༄༅། །ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱི་མཉམ་འཛུགས་དཔེ་སྟོན་སྡེ་བ་འཛུགས་པའི་བྱ་བ་ལས་འགྲུབ་བྱུང་བ།

 
 

111.jpg

ཧུའུ་ཀྲུའུ་རྫོང་བེས་ཡོན་གྲོང་བརྡལ་གྱི་མཉམ་འཛུགས་དཔེ་སྟོན་ཞི་ཕོ་སྡེ་བ།

ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་དང་ཧུའུ་ཀྲུའུ་རྫོང་བེས་ཡོན་གྲོང་བརྡལ་ཞི་ཕོ་སྡེ་བ་དང་མཉམ་འབྲེལ་བྱས་ནས་དཔེ་སྟོན་སྡེ་བ་བཙུགས་པའི་ཚུན་ལ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་པ་དང་།གྲོས་མཐུན་ལ་མིང་བཀོད་པ། རྩ་འཛུགས་ལག་བསྟར་བྱས་པ་སོགས་ཀྱི་རྣམ་པ་ནས་མགོ་བརྩམས་ཏེ། མྱུར་དུ་བྱ་སྤྱོད་ལངས་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིང་བའི་སྡོད་ཁང་འཛུགས་སྐྲུན། གྱང་ར་བསྐོར་བ་དང་སྒོ་ཆེན་ལེགས་བཅོས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དག་ཐེར་བྱས་པ་སོགས་ཀྱི་བྱ་བ་གལ་ཆེན་བཞི་སྒྲུབ་པ་འབུར་དུ་ཐོན་པར་བྱས་ནས། ལས་གཞི་དང་མ་དངུལ་གཉིས་མཐུན་སྦྱོར་བྱས་པ་མ་ཟད། ལས་ཁུངས་ཀྱི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ནས་མ་དངུལ་དང་དངོས་རྫས་ཞལ་འདེབས་སུ་ཕུལ་ནས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་ཁྲི་དྲུག་དངོས་འབེབས་བྱས་ཤིང་། གྲོས་ཚོགས་ཀྱི་ཅོག་ཙེ་དང་ལྐུབ་སྟེགས་སོགས་དང་། རིག་གནས་ལུས་རྩལ་དང་འཕྲོད་བསྟེན་ཐད་ཀྱི་དཔྱད་ཆས་དང་མཁོ་རྫས་སོགས་བྱིན་ཏེ། མཉམ་འཛུགས་ལས་གཞིའི་འཕེལ་རིམ་བྱ་བ་སྣ་ཚོགས་བདེ་བླག་ངང་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཏེ། མཉམ་འཛུགས་བྱ་འགུལ་སྤེལ་བའི་བྱ་བ་གཏིང་ཟབ་དུ་སྤེལ་བར་ཡར་སྐུལ་བྱས། མཉམ་འཛུགས་བྱ་འགུལ་སྤེལ་བའི་ཟླ་བདུན་གྱི་རིང་ལ། ཞི་ཕོ་སྡེ་བས་བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་ལྔ་ཁྲི་གསུམ་ལྷག་ཡོངས་འགྲུབ་བྱས་པ་དང་། དེའི་ནང་དུ་མང་ཚོགས་ཀྱིས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་གསུམ་ལྷག་བཏང་བ་དང་། མཉམ་འཛུགས་ལས་ཁུངས་ཀྱིས་མ་དངུལ་ས་ཡ་གཅིག་དང་ཁྲི་དྲུག་རོགས་སྐྱོར་བྱས་ནས། སྔོན་ཆད་ཀྱི་ས་ལམ་དང་། སྤྱོད་ཁང་། ཁང་རྙིང་སོགས་བསྒྱུར་བཀོད་བྱས་པ་དང་། བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ནས་སྡེ་བ་ཡོངས་ཀྱི་རྣམ་པ་གསར་བསྒྱུུར་བྱས།