༄༅།།བུའུ་པང་གོས་ཡིས་ཐང་ཅའི་མགྲོན་པོར་མཇལ་འཕྲད་གནང་བ།

 

1.jpg

ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐང་ཅའི་གྲོས་བསྡུར་དཔོན་པོ་ཧྥ་ཁ་ཧྥ་ནུའུ་ཨ་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐང་ཅའི་གྲོས་བསྡུར་དཔོན་པོ་ཧྥ་ཁ་ཧྥ་ནུའུ་ཨ་ལ་མཇལ་འཕྲད་གནང་།

བུའུ་པང་གོ་ཡིས་གསུང་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་བཞིའི་རིང་ལ་ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་རྒྱུན་ལྡན་དུ་གྱུར་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཇེ་ཟབ་ཏུ་སོང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོགས་འདེག་བཟང་བོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཅའི་རྒྱལ་བོ་ཚང་དང་སྲིད་གཞུང་། གྲོས་ཚོགས་བཅས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། ཀྲུང་གོས་ནམ་ཡིན་ཡང་ཐང་ཅ་དང་བཅས་པའི་ཞི་བདེ་རྒྱ་མཚོ་ཆེན་མོ་གླིང་རྒྱལ་ཁབ་བར་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཐང་ཅ་གཉིས་ཀྱི་བར་ལ་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མ་གཏོག་བཀག་རྡོར་གྱུར་བའི་གནད་དོན་གཅིག་ཀྱང་མེད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་གྲོས་ཚོགས། སྲིད་ཏང་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་ལ་བཏང་ནས། ཞིང་ལས་དང་ཉ་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ་ཐང་ཅའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་དོན་དངོས་མང་པོ་བསྒྲུབ་འདོད་ཡོད་ཟེར།

ཧྥ་ཁ་ཧྥ་ནུའུ་ཨ་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་དམངས་ཆེན་ལམ་ལུགས་ལ་སྔར་ལས་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཆབ་སྲིད་སྒྲིག་ལུགས་ནི་ཀྲུང་གོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་ཆབ་སྲིད་གཏན་འཇགས་ཀྱི་ཁག་ཐེག་གལ་ཆེན་ཡིན་པར་ངེས་ཤེས་རྙེད་སོང་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཐང་ཅ་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། མ་འོངས་པར་ཀྲུང་གོ་གཅིག་གི་སྲིད་ཇུས་འགྱུར་མེད་སྒོས་རྒྱུན་འཁྱོངས་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་བྱས་ཏེ། ཐང་ཅ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་རྒྱུ་ཡིན་ཟེར།