པར་དུ་འགན་ཁུར་ཐུབ་པར་བྱས་ཏེ། དམག་དཔུང་ལ་འགོ་ཁྲིད་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སེམས་གཅིག་བློ་གཅིག་གིས་དམར་དར་ལ་བསམ་བློ་དང་དམག་དཔུང་སྟོབས་ཆེར་གཏོང་བར་འཆར་འགོད་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། འཐབ་འཛིང་ནུས་ཤུགས་ཀྱི་ཚད་གཞི་དེ་དམག་ཡོངས་སུ་ཇེ་བརྟན་དུ་གཏོང་བ་དང་། འཐབ་འཛིང་ནུས་ཤུགས་ཀྱི་ཚད་གཞི་དེ་དམག་དཔུང་འཛུགས་སྐྱོང་གི་རྩ་བའི་ཚད་གཞི་ཉག་གཅིག་ཏུ་བཟུང་སྟེ། འཐབ་འཛིང་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་དོ་སྣང་བྱས་ནས་ཏང་ཨུའི་ལས་དོན་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་དཔོག་མ་ལག་འཐུས་སྒོ་ཚང་བ་དང་ལེགས་བཅོས་གཏོང་དགོས། ཆབ་སྲིད་ལས་དོན་གྱིས་འཐབ་འཛིང་ནུས་ཤུགས་ཀྱི་འཛུགས་སྐྱོང་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་ནུས་པ་ནང་རྐྱེན་ལ་འཚོལ་ཞིབ་བྱས་ནས། འཐབ་འཛིང་ནུས་ཤུགས་མཐོ་རུ་འདེགས་པར་ཕན་ཐོགས་ཡོད་པའི་གླེང་ཕྱོགས་ཁྲིད་སྟོན་དང་། ལས་དོན་ཁྲིད་སྟོན། མི་བཀོལ་ཁྲིད་སྟོན། སྲིད་ཇུས་ཁྲིད་སྟོན་བཅས་ཆགས་པར་བྱས་ཏེ་ཆབ་སྲིད་ལས་དོན་དེ་འཐབ་འཛིང་ནུས་ཤུགས་འཛུགས་སྐྱོང་བྱེད་པའི་དུམ་ཚིགས་སོ་སོའི་ནང་བརྒྱུས་དགོས། འཐབ་འཛིང་གི་ལས་འགན་མི་འདྲ་བར་དམིགས་ནས་དཀའ་ས་དང་གཟབ་ས་ནས་སྦྱོང་བརྡར་བྱེད་དགོས་པ་དང་། དངོས་འཛིང་གི་ཆ་རྐྱེན་འོག་ཏུ་དཔོན་དམག་སྦྱོང་བརྡར་དང་དམག་དོན་གྱི་བྱང་ཚད་ཧྲག་པོར་བྱས་ནས་དཀའ་ཚེགས་ལ་མི་སྐྲག་པ་དང་འཆི་རྒྱུ་ལ་མི་སྐྲག་པའི་འཐབ་འཛིང་སྙིང་སྟོབས་གསོ་སྐྱོང་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བསྒྱུར་བཅོས་རྒྱུན་འཁྱོངས་དང་། འཐབ་འཛིང་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་བླང་བྱ་ལག་བསྟར་རྒྱུན་འཁྱོངས། དམག་དོན་འཐབ་ཇུས་གསར་གཏོད་དེ་སྔོན་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་གསར་བསྒྱུར་བྱེད་པ། མུ་མཐུད་དུ་འཐབ་འཛིང་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། མུ་མཐུད་དུ་དམག་དཔུང་གི་གསོན་ཤུགས་བཅིངས་འགྲོལ་དང་མཐོར་འདེགས་གཏོང་བ་བཅས་ལ་བརྟེན་ནས། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བར་ལམ་སྲོལ་སྒྲིག་སྲོལ་དང་སྲིད་ཇུས་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ནས། འཐབ་འཛིང་ནུས་ཤུགས་ཀྱི་རྒྱུ་ཆ་ཡོད་ཚད་ཀྱིས་གསོན་ཤུགས་མཉམ་རྒྱག་དང་། དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི་འབྱུང་ཁུངས་ཡོད་ཚད་གང་ལེགས་བཤར་དུ་འཇུག་དགོས།

  གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། གཟབ་བརླིང་གཙོ་བོ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དོ་དམ་གཟབ་ནན་དང་ཁྲིམས་ལྟར་དམག་ཁྲིད་ཀྱི་ཐོག་ཏུ་འབད་འབུངས་བྱེད་དགོས། གཟབ་བརླིང་ཡིན་ན་ད་གཟོད་རྩ་དོན་སྲུང་ཐུབ་པ་དང་། གཟབ་བརླིང་ཡིན་ན་ད་གཟོད་དམག་གི་གཟི་བརྗིད་སྐྱོང་ཐུབ་ལ། གཟབ་བརླིང་ཡིན་ན་ད་གཟོད་འཐབ་འཛིང་གི་ནུས་ཤུགས་འདོན་ཐུབ། མར་ཁེ་སི་རིང་ལུགས་ཀྱི་འཐབ་འཛིང་ལྟ་བ་དང་རང་དམག་རྩ་བའི་འགན་ནུས་སློབ་གསོ་ལ་ཤུགས་སྣོན་དང་དམག་དོན་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཆེན་པོས་འཐབ་འཛིང་གི་སྙིང་སྟོབས་གསོ་སྐྱོང་དམ་འཛིན་བྱེད་དགོས། དཀའ་ས་དང་གཟབ་ས་གཡུལ་ས་བཅས་ནས་འགོ་ཚུགས་ཏེ་དམག་དཔུང་སྦྱོང་བརྡར་བྱེད་རྒྱུའི་རེ་བ་དང་། སྲིད་ཇུས་ལམ་ལུགས་ཀྱི་སྙོམ་སྒྲིག་ནུས་པ་འདོན་སྤེལ་གཙོ་བོ་བྱས་ཤིང་། དམག་དོན་ལས་རིགས་ཀྱི་ཡིད་འགུག་ནུས་པ་དང་དམག་མིའི་འགན་འཁྲི་འདུ་ཤེས་དང་གཟི་བརྗིད་འདུ་ཤེས་མཐོར་འདེགས་བཏང་ནས་དཔོན་དམག་གི་འཇིགས་པ་མེད་པའི་དཔའ་བོའི་སྙིང་སྟོབས་དང་དཔའ་ངར་ཉམས་མེད་ཀྱི་འཐབ་འཛིང་གི་སྤྱོད་སྲོལ་གསོ་སྐྱོང་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིགས་ཇེ་ལེགས་སུ་གཏོང་བ་དང་། བཀའ་ཡིག་སྲོལ་ཡིག་དང་སྒྲིག་སྲོལ་ལམ་སྲོལ་ལ་གཞིགས་ནས་དོན་དག་བསྒྲུབ་པ་དང་། ཁྲིམས་ལྟར་དམག་ཁྲིད་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། དམིགས་གཏད་ཡོད་པའི་སྒོ་ནས་བསམ་བློའི་སློབ་གསོ་ལེགས་པོ་བསྒྲུབས་ཏེ་དམག་དཔུང་གི་བརྟན་བརླིང་མཐོན་པོ་དང་གཅིག་སྡུད་གཅིག་འགྱུར་ཁག་ཐེག་བྱེད་དགོས། དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་རྩ་གནད་ལ་གཞིར་བྱས་ནས་རྒྱུན་ལྡན་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ལས་དོན་སྒྲུབ་རྒྱུ་དམ་འཛིན་བྱས་ཏེ། གཡུལ་དངོས་ཀྱི་བཀོད་འདོམས་པུའུ་དང་གཡུལ་དངོས་ཀྱི་འཐབ་འཛིང་བཙན་རྫོང་། གཡུལ་དངོས་ཀྱི་དམག་ཁྲིད་མིའི་དཔུང་ཁག་སྲ་བརྟན་དུ་དགོས། 《མུ་མཐུད་དུ་གཞི་རིམ་ལས་དོན་མཛུབ་སྟོན་དང་དོ་དམ་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་འབེབས་འགའ་ཞིག》ལག་བསྟར་དམ་འཛིན་དང་། གཞི་རིམ་དཔོན་དམག་གི་དངོས་ཡོད་དཀའ་གནད་ཐག་གཅོད་གཏོང་རྒྱུར་མཐོང་ཆེན་བྱས་ཤིང་། དཔོན་དམག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་གཞི་རིམ་ལ་ཁུར་པོ་ཇེ་ཡང་དུ་བཏང་སྟེ་གཞི་རིམ་འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས།

