༄༅།།མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་མཉམ་ཞུགས་གྲོས་ཚོགས་དང་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཧོང་ཡོན་ནས་བསྡུས་པ།

        ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་མཉམ་ཞུགས་གྲོས་ཚོགས་ཐེངས་ལྔ་བ་དང་བརྗེ་རེས་ཚོགས་འདུ་དེ་ཧོང་ཡོན་རྫོང་ནས་བསྡུས་པ་དང་། གྲོས་ཚོགས་ནས་མཉམ་ཞུགས་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པའི་ཚུན་གྱི་ཞིང་སྡེའི་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པའི་བྱ་བའི་གནས་ཚུལ་སྤྱི་བསྡོམས་དང་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཞིང་སྡེའི་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་ཚན་གཙོ་སུའུ་ཉིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

  གྲོས་ཚོགས་ནས་ཞིང་ཆེན་རིམ་པའི་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པ་ཁང་སྐོར་ཞིག་ལ་མིང་བཏགས་པ་དང་ཕ་མ་ཞོར་ལས་སུ་སོང་བའི་བྱིས་པའི་བྱ་བའི་སྔོན་ཐོན་སྡེ་ཁག་དང་མི་སྒེར། ཁེ་ལས་བཅས་ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ། ཧོང་ཡོན་རྫོང་བཅས་ཀྱི་མི་སྣས་བརྗེ་རེས་གཏམ་བཤད་སྤེལ།