༄༅།།མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་གི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་བོ་ཟི་ལིང་ནས་བསྡུས་པ།

         ༢༠༡༡ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་དང་ཀྲུང་དབྱང་ཆུ་བེད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་ཆུ་བེད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་། ཆུ་བེད་པུའུ་ཡི་གཞི་རིམ་ཀྱི་ཆུ་བེད་བྱ་བའི་ཤེས་ལྡན་མི་སྣའི་རིག་གནས་དང་ཆེད་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བཟོ་སྐྲུན་སྐོར་གྱི་བསམ་འཆར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་འཕེལ་རྒྱས་ཐད་ལ་སྟོབས་དང་ལྡན་པའི་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཆེད། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཆུ་བེད་ཐིན་གྱིས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ཅུའུ་ཀྲང་གི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས།

  ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སྟེང་ཆེད་མཁས་པས་གཅིག་སྡུད་སྒོས་སློབ་ཁྲིད་བྱེད་པ་དང་། བགྲོ་གླེང་བརྗེ་རེས་བྱེད་པ། རྟོག་ཞིབ་སློབ་སྦྱོང་བྱེད་པ། ཡུལ་དངོས་ཀྱི་སློབ་ཁྲིད། ཆེད་དོན་སློབ་སྦྱོང་དང་རྟོག་ཞིབ་སྙན་ཞུ་འབྲི་བ་སོགས་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ་གསོ་སྦྱོང་བྱས། གསོ་སྦྱོང་ནང་དོན་ལ་ལོ་ལྔའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཅོས་བསྒྱུར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་གཙོ་བོ་དང་། ཞིང་ཆེན་ཆུ་བེད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཆུ་བེད་ཐོན་ཁུངས་ལུགས་མཐུན་སྒོས་གསར་སྤེལ་དང་བེད་སྤྱོད་བྱེད་པ། ཆུ་བེད་བཟོ་སྐྲུན་དོ་དམ་བྱེད་པ། མཚོ་སྔོན་ཆུ་བེད་འཕེལ་རྒྱས་ཀྱི་འཐབ་ཇུས། ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་བཅོས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་དང་ལས་འགན་སོགས་ཡོད།