  གནས་བབས་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། རང་དཔེ་གཞན་སྟོན་རྒྱུན་འཁྱོངས་བྱས་ནས། རང་གཅུན་བློ་སྦྱོང་དང་དྲང་གཉེར་སྒྲིག་དམ་གྱི་ཐོག་ཏུ་འབད་བརྩོན་བྱེད་དགོས། དམག་དཔུང་ནི་དམག་དཔུང་ཡིན་པ་ངོ་གནོང་མི་དགོས་པ་ཞིག་དང་། གཙོ་གནད་ཆེ་ས་ནི་མཐོ་འབྲིང་རིམ་གྲས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཐོག་ནས་མཚོན་དགོས། དམག་དཔུང་ལས་བྱེད་པ་བཟང་པོའི་ཚད་གཞི་ནི་ཏང་ལ་བློ་དཀར་བ་དང་། འཐབ་འཛིང་རྒྱག་མཁས་པ། འགན་འཁུར་ཕོད་པ། གྲུབ་འབྲས་འབུར་ཐོན། དྲང་གཉེར་དྭངས་གཙང་བཅས་ཡིན་དགོས། ཏང་གིས་ལས་བྱེད་པ་དོ་དམ་བྱེད་རྒྱུ་དང་རྩ་འཛུགས་ཀྱིས་མི་གདམ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་རྒྱུ་རྒྱུན་འཁྱོངས་དང་མི་བཀོལ་སྤྱོད་སྲོལ་མཐའ་གཅིག་ཏུ་ལེགས་སྒྲིག་བྱས་ཤིང་། ལས་བྱེད་རུ་ཁག་དྭངས་གཙང་བྱས་ནས་དངོས་སུ་ལས་བྱེད་པ་བཟང་པོ་བདམས་པ་དང་བཀོལ་སྤྱོད་བྱེད་དགོས། ཏང་གི་རྩ་འཛུགས་ཀྱིས་འགོ་ཁྲིད་ཚན་སྡེབ་དོ་དམ་དང་ལས་བྱེད་པ་དོ་དམ་བྱེད་པའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། གཟབ་བརླིང་གི་བླང་བྱ་དང་གཟབ་བརླིང་གི་བྱེད་ཐབས། གཟབ་བརླིང་གི་སྒྲིག་ལམ་བཅས་ཀྱི་ལས་བྱེད་པ་དོ་དམ་དང་བཀག་གཅུན་བྱེད་དགོས། རིམ་པ་སོ་སོའི་དམག་ཁྲིད་མཁན་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་“ནན་གསུམ་དྲང་གསུམ་”གྱི་བླང་བྱ་ལག་བསྟར་བྱེད་པ་དང་། འགོ་ཁྲིད་དེ་དྭངས་གཙང་རང་གཅུན་བྱེད་པའི་སྐོར་གྱི་གཏན་འབེབས་སོ་སོ་བརྩི་སྲུང་བྱེད་པ། འགོ་ཁྲིད་ནས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་སྣང་བརྙན་ལེགས་པོ་བཞག་པ་དང་དཔེ་མཚོན་ལེགས་པོ་མངོན་པ་རེད། སྤྱོད་སྲོལ་འཛུགས་སྐྲུན་ནི་ནམ་ཡང་ལམ་ཐོག་ཏུ་ཡོད། “སྤྱོད་ཚུལ་བཞི་”ཡི་གནད་དོན་དང་དེའི་མཚོན་སྟངས་འགྱུར་བ་སྣ་ཚོགས་ལ་ངེས་པར་དུ་དོགས་ཟོན་ཆེན་པོ་འཛིན་དགོས་པ་དང་། མུ་མཐུད་ནས་མཐོ་གནོན་གྱི་རྣམ་པ་སྐྱོང་ཞིང་། གོམ་པ་གང་ཡང་མི་ལྷོད་བ་དང་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས། འདུ་ཤེས་ཀྱི་གཤིས་རྒྱུད་བརྟན་པོས་མུ་མཐུད་ནས་འབད་འབུངས་བྱེད་པ་དང་། སྤྱོད་སྲོལ་ལེགས་པོ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