༄༅།།མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

        ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་བློ་མཐུན་སུའུ་ཉིན་གྱི་མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོར་གྱི་མཛུབ་སྟོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པ་དང་། བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་དྲུག་གིས་རང་སོ་སོས་འགྲོ་གྲོན་ཞིབ་བཤེར་ལྟ་སྐུལ་བྱ་བ་བསྒྲུབས་པའི་ཉམས་མྱོང་དང་བྱེད་ཐབས། གྲུབ་འབྲས་བཅས་མཚམས་སྦྱོར་བྱས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་ལྟ་སྐུལ་བྱ་བ་ཕྱོགས་ཡོངས་ནས་བསྒྲུབ་པའི་ཐད་ལ་རེ་བ་བཏོན།

  ཚོགས་ཐོག་ནས་བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བར་ཤུགས་སྣོན་པ་ནི་དུས་ཡུན་རིང་བའི་ལས་འགན་ཞིག་ཡིན་པས། བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བའི་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བར་ཤུགས་སྣོན་པ་དེ་བཟོ་ཚོགས་ཡོངས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློའི་སྟེང་ནས་དེར་མཐོར་ཆེན་བྱེད་པ་དང་། རྩ་འཛུགས་སྟེང་ནས་དེ་གཙིགས་འཛིན་བྱེད་པ། ལམ་ལུགས་སྟེང་ནས་དེར་ཁག་ཐེག་བྱེད་པ། བྱ་བའི་ཐད་ནས་དེར་རྒྱབ་སྐྱོར་བཅས་བྱས་ཏེ། བཟོ་ཚོགས་འགྲོ་གྲོན་ཞིབ་བཤེར་བྱ་བར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན།