༄༅།།བུའུ་དབྱི་ཏི་ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

      ཚེས་ཉེར་བཞིའི་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་བུའུ་དབྱི་ཏི་ཡིས་ཞིང་ཆེན་དམག་ཁུལ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོེས་རིགས་རང་སྐྱོང་རྫོང་གི་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་པའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

  བུའུ་དབྱི་ཏི་སོགས་ཐོག་མར་ཆིན་ཧྲི་ཙོས་གྲོང་བརྡལ་དུ་ཐོན་ནས། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་པའི་བྱ་འགུལ་སྤེལ་བའི་གནས་ཚུལ་གྱི་པར་རིས་འགྲེམ་སྟོན་ལ་བལྟས། གྲོང་བརྡལ་གྱི་མགོ་ཁྲིད་པར་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཞིབ་འདྲི་བྱས་པ་དང་། གྲོང་བརྡལ་ཏང་ཨུས་བྱ་བའི་ཡར་ཞུ་བྱས་པར་ཉན། བུའུ་དབྱི་ཏི་ཡིས་བསྟན་དོན། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་བ་འཛུགས་པའི་བྱ་འགུལ་སྤེལ་བའི་ཚུན་ལ། དམག་དང་ས་གནས་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་འོག་གྲུབ་འབྲས་མངོན་གསལ་བླངས། ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། སྡེ་བ་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་ཐད་ལ་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཞིང་། རྒྱ་ཆེའི་མང་ཚོགས་ལ་དོན་དངོས་ཀྱི་ཁེ་ཕན་ཐོབ།

  ཆིན་ཧྲི་ཙོས་སྡེ་བར་ཐོན་རྗེས་བུའུ་དབྱི་ཏི་སྡེ་དམངས་ཀྱི་ཁྱིམ་དུ་སོང་ནས། ཁྱིམ་ཚང་དེའི་ཡོང་སྒོ་དང་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཞིབ་འདྲི་བྱས་པ་དང་། ཉི་འོད་ནུས་པའི་ཆུ་འཁོལ་བཀོལ་བའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས། སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཐོན་ནས་བུའུ་དབྱི་ཏི་ཡིས་ནན་ཏན་གྱིས་ཏང་ཀྲི་པུའུ་འཛུགས་སྐྲུན་བྱེད་པའི་དཔྱད་གཞི་ཡིགས་རིགས་ལ་ཀློག་པ་དང་། ཏང་ཀྲི་པུའུ་ཡིས་བཏོན་པའི་ནུས་པར་རྒྱུས་ལོན་བྱས་རྗེས། ཁོས་སྡེ་བའི་ཏང་ཀྲི་པུའུ་ཡིས་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ་སྡེ་དམངས་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད་དགོས་པའི་རེ་བ་བཏོན།