༄༅།།སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཞེ་དྲུག་འཁོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་པེ་ཅིན་ནས་བསྡུས་པ།

  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས༡༡ཉིན་གྱི་སྔ་དྲོར་པེ་ཅིན་ཀྲུང་ཧྲན་སྤྱི་གླིང་གི་ཀྲུང་ཧྲན་ཚོམས་ཁང་དུ་མཛད་སྒོ་བསྡུས་ཏེ། ཀྲུང་གོ་དམངས་གཙོ་གསར་བརྗེས་ཀྱི་རླབས་ཆེན་སྔོན་བསྐྱོད་པ་སྐུ་ཞབས་སུང་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཞེ་དྲུག་འཁོར་བར་རྗེས་དྲན་བྱས། གཟབ་ནན་བརྔམ་བརྗིད་ལྡན་པའི་ཀྲུང་ཧྲན་ཚོམས་ཁང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཀྲའོ་ཀྲོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་མཛད་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིས་བུའུ་ཝེ་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་མཛད། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལེན་ཀྲི་མིས་ཀྱིས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚབ་མཛད། པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཁྲིན་ཧུང་གིས་པེ་ཅིན་གྲོང་ཁྱེར་སྲིད་གཞུང་གི་ཚབ་མཛད་ནས་སོ་སོར་སྐུ་ཞབས་སུང་ཀྲུང་ཧྲན་གྱི་འགྱིག་བཟོས་སྐུ་གདུང་གི་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། རྗེས་དྲན་བྱ་འགུལ་ལ་ཞུགས་པའི་ལས་རིགས་སོ་སོའི་མི་སྣ་ཡོངས་ཀྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་འགྱིག་བཟོས་སྐུ་གདུང་གི་མདུན་ནས་གུས་ཕྱག་ལན་གསུམ་རེ་ཞུས།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་པུའུ་ལེ་ཐིས་ཨ་པུའུ་ཏུའུ་རེ་ཞེ་ཐིས་ཀྱིས་རྗེས་དྲན་བྱ་འགུལ་ལ་མགོ་འཛིན་བྱས། ཧོང་མིན་ཧྥུའུ་དང་ཀྲང་མེས་ཡུས། ཀྲང་རོང་མེན། ཝང་ཀྲི་ཀྲིན། ཧི་ལུའུ་ལིས། ལའོ་ཧའོ་ཚེ། ཀྲང་ཧེ་ཞི། ལིས་མིན་བཅས་རྗེས་དྲན་བྱ་འགུལ་ལ་ཞུགས།