མཚོ་ལྷོ་ཁུལ་གྱི་ལོ་ལོན་ཁྲི་ལྷག་གིས་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་པ།

  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཏན་སྒོས་ལོ་ལོན་ལ་ཁ་གསབ་རོགས་དངུལ་སྟེར་བའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་དང་རྒྱ་བསྐྱེད་དུ་གཏོང་ཆེད། ཁུལ་ཡོངས་ཀྱི་ལོ་བདུན་ཅུ་ཐམ་པ་ནས་བདུན་ཅུ་དོན་དགུའི་བར་གྱི་ལོ་ལོན་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་གོ་གཉིས་ལ་ལོ་ལོན་གྱི་ཁ་གསབ་རོགས་དངུལ་བྱིན་པ་མ་ཟད། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་མི་རེར་ཟླ་རེར་སྒོར་སུམ་ཅུ་སྟེར་བའི་རྨང་གཞིའི་སྟེང་ཁུལ་དང་རྫོང་གི་ནོར་སྲིད་ཀྱིས་མི་རེར་ཟླ་རེར་སྒོར་བཅུ་རེ་ཁ་སྣོན་བྱས་ཏེ་མི་རེར་ཟླ་རེར་སྒོར་བཞི་བཅུ་རེ་བྱིན།

  མིག་སྔར་ཁུལ་ཡོངས་སུ་ལོ་བདུན་ཅུ་ཐམ་པ་ནས་བདུན་ཅུ་དོན་དགུའི་བར་གྱི་ལོ་ལོན་རྣམས་ལ་ཁ་གསབ་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གསུམ་ཁྲི་བདུན་སྟོང་གཉིས་ལྷག་བྱིན་པ་དང་། དེའི་ཁྲོད་དུ་ཞིང་ཆེན་རིམ་པས་བྱིན་པའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་དང་ཁུལ་རིམ་པས་བྱིན་པའི་མ་དངུལ་སྒོར་འབུམ་བཞི་དང་ཁྲི་གཉིས་སྟོང་དྲུག རྫོང་རིམ་པས་བྱིན་པའི་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བདུན་ཁྲི་གསུམ་ལྷག་བཅས་ཡོད།