ཀྲུང་གོའི་ཉ་ལས་གྲུ་གཟིངས་ཨང206གྲལ་དུ་འཇུག་པ་དང་གྲུ་ཐོག་མར་གཏོང་བའི་མཛད་སྒོ་སྐོང་འཚོགས་བྱས་པ།

  སྤྱི་ཟླ12པའི་ཚེས11ཉིན་ཏུན5800ཡན་གྱི་ཀྲུང་གོའི་ཉ་ལས་གྲུ་གཟིངས་ཨང206གྲལ་དུ་འཇུག་པ་དང་གྲུ་ཐོག་མར་གཏོང་བའི་མཛད་སྒོ་དེ་ཧྲང་ཧའེ་རུ་སྐོང་འཚོགས་བྱས་པ་རེད། དེས་ཀྲུང་གོའི་ཉ་ལས་གྲུ་གཟིངས་ཨང206དངོས་སུ་ཉ་ལས་གྲུ་གཟིངས་ཀྱི་རིམ་པར་ཚུད་པ་དང་། ཀྲུང་གོའི་ཉ་ལས་གྲུ་གཟིངས་ནུས་པ་འཛུགས་སྐྱོང་ཐད་ཤུགས་སྣོན་ཆེན་པོ་ཐོབ་པ་མཚོན་གྱི་ཡོད། ཀྲུང་གོའི་ཉ་ལས་གྲུ་གཟིངས་ཨང206ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའི་ཉ་ལས་ཅུད་ཀྱི་ཤར་རྒྱ་མཚོའི་སྤྱི་ཁྱབ་རུ་ཁག་ཁོངས་སུ་གཏོགས་པ་དང་། རང་རྒྱལ་ཤར་རྒྱ་མཚོའི་མཚོ་ཁོངས་ཀྱི་མཚོ་དམག་གི་མཚོ་ཐོག་ཉ་ལས་ཐོན་སྐྱེད་དང་ཉ་ལས་ཐོན་ཁུངས་སྲུང་སྐྱོབ་དབང་སྲུང་ལས་འགན་བསྒྲུབ་ཏུ་བསྐྱོད་རྒྱུ་ཡིན་པ་རེད།

  ཀྲུང་གོའི་ཉ་ལས་གྲུ་གཟིངས་ཨང206དེ་ནི་རང་རྒྱལ་དུ་མིག་སྔར་ཏུན་མང་ཤོས་དང་ནུས་པ་སྔོན་ཐོན་གྱི་ཉ་གྲུ་ཆེ་གྲས་ཀྱི་གྲས་ཤིག་ཡིན་པ་རེད། ཉ་གྲུ་གྲལ་དུ་འཇུག་པ་དེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའི་ཉ་ལས་ཅུད་ཀྱི་དཔལ་འབྱོར་སྐོར་བསྐྱོད་ཆེད་གཏོགས་དང་མཚོ་དམག་གི་མཚོ་ཐོག་ཉ་ལས་ཐོན་སྐྱེད་དང་ཉ་ལས་ཐོན་ཁུངས་སྲུང་སྐྱོབ་དབང་སྲུང་ཁྲིམས་འཛིན་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ནུས་ལྡན་གྱི་སྒོ་ནས་ཉ་འཛིན་གྱི་ཁྲིམས་མཐུན་ཁེ་དབང་དང་ཐོན་སྐྱེད་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་དང་མཚོ་ཐོག་གི་རྒྱུན་ལྡན་ཉ་ལས་ཐོན་སྐྱེད་གོ་རིམ་སྲུང་སྐྱོང་། རྒྱལ་ཁབ་མཚོ་ཐོག་ཁེ་དབང་སྲུང་སྐྱོབ་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།