་ཆགས་པར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་དམག་དཔུང་འཛུགས་སྐྲུན་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེ་བའི་དྲང་ཕྱོགས་ཀྱི་ནུས་ཤུགས་གཅིག་བསྡུས་བྱེད་དགོས། ནུས་ཤུགས་ཆེན་པོས་སྤྱོད་སྲོལ་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་དམ་འཛིན་བྱེད་དགོས། རྒྱུན་དུ་དམ་འཛིན་དང་ཞིབ་ཏུ་དམ་འཛིན། ཡུན་རིང་དམ་འཛིན་བཅས་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ཀྱི་བསམ་བློ་དང་ཐབས་ཤེས་ཀྱིས་རུལ་རྒོལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱོད་སྲོལ་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན། ཡུན་ཕན་ཅན་དུ་ལེགས་བཅོས་བྱེད་རྒྱུ་ཁག་ཐེག་དང་། འབད་བརྩོན་ལྷོད་བ་མེད་པ་དང་རྒྱུན་འཁྱོངས་ལྷོད་བ་མེད་པའི་ཆོད་སེམས་ཀྱིས་སྤྱོད་སྲོལ་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཇེ་ཟབ་ཏུ་གཏོང་དགོས།

  དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་དམིགས་འབེན་ནི་མཉམ་དུ་འབྲེལ་བ་ཡིན་ལ་མཉམ་དུ་འདྲེས་པ་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་གཅིག་སེམས་ མཐུན་འགྲིག་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་གཏོང་ཞེས་པའི་དོན་ཆེན་འདི་ལེགས་པོ་སྒྲུབ་དགོས་པ་སྟེ། རྒྱལ་ཁབ་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་ལ། ཚོང་རའི་ནུས་པ་ཡང་འདོན་སྤེལ་ལེགས་པོ་བྱས་ནས། རྒྱུ་ཆ་ཡོངས་དང་ཁྱབ་ཁོངས་མང་བ། ཧུར་ཐག་གིས་ཕན་ནུས་མཐོ་བའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་གཏོང་གི་གནས་བབས་ཆགས་པར་བྱེད་དགོས། ཡང་དག་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། འཛུགས་སྐྲུན་གཉིས་པོ་མཐུན་འགྲིག་འཕེལ་རྒྱས་དང་དོ་མཉམ་འཕེལ་རྒྱས། མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ཡོངས་དང་དམངས་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ནུས་ཤུགས་ཆེན་པོས་དམག་གིས་མི་སེར་ལ་དགའ་བ་དང་། མི་སེར་གྱིས་དམག་ལ་བརྩི་སྲུང་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། རྒྱལ་སྲུང་གི་འདུ་ཤེས་བརྟན་པོ་འཛུགས་པ། རྡོ་ལྟར་མཁྲེགས་པའི་དམག་སྲིད་དམག་དམངས་ཀྱི་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱུང་ཆེད་ཐུན་མོང་དུ་འབད་འབུངས་བྱེད་དགོས།

  བློ་བཟང་ལྷ་མོས་བསྒྱུར།