རང་རེ་ཞིང་ཆེན་གྱི་ན་ཆུང་དེང་རབས་ཅིན་ཅུས་ཟློས་གར«གཙོད»དང་མི་རིགས་གླུ་གར«གསོན་ཉམས་ལྡན་པའི་རེབ་གོང»ལ་བྱ་དགའ་ཆེན་པོ་ཐོབ་པ།

  ཞིང་ཆེན་ཡོངས་ཀྱི་རིག་གནས་བཅོས་བསྒྱུར་གོང་འཕེལ་ཚོགས་ཆེན་དགོངས་དོན་སྔར་ལས་ལྷག་པའི་དོན་འཁྱོལ་མཐར་ཕྱིན་དང་། རང་རེ་ཞིང་ཆེན་གྱི་རིག་གནས་དར་རྒྱས་གོང་འཕེལ་དང་རིག་གནས་ལྡན་པའི་མིང་གྲགས་ཅན་གྱི་ཞིང་ཆེན་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཆེད་རང་རེ་ཞིང་ཆེན་གྱིས་ན་ཆུང་ཅིན་ཅུས་ཟློས་གར«གཙོད»ལ་བྱ་དགའ་སྒོར་ཁྲི100དང་། མི་རིགས་གླུ་གར«གསོན་ཉམས་ལྡན་པའི་རེབ་གོང»ལ་བྱ་དགའ་སྒོར་ཁྲི30གནང་བར་གཏན་འཁེལ་བྱས།

  ན་ཆུང་ཅིན་ཅུས་ཟློས་གར«གཙོད»ལ2011ལོར2009ནས2010ལོའི་བར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་སྤུས་ལེགས་བཟོ་འགོད་རོགས་དངུལ་སྤྲོད་པའི་འཁྲབ་ཚན་བཟོ་འགོད་དུ་ཞུགས་ཐུབ་པ་ནས་བཟུང་། ད་ལོར་ཡང2009ནས2010ལོའི་བར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་སྤུས་ལེགས་བཟོ་འགོད་རོགས་དངུལ་སྤྲོད་པའི་འཁྲབ་ཚན་བཟོ་འགོད་གལ་ཆེན་དུ་ཞུགས་ཐུབ་པ་བྱུང་། 2007ལོར་ནས་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་། «གཙོད»ནི་རྒྱལ་ཡོངས་ས་གནས་སོ་སོར་བསྟུད་མར་སྐོར་འཁྲབ་ཐེངས500ལྷག་བྱས་པ་དང་། སྒྱུ་རྩལ་གྱི་བྱ་དགའ་མང་པོ་ཐོབ་མྱོང་། རྨ་ལྷོ་ཁུལ་གྱིས་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་མི་རིགས་གླུ་གར«གསོན་ཉམས་ལྡན་པའི་རེབ་གོང»2009ནས2010ལོའི་བར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་སྤུས་ལེགས་བཟོ་འགོད་རོགས་དངུལ་སྤྲོད་པའི་འཁྲབ་ཚན་རྣམ་གྲངས་ནང་ཞུགས་ཐུབ་བྱུང་བ་དེས་རང་རེ་ཞིང་ཆེན་གྱི་འཁྲབ་ཚན་དེ་རིམ་པ་རྒྱལ་ཁབ་རིམ་པའི་གར་སྟེགས་སྒྱུ་རྩལ་སྤུས་ལེགས་བཟོ་འགོད་དུ་ཞུགས་ཐུབ་པ་མངོན་འགྱུར་བྱུང་ཡོད།  རྒྱུས་ལོན་བྱུང་བ་ལྟར་ན«གསོན་ཉམས་ལྡན་པའི་རེབ་གོང»འཁྲབ་སྟོན་བྱས་པ་ནས་བཟུང་། ལྟད་མོ་བའི་བསྔགས་བརྗོད་བཟང་པོ་ཞིག་ཐོབ་པ་དང་ཆབས་ཅིག་རང་རེ་ཞིང་ཆེན་རིག་གནས་ཀྱི་ཞིང་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད།

  (ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་།)

ལོ་ཙཱ་བ། གཡང་སྐྱིད།