བོད་ཀྱི་བརྩམས་ཆོས་སྐོར་ཞིག་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་རོགས་སྐྱོར་ལས་གཞིར་ཚུད།

  ཉེ་ལམ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས༢༠༡༢ལོའི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་བརྩམས་ཆོས་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། སྐལ་བཟང་ཚེ་བརྟན་དང་། འཇམ་དབྱངས་ཚེ་རིང་། མཁས་གྲུབ་ཆོས་འཕེལ་དང་ཀྲང་ཆི་སོགས་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གི་བརྩམས་ཆོས་ལས་གཞི་འདི་རུ་ཚུད་པ་རེད།

  རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་གསར་རྩོམ་རོགས་སྐྱོར་ལས་གཞི་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གསར་རྩོམ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་ཀྱི་བརྗོད་དོན་དང་མི་རིགས་ཀྱི་བློ་སྤོབས་ཁྱབ་སྤེལ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་དམིགས་སུ་བཟུང་སྟེ། ཕུལ་བྱུང་བརྩམས་ཆོས་དང་ཤེས་ཡོན་པ་མང་དུ་འབྱུང་རྒྱུ་དང་། གལ་ཆེའི་བརྩམས་ཆོས་གསར་རྩོམ་རོགས་སྐྱོར་གནང་བ། དེ་མིན་པར་སྐྲུན་དང་བགྲོ་གླེང་བཅས་རྩ་དོན་དུ་བཟུང་བ་ཡིན།༢༠༡༢ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་གཞུང་ལས་ཁང་གིས་འབྲེལ་ཡོད་མཚམས་སྦྱོར་བྱས་པའི་བརྩམས་ཆོས༣༢༧ལག་འབྱོར་བྱུང་ཞིང་། དེ་ལས་སྒྲུང་རིང༤༨དང་། སྙན་ཞུའི་རྩོམ་རིག་དང་དངོས་བྲིས་རྩོམ་རིག༢༢། སྙན་རྩོམ༧། ལྷུག་རྩོམ༩། གཞུང་ལུགས་དཔྱད་བརྗོད༨། བྱིས་པའི་རྩོམ་རིག༢། འཁྲབ་གཞུང༧། དྲ་རྒྱའི་རྩོམ་རིག༦བཅས་འདུས་ལ། ཆེད་མཁས་པའི་དཔྱད་གླེང་དང་ཧྲུའུ་ཅི་ཁྲུའུ་ཡིས་ཞིབ་བཤེར་བྱས་པར་བརྒྱུད། མཐར་བརྩམས་ཆོས་རོགས་སྐྱོར་ལས་གཞི༡༠༩གཏན་འཁེལ་གནང་།