རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཡོངས་བསྒྲགས་བྱས་ནས་ལོ30འཁོར་བའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཡོངས་བསྒྲགས་བྱས་ནས་ལོ་༣༠འཁོར་བའི་བཞུགས་མོལ་ཚོགས་འདུ་དེ་སྤྱི་ཚེས11ཉིན་སྐོང་འཚོགས་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་རང་རྒྱལ་ནི་ལོ་བཅུ་བསྟུད་མར་ཤུལ་དངོས་རེ་ཞུ་ལེགས་གྲུབ་ཐུབ་པའི་རྒྱལ་ཁབ་ཉག་ཅིག་དེར་འགྱུར་བ་དང་། འཛམ་གླིང་རིམ་པའི་ཤུལ་དངོས་ཁྱོན་རྣམ་གྲངས43ཟིན་ནས་འཛམ་གླིང་གི་ཨང་གསུམ་པར་འགྱུར་བ་ཟུར་གསལ་བྱས་འདུག

  གཞན་ཡང་རང་རྒྱལ་གྱིས་ཅུང་འཐུས་སྒོ་ཚང་བའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ལམ་ལུགས་མ་ལག་བཙུགས་ཟིན་པ་དང་། སྤྱི་ལོ2012ལོར་སླེབས་སྐབས་རང་རྒྱལ་ལ་རིག་དངོས་སྲུང་སྐྱོང་ཚད་ལྡན་ཡིག་ཆ་ཁག500ལྷག་ཙམ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རིག་དངོས་སྲུང་སྐྱོང་ཚད་ལྡན་ཡིག་ཆ་དེའི་ཁྲོད་གཙོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དང་། ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོའི་སྲུང་སྐྱོང་སྲོལ་ཡིག་སོགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྡེ་ཁག་གི་སྲོལ་ཡིག་དང་། པེ་ཅིན་གྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྲོལ་ཡིག དེ་བཞིན་དྲག་ཆས་གདོང་གཏུག་ཤོར་བའི་སྐབས་རིག་ནས་རྒྱུ་ནོར་སྲུང་སྐྱོང་བྱེད་པའི་སྤྱི་ཆིངས་དང་། ཆུ་འོག་རིག་གནས་ཤུལ་རྫས་སྲུང་སྐྱོང་སྤྱི་ཆིངས་སོགས་རང་རྒྱལ་ཞུགས་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། མིང་རྟགས་བཀོད་པའི་ཕྱོགས་གཉིས་ཆོད་ཡིག་ཚུད་ཡོད་པ་རེད།