༄༅།།༢༠༡༣ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་བསྒྲུབ་མགོ་བརྩམས་པ།

  5.jpg

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་ཡུལ་དངོས།

  ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། ༢༠༡༣ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་2013ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།

  མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ། ཞིང་ཆེན་སྦྲག་སྲིད་ཀུང་ཟི། ཟི་ལིང་ས་ཁུལ་གྱི་གསར་འགྱུར་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།

  ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་བང་ཞང་མེན་གྱིས༢༠༡༣ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན། ཁོས་བཤད་རྒྱུར། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ནི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་དང་མི་དམངས་ཀྱི་མགྲིན་ཚབ་ཡིན་པར་མ་ཟད། ཏང་གི་བསམ་བློའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱ་བར་མཛུབ་སྟོན་བྱེད་པར་མེད་དུ་མི་རུང་བའི་བྱེད་ཐབས་ཤིག་ཡིན་ལ། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའང་ཡིན། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱིས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་པ། བསམ་པའི་སྒུལ་ཤུགས་སྟོབས་དང་ལྡན་པ་འདོན་སྤྲོད་བྱེད་པ། བསམ་བློའི་འགན་སྲུང་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེན་འཁུར་ཡོད། མི་འགྱང་བར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྡུ་རྒྱུ་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག དེ་ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་ནི་རིམ་པ་སོ་སོའི་ཏང་ཨུའི་ད་ལོའི་ལོ་མཇུག་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་འགན་གལ་ཆེན་ཞིག་ཡིན་པས། ༢༠༡༣ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།