༄༅།།མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འགན་ཁུར་མི་སྣ་སྐོར་ཞིག་གིས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གནས་ཚུལ་ལ་བལྟས་པ།

  ཟླ༡༡ཚེས༨ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟི་ལིང་གི་ཀྲུའུ་ཞི་གཞོན་པ་དང་ཚོགས་གཙོ། རྒྱུན་ལས་དང་ལག་བསྟར་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པ། དེ་མིན་བཟོ་ཚོགས་ཀྱི་འགན་ཁུར་མི་སྣ་བཅས་མི་བརྒྱད་ཅུ་ལྷག་རྩ་འཛུགས་བྱས་ནས། མཉམ་གཅིག་ཏུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་མགོ་བརྩམས་པའི་གནས་ཚུལ་ལ་བལྟས།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མགོ་བརྩམས་པའི་ཐད་གཏོང་གནས་ཚུལ་མཇུག་རྫོགས་རྗེས། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་དང་པོ་མཱ་ཅི་ཞའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལ་ཉན་རྗེས་སེམས་སུ་ལྡབ་འགྱུར་གྱིས་སྐུལ་མ་ཐེབས། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་ནས། ཧུར་ཐག་འབད་བརྩོན་དང་གསར་གཏོད་གསར་སྐྲུན་བཅས་ཀྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་འཐུས་ཚབ་མི་སྣ་དང་བཟོ་ཚོང་འགན་ཁུར་མི་སྣས་སོ་སོར་གཏམ་བརྗོད་སྤེལ།