༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པ།

        ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུ་བསྡུས་རྗེས། ས་གནས་སོ་སོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གཉིས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་ཕུལ་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། དམངས་འཐུས་ཚོགས་ཆེན་གྱི་བྱ་བ་སྔར་ལས་འཕེལ་རྒྱས་སུ་བཏང་།

  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན་། སྲིད་གཞུང་སོགས་གཞུང་སྒྲུབ་ཁང་གི་ཀྲུང་རིན་དང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ། ཁུལ་ནོར་སྲིད་ཅུའུ་སོགས་ལས་ཁུངས་ཀྱི་འགན་ཁུར་བ་རྩ་འཛུགས་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ་དང་བསྟུན་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། ལྟ་སྐུལ་གྱི་འདུ་ཤེས། འཐུས་མིའི་འདུ་ཤེས། གསར་བསྐྲུན་གྱི་འདུ་ཤེས་བཅས་བཅངས་ཏེ། བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། རྨ་ལྷོ་ཁུལ་གྱི་དམངས་འཐུས་ཚོགས་ཆེན་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་གཏན་འཁེལ་བྱས།

  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་རེ་བ་བཏོན།

  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཁུལ་ཏང་ཨུ་ལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཡར་ཞུ་བྱས་པར་མ་ཟད། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ་དང་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པའི་རེ་བ་བཏོན།

  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་ཚོགས་འདུ་སོ་སོར་བསྡུས་ནས། མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་རེ་བ་བཏོན།