༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་འགའ་བསྐོ་འཇོག་བྱེད་རྒྱུ་གཏན་འཁེལ་བྱས་པ།

        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཞིར་བཟུང་སྟེ་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་འགའ་བསྐོ་འཇོག་བྱེད་རྒྱུ་གཏན་འཁེལ་བྱས།

  ལིག་ཏིན་ལིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡེ་མིན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཡོད་ཚད་བླངས་པ་དང་ཁྲང་ཧྭ་ཝེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡེ་མིན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོས། ཀྲང་ཀྲི་ལེང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁ་ཐ་ཨར་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཡོད་ཚད་བླངས་པ་དང་ཀོ་ཡིག་ཀྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁ་ཐ་ཨར་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོས། ཡང་ཀོང་ཡུས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཡོད་ཚད་བླངས་པ་དང་ཧུའུ་ཀྲི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོས་བསྐོས། ཀོང་ཡོན་ཞིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཡོད་ཚད་བླངས་པ་དང་ཞཱ་ཧོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོས།